དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་། ༢༠༢༥།༠༣།༢༩ | དབུས་སྐད་ལས་རིམ།

1 year ago

༢༠༢༥ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༩ ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས། - རྡ་ས་ཉིན་བདེ་ཀྱི་ལས་ཚེན་ནང་། བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་དང་ལྷན་དུ་ད་ལྟའི་ཚོགས་གཞིན་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༥ དང་ ༢༦ ལོའི་སྔོན་རྩིས་གཏན་འབེབས་དང་འབྲེལ་བའི་སྐོར་གསར་འགོད་པ་བདེ་ཆེན་དབང་མོས་གླེང་མོལ་ཞུ་ས་པ་ཞིག་ལ་གསན་རོགས། - དབྱིན་ཡུལ་གྱི་མངའ་ཁོངས་སིཀོཊ་ལེནཌི་ (Scotland) གྱི་སིཊར་ལིངྒ་ (Stirling) གཙུག་ལག་སློབ་ཆེན་དུ་གྲངས་ཉུང་མི་རིགས་དང་གདོད་མའི་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་འདུ་ཞིག་ཕྱི་ཟླ་ ༣ ཚེས་ ༥ ནས་ ༧ བར་ཚོགས་པའི་ཐོག་མཁས་པའི་འདུ་ཚོགས་སར་བོད་དང་བཙན་གནོན་འོག་གི་མི་རིཊ་ཀྱི་གོ་ལའི་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ཚེ་རིང་པ་སངས་ལགས་ཀྱིས་"བོད་ཀྱི་ས་ཆའི་ཐོབ་ཐང་"སྐོར་གསུང་མོལ་གནང་སྟེ། “ཕྱི་ལོ་ ༡༩༥༠ ནས་བཟུང་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་འགལ་”བཙན་བཟུང་བྱས་པའི་གནས་ཚུལ་གསལ་བཤད་གནང་ཡོད་ཅིང་། ཚོགས་འདུ་དེའི་ཐོག་རྒྱལ་སྤྱིའི་ནང་གི་ཁྲིམས་རྩོད་པ་དང་། ཆེད་ལས་རང་བཞིན་གྱི་མཁས་པ། ལས་འགུལ་བ། སྤྱི་ཚོགས་འགོ་ཁྲིད། དེ་བཞིན་ཨེ་ཤི་ཡ་དང་། ཨ་ཕྷི་རི་ཀ། ཨ་མེ་རི་ཀ། ཨིན་ཡུལ། ཡུ་རོབ་ནས་ཕེབས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་བཅས་ཀྱིས་མཉམ་ཞུགས་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཚོགས་འདུའི་གལ་གནད་དང་བོད་དོན་གླེང་སློང་ཇི་བྱུང་སོགས་ཀྱི་ཐད་བོད་དང་བཙན་གནོན་འོག་གི་མི་རིཊ་ཀྱི་གོ་ལའི་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ཚེ་རིང་པ་སངས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།། Tibetan Ukay Daily Morning Program - Top Headlines for Mar. 29, 2025: - interview about regarding the Tibet parliment budget approval for the Tibetan government's departments and affiliated organizations for the fiscal years 2025 and 2026. - Tsering Passang, Global Alliance for Tibet & Persecuted Minorities—GATPM speaks on “Land Rights in Tibet," highlighting how Tibet has remained under “illegal occupation by the People’s Republic of China (PRC) since 1950” at the University of Stirling in Scotland, at the intellectual community gathering, participating in the “Challenges and the Future of Minority and Indigenous Rights Protection Conference (5–7 March 2025). Engaging with lawyers, interdisciplinary scholars, activists, community leaders, and human rights advocates (from Asia, Africa, the Americas, the UK, and Europe). An interview to discuss the GATPM President’s perspective. Hosted on Acast. See acast.com/privacy (https://acast.com/privacy) for more information. Episode link: https://play.headliner.app/episode/26347160?utm_source=youtube
Watch on YouTube