བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༡༡།༢༣ Tibet TV Daily News– Nov. 23, 2026
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཞབས་ལོ་ ༢༠ ལོན་རྗེས་བགྲེས་ཡོལ་ཕེབས་པ་རྣམས་ལ་མཇལ་ཁ་སྩལ་བ།
◆ དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཆེད་ཕེབས་ཀྱིས། གྲོས་ཚོགས་ཀྱི་ཚོགས་གཙོ་དང་བློན་ཆེན། གྲོས་ཚོགས་འཐུས་མི་སོགས་དང་མཇལ་འཕྲད་གནང་བ།
◆ དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་རྟ་དབང་གནས་སྐོར་ཞེས་པའི་བོད་དོན་གོ་རྟོགས་ལས་འགུལ་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བ།
◆ ཐའེ་ཝན་དུ་བསྐོང་ཚོགས་གནང་བའི་གངས་ལྗོངས་གླེང་སྟེགས་ཞེས་པའི་བགྲོ་གླེང་ཚོགས་འདུའི་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེའི་ཉེན་ཚབས་གསལ་འདོན་གནང་བ།
#dalailama#TibetansforTibet #centraltibetanadministration #dailynews #tibettv#TibetMatters#TibetanIdentity





