ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༤ ཉིན་རྒྱ་ནག་གི་གེའུ་ཀྲུའུ་ GuiZhou ཞིང་ཆེན་གྱི་ཨན་སྲིན་ Anshun གྲོང་ཁྱེར་ནང་འཚོགས་པའི་ MMA ཁུར་འཛིང་འགྲན་བསྡུར་ཁྲོད། བོད་ནག་ཆུ་ནས་ཡིན་པའི་བེུད་ཁུར་འཛིང་རྩེད་འགྲན་པ་ཀུན་བཟང་ཆོས་སྒྲོན་ལགས་ཀྱིས་ཨི་རག་ Iraq རྒྱལ་ཁབ་ཀྱི་རྩེད་འགྲན་པའི་ཐོག་ལ་རྒྱལ་ཁ་བླངས་ཏེ་གསེར་གྱི་སྐེ་རེགས་ཀྱི་བྱ་དགའ་ཐོབ་འདུག དེ་ནི་རྒྱ་ནག་གི་ཁུར་འཛིང་རྩེད་འགྲན་ནང་བོད་པའི་བུད་མེད་ཅིག་ལ་གསེར་གྱི་སྐེ་རགས་ཐོབ་པ་ཐོག་མ་དེ་ཆགས་ཀྱི་འདུག ཐེངས་འདིའི་འགྲན་བསྡུར་ནི་ལྗིད་ཚད་ཀི་ལོ་ ༦༠ ཡིན་པ་དང་། བོད་ཀྱི་བུད་མེད་རྩེད་འགྲན་པ་ཞིག་ལ་གསེར་གྱི་སྐེ་རེགས་ཐོབ་པ་ཐོག་མ་ཡིན་སྟབས། བོད་ས་ཁྱོན་ཡོངས་ཀྱི་བོད་མི་ཚོས་ཧ་ཅང་དགའ་ཚོར་གྱི་རྣམ་པ་བསྟན་པའི་ཁྲོད། བོད་པ་ཁྲི་སྟོང་མང་པོའི་དྲ་ལམ་ནས་དགའ་བསུའི་རྟེན་འབྲེལ་ཞུ་བཞིན་འདུག ཀུན་བཟང་ཆོས་སྒྲོན་ལགས་ནི་ད་ལྟ་རང་ལོ་ ༢༢ ཡིན་པ་དང་། ཁོང་མགོན་པོ་དྲག་རྩལ་ཁང་གི་སློབ་མ་རེད་འདུག ཁོ་མོའི་འགྲན་ཡ་ནི་ལོ་ ༣༦ ཡིན་པའི་ Iraq གི་རྩེད་འགྲན་པ་ཞིག་རེད་འདུག ཀུན་བཟང་ཆོས་སྒྲོན་ལགས་ཕྱི་ཚེས ༢༧ ཉིན་ཕ་ཡུལ་དུ་འབྱོར་སྐབས། ཁོང་གི་ནང་མི་ཉེ་འབྲེལ་དང་། ས་གནས་བོད་མིའི་འགོ་ཁྲིད་སོགས་ཀྱིས་དཀར་གཙང་མཇལ་དར་དང་དགའ་བསུའི་འཕྲེད་དར་བསྣམས་པའི་ཐོག་ནས་བསུ་བ་གཟབ་རྒྱས་ཞུས་འདུག སྔ་ལོ་རྒྱ་ནག་གི་ཧྲན་ཞིས་ Shanxi མངའ་ཁུལ་གྱི་ JCK ཁུར་འཛིང་གར་སྟེགས་ཆེན་མོའི་ཐོག་བོད་མདོ་སྨད་རྔ་བ་ནས་ཡིན་པའི་ཁུར་འཛིང་རྩེད་འགྲན་པ་གྲགས་ཅན་ཚེ་དབང་ལགས་དང་། ཡུ་གུར་གྱི་ཁུར་འཛིང་རྩེད་འགྲན་པ་གྲགས་ཆེན་ན་ཨར་ཐེ་གཉིས་ནས་རྒྱ་སྒོར་ཁྲི་བརྒྱའི་བྱ་དགའ་ཡོད་པའི་འགྲན་བསྡུར་ཆེན་པོ་ཞིག་གནང་ཡོད་ཡོད་པ་དང་། སྐབས་དེར་བོད་པའི་རྩེད་འགྲན་པ་ཚེ་དབང་ལགས་འགྲན་ཐེངས་ལྔ་ཡོངས་སུ་ཕམ་རྗེས་ཡུ་གུར་བ་ན་ཨར་ཐེ་ལ་རྒྱལ་ཁ་ཐོབ་ཡོད་པ་རེད། དེ་བཞིན་ཁུར་འཛིང་པ་གྲགས་ཅན་པདྨ་མ་རྡོ་རྗེ་ལགས་ཀྱིས་ WMC ཁུར་འཛིང་པ་གྲགས་ཅན་ DANIAL WILLIAMS ལགས་དང་འགྲན་བསྡུར་གནང་རྗེས་ཁོང་ལ་ཕམ་ཁ་བྱུང་ཡོན་ནའང་བོད་ཕྱི་ནང་གཉིས་ནས་ཁོང་ལ་བསྟོད་བསྔགས་ཆེན་པོ་ཐོབ་ཡོད་པ་རེད། དེ་བཞིན་ཟླ་བ་འདིའི་ནང་བོད་ཀྱི་ཁུར་འཛིང་པ་གྲགས་ཅན་བསོད་ནམས་དར་རྒྱས་ལགས་ཀྱི་ UFC འགྲན་བསྡུར་ནང་མཉམ་ཞུགས་གནང་ཡོད་པ་དང་། སྐར་མ་གཅིག་གི་མང་ཉུང་གིས་ཁོང་ལ་ཕམ་ཉེས་བྱུང་ཡོད་ནའང་བོད་མི་ཚོས་ཁོང་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་པ་མ་ཟད། བོད་པའི་ཁུར་འཛིང་པ་གྲགས་ཅན་གཡུ་སྒྲ། […]
The post བོད་ཀྱི་བུད་མེད་ཀུན་བཟང་ཆོས་སྒྲོན་ལགས་ལ་ MMA ཁུར་འཛིང་འགྲན་བསྡུར་ཁྲོད་གསེར་གྱི་སྐེ་རགས་ཐོབ་འདུག appeared first on vot.





