བོད་ནི་རྒྱ་གར་གྱི་བདེ་སྲུང་གནད་དོན་གཙོ་བོ་དེ་ཡིན་པའི་ངོས་འཛིན།

1 month ago

བོད་ནི་རྒྱ་གར་གྱི་བདེ་སྲུང་གནད་དོན་གཙོ་བོ་ཡིན་པར་རྒྱ་གར་གྱི་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག བོད་དོན་ལས་འགུལ་ཁང་ (Tibet Action Institute) དང་། ཨེ་ཤེ་ཡ་འཐབ་བྱུས་གླེང་སྟེགས་ (Asia Strategic Forum)། སྲིད་བྱུས་བློ་འདྲི་ལས་ཁུངས་ (Closed Door Policy Consulting) བཅས་བསྟི་གནས་ཁང་གསུམ་གྱིས་ཐུན་མོང་ཐོག་གོ་སྒྲིག་གནང་བའི་འོག རྒྱ་གར་གྱི་སྲིད་བྱུས་ཉམས་ཞིབ་ཁང་ངམ། བློ་འདྲི་བསྟི་གནས་ཁང་ཆེ་ཁག་བདུན་ཙམ་ནས་ཆེད་ལས་མི་སྣ་ ༩ ལྷག་གདན་ཞུས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགོ་ཁྲིད་དང་ཉམས་ཞིབ་པ་རྣམས་ལྷན་འཛོམས་གནང་ཡོད་པ་རེད། ཁོང་རྣམ་པས་བོད་དོན་དང་རྒྱ་དཀར་ནག་གི་འབྲེལ་བ། ས་ཁམས་ཆབ་སྲིད་དང་ས་ཁུལ་གྱི་བདེ་འཇགས་སོགས་གནད་དོན་མང་པོའི་ཐོག་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་གནང་ཡོད་པ་མ་ཟད། མ་འོངས་པར་ལས་དོན་མཉམ་འབྲེལ་བྱེད་ཕྱོགས་སྐོར་གྱི་གལ་ཆེའི་ཚོགས་འདུ་ཞིག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཆོས་ནོར་གསོལ་མགྲོན་ཁང་དུ་འཚོགས་ཡོད་ཅིང་། སྐབས་དེར་རྒྱ་གར་གྱི་ཉམས་ཞིབ་པ་ཚོས་བོད་དོན་འདི་ཉིད་རྒྱ་གར་གྱི་རྒྱལ་སྲུང་དང་ཕྱི་སྲིད་ཐད་ཀྱི་དོ་སྣང་བྱེད་ཡུལ་གཙོ་བོ་ཞིག་ཏུ་ངོས་འཛིན་གནང་བ་དང་ཆབས་ཅིག ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དང་། ཡང་སྲིད་ངོས་འཛིན་ལ་ཐེ་བྱུས། ཁོར་ཡུག་གཏོར་སྐྱོན་སོགས་ལ་སྐྱོན་བརྗོད་ནན་པོ་གནང་འདུག །
Watch on YouTube