བོད་མཐོ་སྒང་ཏུ་ས་ཡོམ་གྱི་གནོད་འཚེའི་ཉེན་ཁ་ཇི་ཡོད།

1 year ago

ཟླ་ ༡ ཚེས་ ༧ ་ཉིན་བོད་ཀྱི་ གཞིས་ཀ་རྩེ་ཁུལ་གྱི་་ དིང་རི་རྫོང་དུ་ས་ཡོམ་འགུལ་ཚད་ཤུགས་ཆེན་བྱུང་ནས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་རེད། ས་ཡོམ་བྱུང་གི་གནོད་འཚེ་བྱུང་བའི་གནས་ཚུལ་དང་། དེ་བཞིན་བོད་མིའི་སྒྲིག་དང་། རྒྱལ་སྤྱིའི་ཚོགས་ཀྱིས་གདུང་སེམས་བསྐྱེད་གནང་ཡོད་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་གནོད་འཛེ་ཕོག་པ་རྣམ་པ་རོགས་རམ་དང་། བསྔོ་སྨོན་གནང་བཞིན་པ་སོགས་ཀྱི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་དུ་གསན་གཟིགས་གནང་པ་རེད། དེ་རིང་གི་གླེང་མོལ་གྱིུ་ལེ་ཚན་ནང་། བོད་མཐོ་སྒང་གི་ས་བབ་ཆགས་ཚུལ་དང་། ས་ཡོམ་གྱི་གནོད་འཚེའི་ཉེན་ཁ་ཅི་ཡོད་། དིང་རི་ས་གནས་གི་སྡོད་ཁང་འཛུགས་སྐྲུན་དང་གནས་བབ་སོགས། དེ་བཞིན་རྒྱ་ནག་གཞུང་གིས་ས་ཡོམ་གྱི་གནོད་འཚེ་དང་། རོགས་སྐྱོར་སྐོར་ཕྱི་ཕྱི་དྲིལ་བྱེད་སྟངས་དང་། ས་གནས་མི་མང་ལ་ཕྱི་ཕྱོགས་ལ་གནས་ཚུལམཁོ་སྤྲོད་བྱེད་རྒྱུར་བཀག་འགོག་བྱེད་བཞིན་སོགས་ཀྱི་ཐད། ལོ་གཅིག་གི་སྔོན་ལ་དིང་རུ་ས་ཁུལ་དུ་ དངོས་སུ་བསྐྱོད་མྱོང་ས་ཁུལ་གྱི་གནས་བབ་ཞིབ་འཇུག་གནང་མཁན ་ཨ་རིའི་ Princeton མཐོ་སློབ་གྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་བཞིན་པ། ས་ཁམས་རིག་པའི་སྐོར་ལ་ཆེད་མཁས་པ་ཤ་བ་ཚེ་རིང་དབང་རྒྱལ་ལགས་དང་། རྒྱལ་སྤྱིའི་བོད་ལས་འགུལ་ཁང་གི་ཉམས་ཞིབ་པ་ བསྟན་འཛིན་ནོར་རྒྱས་ལགས་དང་མཉམ་དུ་གླེང་མོལ་མཉམ་དུ་གླེང་མོལ་ཞུས་ཡོད Host: Palden Gyal Producer: Passang Dhonden། བོད་སྐད་སྡེ་ཚན། Service web: http://www.rfa.org/tibetan/ Subscribe: http://bit.ly/29XoS4k Youtube: https://www.youtube.com/user/RFATibetan facebook: https://www.facebook.com/rfa.tibetan twitter: https://twitter.com/rfatibet soundcloud: https://soundcloud.com/rfatibetan podcast: http://www.rfa.org/tibetan/podcasts/
Watch on YouTube