ཚོགས་པ་གསུམ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
ཕྱི་ལོ་༢༠༢༥ ཟླ་༩ ཚེས་༡༠ ཉིན་གྱི་སྔ་དྲོར། ལྷོ་ཁའི་སྐྱིད་སྡུག་ཚོགས་པ་དང་ཨི་ཐ་ཁའི་རྣམ་རྒྱལ་གྲྭ་ཚང་གི་ནང་ཆོས་སློབ་གཉེར་ཁང་། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་བཅས་ཚོགས་པ་ཁག་གསུམ་གྱིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།





