Slovakia སོ་ལོ་ཝ་ཀི་ཡཱའི་རྒྱལ་ཁབ་ཀྱི་གསར་འགྱུར་བརྒྱུད་ལམ་ནང་དུ་རྒྱ་ནག་གི་དྲིལ་བསྒྲགས་ཤུགས་ཆེ་མངོན་གསལ་ཐེར་འདོན་དང་འབྲེལ། ཚགས་ཤོག་དང་དུས་དེབ། དྲ་ཚིགས་སོགས་ཀྱི་ནང་དུའང་དེ་འབྲེལ་དྲིལ་བསྒྲགས་དང་གནས་ཚུལ་རྫུན་མ་ཁྱབ་སྤེལ་ཙམ་མ་ཟད། ཤུགས་རྐྱེན་ཆེ་བའི་མི་སྣ་དང་གསར་འགོད་པ་སོགས་རྒྱ་ནག་ནང་དུ་འཁྲིད་དེ་བཟང་ཕྱོགས་ཀྱི་རྣམ་པ་འདོན་ཐབས་བྱེད་བཞིན་པ་མངོན་གསལ་གནང་འདུག དེ་ཡང་ Reporters Without Borders (RSF) འམ་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ Slovak Daily སོ་ལོ་ཝཀ་ཉེན་རེའི་གསར་ཤོག་ཐོག་ Denník N བརྒྱུད་ལམ་གྱིས་སོ་ལོ་ཝ་ཀི་ཡའི་ནང་རྒྱ་ནག་གི་དྲིལ་བསྒྲགས་སྤེལ་ཕྱོགས་དང་འབྲེལ་བའི་སྐོར་ལ་རྩོམ་སྤེལ་བ་ལུང་འདྲེན་གྱིས་གནས་ཚུལ་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་པ་དང་བརྒྱུད་ལམ། དུས་དེབ་ཁག་གི་སྤྱི་ཁྱབ་རྩོམ་སྒྲིག་པ། དེ་བཞིན་གསར་འགོད་པ་སོགས་ལ་རྒྱ་ནག་གིས་འཐབ་བྱུས་ལྡན་པའི་ཐོག་ནས་དངུལ་དང་འབྲེལ་ལམ། དེ་བཞིན་མཉམ་ལས་བྱ་ཐབས་ཀྱི་གནད་དོན་འོག་རྒྱ་ནག་གི་དྲིལ་བསྒྲགས་ཤུགས་ཆེ་མངོན་རྒྱུ་ཡོད་བརྗོད་འདུག རྩོམ་ཡིག་དེའི་ནང་དེ་སྔོན་ཕྱི་ལོ་ ༢༠༠༨ ནས་ ༢༠༡༠ བར་ Slovak Television (STV) འམ་སོ་ལོ་ཝཀ་བརྙན་འཕྲིན་གྱི་འགན་འཛིན་བྱས་མྱོང་མཁན་ Štefan Nižňanský ཡིས་ཡུལ་དེ་གའི་ Extra Plus ཞེས་པའི་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་པའི་དུས་དེབ་དེའི་ཐོག རྒྱ་ནག་གཞུང་འབྲེལ་གནས་ཚུལ་མཁོ་སྤྲོད་བརྒྱུད་ལམ་ CCTV+ ཞེས་པ་དེར་རྒྱ་ནག་གི་དྲིལ་བསྒྲགས་མེད་ཅེས་བཤད་ཡོད་པ་ལུང་འདྲེན་གྱིས། དེ་ཡང་དེ་སྔོན་ཁོང་རྒྱ་ནག་ལ་བདུན་ཕྲག་གཅིག་ཙམ་ཕྱིན་སྐབས་ཀྱི་མྱོང་ཚོར་དང་འབྲེལ་ནས་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ལ་གཞིགས་ཏེ། སོ་ལོ་ཝ་ཀི་ཡ་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྒྱུད་ལམ་གཙོ་གྲས་ཚོས་རང་དབང་ལྡན་པའི་ཐོག་ནས་གནས་ཚུལ་འགོད་སྤེལ་ཇི་ལྟར་བྱེད་དགོས་མིན་ཤེས་དགོས་སྐོར་དང་། དེ་བཞིན་རྒྱ་ནག་གི་བརྒྱུད་ལམ་ཐོག་གནས་ཚུལ་བཤད་མཁན་རྣམས་བདེན་པར་རྩ་འཛིན་དང་དྲི་བ་གཏོང་སྐབས་སྐབས་དོན་དང་འབྲེལ་བ་ཡོད་པ། ལྷག་པར་འགྲེལ་བཤད་གང་ཡང་མེད། བར་འཚང་མི་བྱེད་པ། རང་ཉིད་ཀྱི་བསམ་ཚུལ་འདོན་གྱི་མེད་པ། དྲིལ་བསྒྲགས་ཀྱང་བྱེད་ཀྱི་མེད་ལུགས་སོགས་བཤད་ཡོད་པ་བཀོད་འདུག འོན་ཀྱང་ Štefan Nižňanský རྒྱ་ནག་ནང་དུ་ཕྱིན་པ་དེའི་འགྲོ་གྲོན་ཇི་འདྲ་ཡིན་མིན་ཐད་བཀའ་འདྲི་ཞུས་འདུག་པར་ Extra Plus དུས་དེབ་ཀྱི་ངོས་ནས་ལན་འདེབས་གང་ཡང་བྱེད་མེད་པ་རེད་འདུག དེ་བཞིན་ Extra […]
The post སོ་ལོ་ཝ་ཀི་ཡཱའི་བརྒྱུད་ལམ་ཁག་གི་ནང་དུ་རྒྱ་ནག་གི་དྲིལ་བསྒྲགས་མངོན་གསལ། appeared first on vot.





