ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན། ༢༠༢༥།༠༢།༡༥ RFA Tibetan TV Program- February 15, 2025
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་མང་ཚོགས་ལ་མཇལ་ཁ་སྩལ་གནང་པ་དང་། རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་ (Bandi Sanjay Kumar) དང་ཀར་ཎ་ཊ་ཀ་མངའ་སྡེའི་ནང་སྲིད་བློན་ཆེན་རྣམ་གཉིས་ལ་མཇལ་ཁ་སྩལ་ཡོད་པ་རེད།
སྲིད་འཛིན་ཊམཔ་དང་སྲིད་བློན་མོ་དྷི་རྣམ་གཉིས་ཀྱིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་བདེ་འཇགས་ཐོག་ལ་མདུན་སྐྱོད་རང་བཞིན་གྱི་མཉམ་ལས་གནང་རྒྱུར་མོས་མཐུན་གནང་ཡོད་པ།
སུད་སི་གཞུང་གིས་སུད་སི་གནས་སྡོད་བོད་མི་དང་ཡུ་གུར་བའི་ཐོག་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱེད་ཀྱི་ཡོད་པའི་ཐད་གཞུང་འབྲེལ་གྱི་སྙན་ཐོ་བཏོན་འདུག་ཀྱང་། རྒྱ་ནག་གཞུང་གིས་འདི་ནི་རྒྱལ་ནང་གི་གནད་དོན་ཡིན་པ་བརྗོད་འདུག
ཉེ་ལམ་དགོངས་པ་རྫོགས་པའི་༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ཟླ་བ་འདིའི་ཚེས་ ༨ ཉིན་དགོངས་པ་རྫོགས་ཡོད་པ་ལྟར། ཟླ་བ་གསུམ་ཙམ་གྱི་གོང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁོང་གི་སྐུ་ཚེ་ནང་གི་བཅར་འདྲི་མཐའ་མ་གནང་པ་འདི་རྒྱང་བསྲིངས་ཞུ་རྒྱུ་ཡོད། RFA Tibetan TV Program- February 15, 2025
Anchor: Tashi Wangchuk
Producer: Passang Dhonden
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན། ༢༠༢༥།༠༢།༡༥ RFA Tibetan TV Program- February 15, 2025
--------
བོད་སྐད་སྡེ་ཚན། Service web: http://www.rfa.org/tibetan/
Subscribe: http://bit.ly/29XoS4k
Youtube: https://www.youtube.com/user/RFATibetan
facebook: https://www.facebook.com/rfa.tibetan
twitter: https://twitter.com/rfatibet
soundcloud: https://soundcloud.com/rfatibetan
podcast: http://www.rfa.org/tibetan/podcasts/





