16 Killed in Nepal as Protests Erupt Over Social Media Ban
བལ་ཡུལ་ནང་མི་མང་གི་ངོ་རྒོལ་ཛ་དྲག་ཇེ་ཆེར་འགྲོ་བཞིན་འདུག
16 Killed in Nepal as Protests Erupt Over Social Media Ban
དེ་རིང་ཕྱི་ཟླ་ ༩ ཚེས་ ༨ རེས་གཟའ་ཟླ་བའི་ཉིན། བལ་ཡུལ་གཞུང་གིས་སྤྱི་ཚོགས་དྲྭ་རྒྱ་ཁག་ ༢༦ ལྷག་ཅིག་བལ་ཡུལ་ནང་བཀག་སྡོམ་བྱས་པ་དེར་བལ་ཡུལ་ནང་གི་གཞོན་སྐྱེས་མང་པོས་བལ་ཡུལ་གྱི་རྒྱལ་ས་ཀ་ཋ་མན་ཊུའི་ནང་ངོ་རྒོལ་ལས་འགུལ་སྤེལ་སྐབས། སྐོར་སྲུང་བས་ངོ་རྒོལ་བའི་ཁྲོད་མཚོན་ཆ་བེད་སྤྱོད་བྱས་པར་བརྟེན། གསར་འགྱུར་བརྒྱུད་ལམ་ཁག་ལས་ཤེས་རྟོགས་བྱུང་བར་གཞིགས་ན། ད་བར་མི་གྲངས་ ༡༦ ལྷག་འདས་གྲོངས་སུ་ཕྱིན་པ་དང་། མི་གྲངས་ ༣༠༠ ལྷག་ལ་གནོད་འཚེ་ཚབས་ཆེན་ཕོགས་པའི་གནས་ཚུལ་ཐོན་བཞིན་འདུག སྐབས་དེའི་ངོ་རྒོལ་ལས་འགུལ་ནང་ཡོད་པའི་གཞོན་སྐྱེས་མང་པོས་ངའི་ལས་འགུལ་དེ་མཉེན་ཆས་བཀག་པ་ཙམ་གྱི་དོན་དུ་མིན་ཅིང་། བལ་ཡུལ་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་རྒྱུན་མི་ཆད་པ་འབྱུང་བཞིན་པ་དེར་ངོ་རྒོལ་བྱེད་བཞིན་ཡོད་ཅེས་བརྗོད་བཞིན་འདུག
At least 16 people have been killed in Nepal after mass protests broke out against the government’s ban on 26 major social media and messaging platforms, including Facebook, Instagram, WhatsApp, and X. The ban, imposed last week for failing to meet new registration requirements, has sparked widespread anger among young people. On Monday, tens of thousands took to the streets of Kathmandu and other cities, denouncing Prime Minister KP Sharma Oli’s government for authoritarian practices and corruption. The unrest marks one of the most violent responses to internet restrictions in the region.





