A Call to Protect the Tibetan Language amid Growing Challenges

1 month ago

༸གོང་ས་མཆོག་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་མང་ཚོགས་ནས་འགན་ཁུར་དགོས་པའི་བཀའ་ཡིག་སྩལ་བའི་སྐོར་དམིགས་བསལ་བཅར་འདྲི། རྒྱ་གཞུང་གིས་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་འཚོགས་པ་དང་འབྲེལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་ཞིག་ཁྲིམས་སུ་བཅད་དེ། རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་སྤེལ་གྱི་མིང་འོག་ནས་སློབ་གྲྭ་དང་དགོན་སྡེ། ཞིང་གྲོང་ཁྱོན་ཡོངས་ནང་རྒྱ་སྐད་སློབ་ཁྲིད་གཙོས་རྒྱ་ནག་དམར་གཞུང་ལ་བརྩི་བཀུར་གྱི་སློབ་གསོ་སྤེལ་བའི་ལས་གཞི་གཞི་རྒྱ་ཆེ་རུ་སྤེལ་ངེས་ཡིན་པའི་ཁྲོད་འདིར། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཐུན་མོང་ནས་ཇི་ལྟར་ལམ་སྟོན་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན། མགོན་པོ་༸གང་ཉིད་མཆོག་ནས་དམིགས་བསལ་གསུང་འཕྲིན་ཞིག་རྩལ་བའི་བརྒྱུད། བོད་མི་ཡོད་དོ་ཅོག་གིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཐོག་རང་དོན་རང་གཅེས་ཀྱི་དམིགས་བསལ་གྱི་དོ་སྣང་སེམས་ཁུར་ཆེར་སྐྱེད་དགོས་པའི་ལམ་སྟོན་བསྐྱར་ནན་མཛད་ཡོད་པ་རེད། དེ་འབྲེལ། འདི་གའི་གསར་འགོད་པས་གཉན་འཕྲང་གི་དུས་སྐབས་འདི་ལྟ་བུར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་སྐད་ཡིག་སྲུང་སྐྱོབ་ཐད་གསུང་འཕྲིན་བསྐྱར་ནན་མཛད་པ་ཡོད་པ་དེའི་གནད་འགག་དང་མང་ཚོགས་ནས་འགན་འཁུར་ལག་བསྟར་གང་བཞེས་དགོས་སྐོར་འབྲེལ་ཡོད་ཁག་གཅིག་ལ་བཅར་འདྲི་ཞུས་ཡོད་པས་གཤམ་ལ་གསན་གཟིགས་གནང་སྐྱོང་ཡོང་བ་ཞུ། A Call to Protect the Tibetan Language amid Growing Challenges His Holiness the Dalai Lama has recently called on Tibetans everywhere to take pride in their language and actively work to preserve it. This special program looks at the significance of his message at a crucial time, especially amid China’s recent ethnic unity law, which raises concerns about the future of Tibetan language and identity. It features insights from His Holiness’s secretary, voices from the Department of Education and NGOs on their efforts, and inspiring clips of Tibetan children in the diaspora learning their mother tongue. At a time of growing challenges, the program highlights the importance of collective action to keep the Tibetan language alive. Find more from Voice Of Tibet: Website: https://www.vot.org 网站: https://www.cn.vot.org Facebook: https://www.facebook.com/VoiceofTibet YouTube: https://www.youtube.com/c/VoiceofTibet Instagram: https://www.instagram.com/voice.of.tibet Twitter: https://twitter.com/VOT_Tibetan #VoiceOfTibet #西藏之声
Watch on YouTube