བོད་མིའི་སྒྲིག་འཛུགས།
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༢༠ ནས་ཕྱི་ཟླ་ ༢ ཚེས་ ༡༦ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། སྦེལ་ཀོབ། ཨ་རི་དང་ཡུ་རོབ་ཀྱི་ས་གནས་ཁག་གཅིག་ལ་ཚོགས་འདུ་གལ་ཆེའི་ནང་མཉམ་ཞུགས་དང་། གཞུང་འབྲེལ་མི་སྣ་ཁག་གཅིག་དང་མཇལ་འཕྲད་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་བཅས།།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བློ་གསལ་གླིང་གྲྭ་ཚང་དུ་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོར་དབུ་བཞུགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༡༨ ཉིན་གྱི་ཕྱི་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀརནཱ་ཊཀ་མངའ་སྡེའི་མོན་གྷོ་ཌི་རུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་གྲྭར་ཆིབས་བསྒྱུར་གྱིས་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་གནང་ཡོད།དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༣༠ ཙམ་ལ་སྒོ་མང་ཆོས་གྲྭ་གསར་པའི་གཟིམ་ཆུང་ནས་བློ་གླིང་དབུ་ཆོས་རྣམ་གསུམ་གྱིས་སྤོས་སྣེས་མདུན་བསུ་དང་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བློ་གསལ་གླིང་གི་ཆོས་གྲྭ་རུ་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་གདན་ཞུ་དང་། ཆོས་གྲྭར་༸ཞབས་སོར་འཁོད་སྐབས་སྡིངས་ཆའི་ཐོག་འཛམ་གླིང་ཡེ་ཤུའི་སྒོམ་སྒྲུབ་ཚོགས་པའི་འགོ་འཛིན་དང་ཆོས་ཀྱི་ལམ་སྟོན་པ་ཡི་ཤུ་ཆོས་དཔོན་ཧྥ་རྡར་ལོ་རེན་སི་ཕི་རི་མན་ (laurence freeman) ལགས་ལ་མཇལ་ཁ་སྩལ་ཞིང་། བཞུགས་ཁྲིར་འཁོད་རྗེས་བློ་གླིང་མཁན་རིན་པོ་ཆེས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་མཚམས་ཚད་མ་རྣམ་འགྲེལ་གྱི་དམ་བཅའ་དབུ་འཛུགས་ཞུས།འཇང་དགུན་ཆོས་ཆེན་མོ་ལོ་རེ་བཞིན་གདན་གསུམ་རེས་མོས་ཀྱིས་འཚོགས་སྲོལ་ཡོད་པ་ལྟར། འདི་ལོ་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༢༠ ནས་ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༡༨ བར་འཇང་དགུན་ཆོས་དམ་བཅའ་ཆེན་མོ་ཚུགས་ཀྱི་ཡོད་པ་དང་། དེ་རིང་འཇང་དགུན་ཆོས་ཆེན་མོའི་མཐའ་མའི་མཛད་རིམ་ལས་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོར་གདན་ས་གསུམ་དང་རྒྱུད་གྲྭ་སྨད་སྟོད། བཀྲ་ཤིས་ལྷུན་པོ། འོན་མངའ་རིས་གྲྭ་ཚང་། རྫོང་དཀར་ཆོས་སྡེ། བཀྲ་ཤིས་འཁྱིལ། རྣམ་རྒྱལ་གྲྭ་ཚང་། མཚན་ཉིད་གྲྭ་ཚང་། གཞན་ཡང་ལ་དྭགས་དང་མོན་ཡུལ་སོགས་ཀྱི་དགོན་སྡེ་ ༢༡ ནས་ཕེབས་པའི་རྟགས་རིགས་འཛིན་གྲྭ་ནས་འདུལ་བ་འཛིན་གྲྭ་བར་གྱི་མཚན་ཉིད་པ་ ༢༧༠༠...
བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གི་སྐུ་སྲུང་ཟུར་པ་ཀུན་དགའ་འཕྲིན་ལས་ལགས་ཀྱི་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༡ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གི་གཞུང་འབྲེལ་ཕྱོགས་སྐྱོད་ལེགས་གྲུབ་བྱུང་རྗེས་སྐུ་སྲུང་ཟུར་པ་ཀུན་དགའ་འཕྲིན་ལས་ལགས་ཉེ་ཆར་ཕྱི་ཟླ་ ༠༡ ཚེས་ ༠༨ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་པར་དམ་པ་ཁོང་གི་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུས་གནང་ཡོད། དེ་ཡང་ཀུན་དགའ་འཕྲིན་ལས་ལགས་སམ་སྐུ་སྲུང་ཀུན་དགའ་ལགས་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྤྱི་ནོེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྲུང་སྙན་གྲགས་ཅན་ཞིག་ཡིན་པ་དང་། ཁོང་ནི་ཕྱི་ལོ་ ༡༩༣༩ ལོར་བོད་ཁམས་དགའ་བ་རུ་གེ་ཐོག་ཚང་ཁྱིམ་ཚང་དུ་སྐུ་འཁྲུངས། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་སྐབས་དགུང་ལོ་ ༡༧ སོན་པའི་ཀུན་དགའ་འཕྲིན་ལས་ལགས་ཀྱིས་ཁོང་གི་ཡབ་འབྱོར་ལྡན་ལགས་དང་ལྷན་དུ་རང་ཡུལ་སྲུང་སྐྱོབ་ལ་ཞུགས། གཞོན་ནུའི་དུས་དཔའ་རྩལ་ཆེན་པོས་ཁོང་གི་ཡབ་དང་གཅུང་པོ། དེ་བཞིན་བོད་མི་རྣམས་བཙན་བྱོལ་དུ་ཕེབས་སྐབས་ལམ་དུ་རྒྱ་དམག་དང་འཐབ་རྒོལ་ལ་ཞུགས། ཕྱི་ལོ་ ༡༩༦༠ ནས་ ༡༩༦༡ བར་ལྷག་བསམ་རྣམ་དག་གིས་གྲའུ་དཔོན་རིན་ཆེན་ཚེ་རིང་ལགས་ལ་རོགས་རམ་གནང་། གཉན་འཕྲང་ཅན་གྱི་དུས་སྐབས་དེར་ཁོང་གིས་བཙན་བྱོལ་བ་གསར་པ་རྣམས་ལ་༸གོང་ས་མཆོག་དང་མཇལ་འཕྲད་སྒྲིག་འཆར་སོགས་བདེ་སྲུང་ལས་ཁུངས་ལ་རོགས་སྐྱོར་གནང་། ཕྱི་ལོ་ ༡༩༦༢ ལོེར་ཁོང་ནང་མི་དང་ལྷན་དུ་རྡོ་རྗེ་གླིང་དུ་བཞུགས་སྐབས་གློག་འཕྲིན་བརྒྱུད་ནས་ཕྱིར་ཕེབས་དགོས་པའི་ཡིག་ལན་བྱུང་། ཕྱི་ལོ་ ༡༩༦༣ ལོར་ཀུན་དགའ་འཕྲིན་ལས་ལགས་བཙན་བྱོལ་དུ་སྐུ་སྲུང་ཐོག་མར་བདམས་པ་དང་། ཕྱི་ལོ་ ༡༩༦༤ ཟླ་ ༤ གཞུང་ཞབས་སུ་དངོས་སུ་ཕྱག་ལས་གནང་འགོ་ཚུགས།...
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭ་ལ་ཕེབས་པའི་སློབ་གཉེར་བ་རྣམས་ལ་བཀའ་སློབ་སྩལ་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་ལྡི་ལི་བོད་ཁང་གི་ལམ་རིམ་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭ་ལ་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་ ༢༣༧ གྱིས་གཙོས་དད་ལྡན་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ་ཡོད་པ་རེད།དེ་ཡང་སྔ་དྲོ་ཆུ་ཚོད་དགུ་པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་དུ་སྒོ་མང་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་རྣམ་པ་དང་། སོག་རིགས། ལ་དྭགས་པ། བོད་རིགས་སོགས་བརྒྱ་ཕྲག་བརྒལ་བར་མཇལ་ཁ་སྩལ་རྗེས། དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་སྣེ་ཁྲིད་གནང་བའི་ལྡི་ལི་བོད་ཁང་གི་ལམ་རིམ་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭ་ལ་ཕེབས་པའི་སློབ་གཉེར་བ་རྣམས་ལ་མཇལ་ཁ་དང་། སྐུ་པར་ལྷན་སྒྲོན་མཛད་རྗེས་བཀའ་སློབ་སྩལ་དོན། བོད་གངས་ཅན་གྱི་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་འདི་ཧ་ཅང་དར་ཁྱབ་ཆེན་པོ་རེད། ངོས་རང་ཡང་གངས་ལྗོངས་མདོ་སྨད་ཁོངས་ནས་སྐྱེས་པའི་མི་ཞིག་ཆགས་ཡོད། ཆུང་ཆུང་སྐབས་ནས་ལྷ་སའི་ཇོ་བོ་མཇལ་རྒྱུ་དང་། སེམས་གཏིང་ནས་སངས་རྒྱས་ལ་དད་པ་རྩེ་གཅིག་ཏུ་ཡོད། ངོས་ཀྱིས་དཔེ་ཆར་བལྟས་ཏེ་སློབ་སྦྱོང་བྱེད་པའི་སྐབས་སུ་ཚད་མ་རྣམ་འགྲེལ་ལ་དགའ་རབ་བལྟས་ཏེ་དགག་གཞག་སྤང་གསུམ་ལ་དོ་སྣང་ཆེན་པོ་བྱས་པ་ཡིན།དེང་སང་འཛམ་གླིང་འདིར་ཆོས་ལུགས་འདྲ་མིན་སྣ་ཚོགས་དང་། ཆོས་ལུགས་མེད་མཁན། ཆོས་ལུགས་ལ་སྐྱོན་བརྗོད་བྱེད་མཁན་སོགས་ཡོད་པའི་ནང་བོད་ཀྱི་ཚད་མ་རྣམ་འགྲེལ་ལས་བརྟག་དཔྱད་བྱ་ཐབས་གསུང་པ་འདི་ནི་ཧ་ཅང་ཕན་ཐོགས་ཆེན་པོ་རེད། ནང་ཆོས་ཀྱི་གཞུང་དུ་ལམ་སེང་རྨོངས་དད་མ་ཡིན་པར་བརྟག་དཔྱད་བྱས་ཏེ་འགྲོ་རྒྱུ་ཞིག་གསུངས་ཡོད། དེ་ཧ་ཅང་གལ་ཆེན་པོ་རེད། ཚད་མའི་གཞུང་ནས་གསུངས་པ་རྣམས་ལ་བསམ་བློ་གཏོང་རྒྱུ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། ཚད་མའི་གཞུང་ནས་རང་ལུགས་གཞག་པ་དང་། གཞན་ལུགས་དགག་པ་ཞིབ་ཚགས་པོར་གསུངས་ཡོད་པ་དེས་སེམས་ལ་ངེས་པ་རྙེད་པ་ཞིག་འདུག ཡིན་ལུགས་མིན་ལུགས་གོ་བསྡུར་བྱས་ཏེ་གཏན་ལ་ཕབ་ཏེ། མདོ་དོན་སྙིང་པོ་སེམས་ཞི་བདེ་བཟོ་བཞིན་ཡོད།ངོས་རང་པེ་ཅིང་དུ་ཡོད་པའི་སྐབས་སུ་མའོ་ཙེ་ཏུང་ལ་ཐུག་ནས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག ངོས་ཀྱིས་སེམས་ཞི་ལྷོད་གནས་རྒྱུ་གལ་ཆེན་པོར་མཐོང་ནས་མའོ་ཙེ་ཏུང་ལ་སེམས་ཞི་ལྷོད་བྱེད་པའི་རྣམ་འགྱུར་བསྟན་པ་ཡིན། ཁོས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག རྗེས་ལ་མའོ་ཙེ་ཏུང་གིས་ཆོས་ཟེར་བ་ནི་དུག་རེད་ཅེས་ཟེར་ཡང་ངོས་ཀྱིས་གང་ཡང་བརྗོད་མེད། གང་ལྟར་སེམས་ལ་གུང་ཁྲན་ལུགས་ཞེས་ཤུགས་ཆེན་པོ་བཤད་སྡོད་པ་དེ་དུག་རེད་དྲན་སོང་།རིགས་པས་དཔྱད་དེ་འགྲོ་དགོས་པའི་ནང་པ་སངས་རྒྱས་པའི་གཞུང་ནི་ཧ་ཅང་རྩ་ཆེན་པོ་རེད། ངོས་རང་ལ་མཚོན་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་དཔྱད་པ་ཧ་ཅང་ཤུགས་ཆེན་པོ་བྱེད་དུས་ཚན་རིག་པ་དང་མཉམ་དུའང་འབྲེལ་བ་ཡག་པོ་ཡོང་གི་འདུག ངོས་རང་རྒྱ་གར་དུ་སླེབས་ནས་དུས་དང་དུས་སུ་ས་གནས་ཁག་མང་པོར་སླེབས་ཡོད། ནང་ཆོས་ལྟ་གྲུབ་ཀྱི་སྐོར་བཤད་སྐབས་དོ་སྣང་བྱེད་མཁན་མང་པོ་འདུག གལ་ཆེ་ཤོས་ནི་སེམས་ཀྱི་ཞི་བདེ་རེད།...
སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ལྷོ་ཊི་རོལ་གྱི་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༡༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཙམ་ལ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཨི་ཊ་ལཱི་བོལ་ཛ་ནོའམ་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་སྲིད་འཛིན་སྐུ་ཞབས་ཨར་ནོ་ཀོམ་པ་ཆར་ (Arno Kompatscher) མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་བོད་དོན་དང་འབྲེལ་བའི་ལས་དོན་སྐོར་བཀའ་མོལ་གནང་ཡོད། དེ་ཡང་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་སྲིད་འཛིན་སྐུ་ཞབས་ཨར་ནོ་ཀོམ་པ་ཆར་མཆོག་ཆུ་ཚོད་གཅིག་ཙམ་རིང་མཇལ་འཕྲད་སྐབས། སྐུ་ཚབ་དོན་གཅོད་ནས་སྲིད་འཛིན་མཆོག་ལ་བོད་ནང་གི་གནས་ཚུལ་ངོ་སྤྲོད་དང་སྦྲགས་སྲིད་འཛིན་མཆོག་དང་ལྷོ་ཊི་རོལ་གཞུང་མང་གཉིས་ནས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པར་སྲིད་འཛིན་མཆོག་ནས་བོད་དོན་ཐོག་རྒྱུན་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད། དེ་བཞིན་སྐབས་དེར་ལས་དོན་གཞན་ཁག་གཅིག་གི་ཐོག་ལའང་བཀའ་མོལ་ཞིབ་ཕྲ་གནང་ཡོད། མཇལ་འཕྲད་རིང་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་སྲིད་གཞུང་གི་འབྲེལ་ཡོད་ལས་བྱེད་ལྷན་བཅར་ཞུས་ཡོད་པ་མ་ཟད། འབྲེལ་ཡོད་ལས་དོན་ཐོག་དོན་གཅོད་དང་བཀའ་མོལ་ཞིབ་རྒྱས་གནང་ཡོད། མཐར་སྲིད་འཛིན་སྐུ་ཞབས་ཨར་ནོ་ཀོམ་པ་ཆར་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་ཞུས་གནང་ཡོད། སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ལྷན་བཅར་ཞུས་ཡོད། །
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་ཆོས་སྡེ་ཆེན་པོ་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་དུ་བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། དེ་ཡང་ཕྱི་དྲོ་ཆུ་ཚོད་གཉིས་པ་ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྒོ་མང་ཆོས་གྲྭ་ཆེན་མོའི་ཡང་ཐོག་གི་གཟིམ་ཆུང་ནས་ཆོས་གྲྭར་ཆིབས་བསྒྱུར་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། འབྲས་སྤུངས་ཁྲི་ཟུར་དཀོན་མཆོག་པ་སངས་མཆོག ཁྲི་ཟུར་བློ་བཟང་བསྟན་པ་མཆོག སྒོ་མང་མཁན་རིན་པོ་ཆེ་འཇིགས་མེད་རྒྱ་མཚོ་མཆོག བློ་གླིང་མཁན་རིན་པོ་ཆེ་ཡེ་ཤེས་ལྷུན་གྲུབ་མཆོག་སོགས་དཔལ་ལྡན་འབྲས་སྤུངས་དགོན་པའི་མཁན་བླ་སྤྲུལ་སོགས་ཀྱིས་ཕེབས་བསུ་དང་འབྲེལ་བཞུགས་ཁྲིར་འཁོད་མཚམས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མཇལ་ཁ་ཞུས་པ་དང་། དེ་རྗེས་གདན་ས་ཆེན་མོ་སེ་འབྲས་དགའ་གསུམ་གྱི་གྲྭ་ཚང་དྲུག་དང་བཀྲ་ཤིས་ལྷུན་པོ། རྭ་སྟོད་གྲྭ་ཚང་བཅས་ཀྱི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་འགྲིམས་བཞིན་པའི་བཀའ་རམས་དང་སློབ་དཔོན་གྱི་སློབ་གཉེར་བ་རྣམས་ཀྱི་བྱམས་ཆོས་དམ་བཅའ་ཆེན་མོ་དབུ་འཛུགས་ཀྱིས་ཆུ་ཚོད་གཉིས་མ་ཟིན་ཙམ་གྱི་རིང་དབུ་བཞུགས་ཀྱིས་དགྱེས་གཟིགས་མཛད་ཡོད།བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོ་འདི་བཞིན་ཕྱི་ལོ་ ༢༠༡༦ ལོར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་ཁོངས་གྲྭ་ཚང་བཅུ་གཅིག་གི་མཁན་རིན་པོ་ཆེ་རྣམ་པ་བཅས་རྡ་རམ་ས་ལར་བཞུགས་སྒར་ཕོ་བྲང་དུ་གཟིམ་ཆུང་མཇལ་ཁའི་སྐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བྱམས་ཆོས་ཕྱི་མ་བཞི་དང་། རིགས་ཚོགས་དྲུག་བཅས་དབུ་ཕར་གྱི་གཞུང་གལ་ཆེན་པོ་འདི་དག་བར་དུ་ལྷག་བསྡད་པ་འདྲ་བོ་འདུག་པས་གཞུང་ཆེན་དེ་དག་ལ་སློབ་གཉེར་འགྲོ་ཐུབ་པ་ཞིག་བྱ་དགོས་སྐོར་ལམ་སྟོན་བཀའ་སློབ་སྤྱི་ཕེབས་བཞིན། དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུར་བཀའ་བསྡུར་རིམ་པར་བརྒྱུད་ལོ་ལྟར་ཟླ་གཅིག་རིང་འཚོགས་གཏན་འཁེལ་བ་དང་། ཆོས་ཐོག་འདིར་གདན་ས་སེ་འབྲས་དགའ་གསུམ་གྱི་གྲྭ་ཚང་དྲུག་དང་བཀྲ་ཤིས་ལྷུན་པོ། རྭ་སྟོད་གྲྭ་ཚང་བཅས་ཀྱི་སློབ་གཉེར་བ་གྲྭ་ཚང་སོ་སོའི་རྒྱུགས་སྤྲོད་ཐོན་ཏེ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་འགྲིམ་བཞིན་པའི་བཀའ་རམས་ལོ་རིམ་གཉིས་དང་། སློབ་དཔོན་ལོ་རིམ་གཉིས་བཅས་འཛིན་གྲྭ་བཞིའི་སློབ་གཉེར་བ་རྣམས་བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་སུ་ལོ་བཞིའི་རིང་ཕེབས་བཞིན་ཡོད་འདུགཆོས་ཐོག་འདི་གསར་གཏོད་མཛད་པ་ནས་ལོ་དགུའི་རིང་ལོ་ལྟར་གདན་ས་གསུམ་རེས་མོས་ཀྱིས་ཟླ་བ་གཅིག་རེར་འཚོག་བཞིན་ཡོད་པ་དང་། ད་བར་དུ་བྱམས་ཆོས་དང་རིགས་ཚོགས་ཆོས་ཐོག་འགྲིམས་ནས་རྒྱ་གར་པཎ་གྲུབ་ཀྱི་གཞུང་སྤྱི་དང་། ལྷག་པར་དུ་བྱམས་ཆོས་དང་རིགས་ཚོགས་ལ་གཟིགས་རྟོག་གིས་སློབ་ཚན་ཆ་ཚང་ཐོན་ཏེ་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཟིན་པོ་ ༨༢༦ བྱུང་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་འཆར་འབུལ་ལ་བཀའ་ཤག་གི་རྒྱབ་གཉེར་གནང་རྒྱུའི་ལས་རིམ་འགོ་འཛུགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༡༤ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག དཔལ་འབྱོར་དྲུང་ཆེ་གྱང་གསར་ཚེ་རིང་དོན་གྲུབ་ལགས། དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་སྡེ་ཚན་དང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འབྲེལ་ཡོད་ལས་བྱེད་བཅས་ལྷན་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༦་་་༢༠༢༧ ལོའི་ལོ་འཁོར་སྔོན་རྩིས་འཆར་འབུལ་ལ་ཐུགས་ཞིབ་དང་བཀའ་ཤག་གིས་མཐའ་མའི་བཀའ་འཁྲོལ་རྒྱབ་གཉེར་གནང་རྒྱུའི་ལས་རིམ་འགོ་འཛུགས་གནང་ཡོད།སྔོན་རྩིས་འཆར་འབུལ་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་ཁག་གིས་བོད་མིའི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་དང་། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སླར་གསོ་དང་བདེ་དོན་ཡར་རྒྱས། ཤེས་ཡོན་དང་སློབ་ཡོན། མང་གཙོ་གོང་སྤེལ། བུད་མེད་ནུས་སྟོབས་གོང་སྤེལ་ལས་གཞི། འཕྲོད་བསྟེན་བཅས་ཀྱི་ལས་གཞི་ཆེད་ཡོང་འབབ་དང་འགྲོ་གྲོན་འཆར་གཞི་ཕུལ་བ་རྣམས་ལ་བཀའ་ཤག་གིས་རྒྱབ་གཉེར་གནང་གི་ཡོད། དེ་ནས་ཕྱོགས་བསྡོམས་ལོ་འཁོར་སྔོན་རྩིས་དེ་བཞིན་དཔལ་འབྱོར་ལས་ཁུངས་ནས་ཚོགས་གཙོ་སྦྲེལ་པོས་བསྐོ་གཞག་གནང་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་ལ་དབུལ་རྒྱུ་དང་། མཐར་ཕྱི་ཟླ་ ༣ པའི་གྲོས་ཚོགས་ནང་ལོ་འཁོར་སྔོན་རྩིས་ཐོག་བགྲོ་གླེང་གིས་བཀའ་འཁྲོལ་གནང་གི་ཡོད་པ་བཅས།།
རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་ བྷར་ཌ་ཝཇ་མཆོག་གིས་སྣེ་ཁྲིད་པའི་ས་གནས་བྷི་ཇེ་པི་སྲིད་དོན་ཚོགས་པའི་གནད་ཡོད་མི་སྣ་ཁག་གཅིག་བོད་མི་མང་སྤྱི་...
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡ པོའི་ཚེས་ ༡༢ ཉིན་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་ཧི་མཱ་ཅལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་ བྷར་ཌ་ཝཇ་ (Shri Rajeev Bhardwaj, MP Lok Sabha) མཆོག་གིས་གཙོས་པའི་ས་གནས་བྷི་ཇེ་པི་སྲིད་དོན་ཚོགས་པའི་གནད་ཡོད་མི་སྣ་ཁག་གཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པས་རྒྱུན་ལས་ཚོགས་ཁང་ནང་སྣེ་ལེན་མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་བསྡུར་དང་། དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་སོང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་ བྷར་ཌ་ཝཇ་མཆོག་གིས་གཙོས་པའི་ས་གནས་བྷི་ཇེ་པི་སྲིད་དོན་ཚོགས་པའི་གནད་ཡོད་མི་སྣ་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་སྦྲགས། ཉེ་ཆར་རྒྱ་གར་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་སྤེལ་སྐབས། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་གྲོས་ཚོགས་འཐུས་མི་མཆོག་མཇལ་འཕྲད་གནང་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་སྐོར་དང་། དེའི་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་ ༤༠ ལྷག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་ཐོག་༧སྐུའི་གོ་སྟོན་སྲུང་བརྩི་ཞུས་པའི་ལས་རིམ་སྐོར་ངོ་སྤྲོད་སྙིང་བསྡུས་དང་། ད་བར་བཙན་བྱོལ་ལ་སྡོད་རིང་རྒྱ་གར་དབུས་སའི་གཞུང་མང་གཉིས་ཀྱི་མཐུན་འགྱུར་རྒྱབ་སྐྱོར་མུ་མཐུད་གནང་བར་བརྟེན་ནས་བོད་མི་ཚོས་སོ་སོའི་ཆོས་དང་། རིག་གཞུང་སྲུང་སྐྱོབ་དང་། བོད་དོན་རྒྱལ་སྤྱིའི་ཐོག་སླེབས་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྟབས། རྒྱ་གར་དབུས་སའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། དབུ་ཁྲིད་ལམ་སྟོན་ལ་བརྟེན་ནས། འཛམ་གླིང་ནང་བོད་ཀྱི་ཆོས་དང་། རིག་གཞུང་ལ་དམིགས་བསལ་གྱིས་དོ་སྣང་སླེབས་ཐུབ་ཡོད་པ། དུས་རབས་བརྒྱད་པའི་ནང་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་བོད་ལ་ཕེབས་ཡོད་པ་དང་།...
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་ལོ་བཞི་པའི་སློབ་གཉེར་བ་རྣམས་ལ་མཇ...
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༥ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་མོན་གྷོ་ཌི་རུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭ་གསར་པར་ཆིབས་བསྒྱུར་གྱིས་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་དབར་གྱི་ཤེས་ཡོན་བརྗེ་ལེན་གྱི་ཚོགས་མི་རྣམས་དང་གྲྭ་ཚང་ཁག་གི་མཁན་པོ་རྣམ་པར་མཇལ་ཁ་སྩལ་ཡོད་པ་རེད། དེ་ཡང་སྔ་དྲོ་ཆུ་ཚོད་དགུ་པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྒོ་མང་ཆོས་གྲྭར་ཆིབས་བསྒྱུར་གྱིས་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་བརྒྱ་ཕྲག་གཉིས་བརྒལ་བར་མཇལ་ཁ་དང་། སྐབས་དེར་མཇལ་ཁ་ཞུ་མཁན་གཅིག་གི་གསོལ་འདེབས་དང་འབྲེལ། “ནོར་འཁྲུལ་སོ་སོ་སོང་ནས་དེ་ལ་འགྱོད་པ་སྐྱེས་དུས་དག་ཚར་བ་རེད། བློ་བདེ་བོ་བྱོས། ང་ཚོས་ལྟུང་བཤགས་བཏོན་ནས་བཤགས་པ་ཕུལ་བ་ནི་དེ་རང་ཡིན། ནོར་འཁྲུལ་མོས་མཐུན་བྱས་ཏེ་ནོར་འཁྲུལ་ལ་སྙིང་ཐག་པ་ནས་བཤགས་པ་བྱེད་དུས་ཉེས་པ་གང་ཡང་མེད་པ་ཆགས་པ་རེད།” ཅེས་ཐུགས་བརྩེ་བ་ཆེན་པོས་ལམ་སྟོན་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་དང་།མཐར་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་ལོ་བཞི་པའི་སློབ་གཉེར་བའི་ཁོངས་སུ་ཁམ་བྷོ་ཌི་ཡ་(Cambodia)ནས་དགེ་སློང་གསུམ་དང་། ལའོ་སི་(Laos )ནས་དགེ་སློང་ལྔ། མི་ཡན་མར་(Myanmar)ནས་དགེ་སློང་དྲུག ཤྲི་ལིངྐ་(Sri Lanka)ནས་དགེ་སློང་བཅུ་གསུམ། ཐའེ་ལན་ཌི་(Thailand)ནས་དགེ་སློང་བཅོ་བརྒྱད། གདན་ས་སེ་འབྲས་དགའ་གསུམ་གྱི་གྲྭ་ཚང་ཁག་དྲུག་གི་མཁན་པ་རྣམ་པ་དང་། རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་མཁན་རིན་པ་ཆེ། བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ། རྭ་སྟོད་མཁན་རིན་པོ་ཆེ། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་བཅས་དགེ་ལུགས་པའི་དགོན་པ་ཆེ་ཁག་ ༡༡ གི་མཁན་པོ་དང་མཁན་ཟུར། འཛིན་སྐྱོང་ལས་བྱེད་སོགས་ ༢༠ ལ་མཇལ་ཁ་སྩལ་ཡོད།སྐབས་དེར་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་ལོ་བཞི་པའི་སློབ་གཉེར་བའི་ཁོངས་ཀྱི་པཱ་ལིའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་རྣམ་པས་པཱ་ལིའི་སྐད་ཐོག་སྐྱབས་འགྲོ་དང་། རྒྱུན་ཆགས་གསུམ་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་ཞབས་བརྟན་གསོལ་འདེབས་སོགས་གསུང་འདོན་དང་། མཁན་རིན་པོ་ཆེ་རྣམ་པ་གཙོས་ཆོས་བརྒྱུད་གཉིས་ཀྱི་མཇལ་ཁ་ཞུ་མཁན་ཡོངས་ཀྱིས་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་གསུང་འདོན་མཚམས་སྐུ་པར་ལྷན་སྒྲོན་དང་འབྲེལ་མགོན་པོ་མཆོག་གིས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་མཁན་ཆེན་ཞི་བ་འཚོ་གདན་འདྲེན་ཞུས་ཏེ་ནཱ་ལེནྡྲའི་ཆོས་བརྒྱུད་བོད་ལ་ལེགས་པར་དར་བའི་སྐོར་སོགས་བཀའ་སློབ་སྩལ་དོན། སངས་རྒྱས་པའི་ཆོས་དེ་སྔ་བོད་ལ་དར་ཡོད་པ་དེ་ཉམས་པ་མེད་པར་སོར་ཆུད་པ་ཞིག་གམ་ང་ཚོས་ཉམས་གསོ་བྱེད་བཞིན་ཡོད། ཧ་ཅང་ཡག་པོ་རེད། བོད་ནང་གི་མི་རྣམས་སེམས་ཤུགས་འཕར་བ་ཞིག་དང་། གཙོ་ཆེ་ཤོས་རྒྱ་ནག་ཏུ་དེང་སང་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཤུགས་ཆེན་པོ་འདུག རྒྱ་ནག་ཏུ་བོད་ཀྱི་གཞུང་ཆེན་ལྔས་མཚོན་པའི་ལེགས་བཤད་རྣམས་ག་ཚོད་མང་མང་དར་ཐུབ་ན་ཧ་ཅང་ཡག་པོ་རེད། ང་ཚོས་ཕྱོགས་གང་ས་ནས་སངས་རྒྱས་པའི་ཆོས་ཚིག་ཙམ་མ་ཡིན་པར་དོན་དག་འགྲེལ་བཤད་ཀྱི་ཐོག་ནས་བསམ་བློའི་ནང་གཞུང་ཆེན་རྣམས་བང་སྒྲིག་པ་དང་།...
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇང་དགུན་ཆོས་ཀྱི་རྣམ་འགྲེལ་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༤ ཉིན་གྱི་ཕྱི་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀརནཱ་ཊཀ་ངའ་སྡེའི་མོན་གྷོ་རུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་གྲྭ་གསར་པར་ཆིབས་བསྒྱུར་གྱིས་འཇང་དགུན་ཆོས་ཀྱི་རྣམ་འགྲེལ་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་གནང་ཡོད་པ་རེད།དེ་ཡང་སྔར་བོད་ཟླ་བཅུ་གཅིག་དང་བཅུ་གཉིས་པའི་ནང་འཇང་དགུན་ཆོས་ཞེས་སེ་འབྲས་དགའ་གསུམ་དང་། སྙེ་ཐང་ར་སྟོད། འོན་མངའ་རིས་གྲྭ་ཚང་སོགས་མཚན་ཉིད་དར་ཁྱབ་ཆེ་ཙམ་ཡོད་པའི་དགོན་སྡེ་ཁག་ནས་དགེ་འདུན་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱས་ཏེ་གཞུང་ཆེན་བཀའ་པོད་ལྔའི་ནང་ཚན་ཚད་མའི་གཞུང་ལ་བརྒལ་བརྟག་གསན་བཞེས་མཛད་སྲོལ་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་གྱིས་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་གཞུང་མང་བཙན་བྱོལ་དུ་ཕེབས་དགོས་བྱུང་བའི་རྗེས་སུ་རྒྱ་གར་ནས་ཐོག་མར་སྦག་ས་ཆོས་སྒར་གསར་འཛུགས་ཀྱིས་དགུན་ཆོས་ཆེན་མོའི་རྣམ་འགྲེལ་མཚན་འཕུད་དམ་བཅའ་སོགས་ཆོས་ཕྱོགས་ཀྱི་གནང་སྒོ་སྤྱི་དང་བྱེ་བྲག་རྣམས་ཉམས་པ་མེད་པར་རྒྱུན་འཛིན་གནང་སྟེ། བཙན་བྱོལ་དུ་ལོ་བསྟར་ཆགས་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་དུ་རེས་མོས་ཀྱིས་འཇང་དགུན་ཆོས་ཆེན་མོ་ཚུགས། འདི་ལོ་དཔལ་ལྡན་འབྲས་སྤུངས་སུ་གདན་ས་གསུམ་དང་རྒྱུད་གྲྭ་སྨད་སྟོད། བཀྲ་ཤིས་ལྷུན་པོ། འོན་མངའ་རིས་གྲྭ་ཚང་། རྫོང་དཀར་ཆོས་སྡེ། བཀྲ་ཤིས་འཁྱིལ། རྣམ་རྒྱལ་གྲྭ་ཚང་། མཚན་ཉིད་གྲྭ་ཚང་སོགས་དགོན་སྡེ་ ༢༡ ནས་དགེ་འདུན་པ་མང་པོ་འཇང་དགུན་ཆོས་ལ་ཆེད་ཕེབས་གནང་སྟེ། རྣམ་འགྲེལ་མཚན་འཕུད་དམ་བཅའ་ཆེན་མོ་སྒོ་མང་ཆོས་གྲྭ་གསར་པར་འཚོགས་པ་དང་། དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཤར་རྩེ་གྲྭ་ཚང་། སེ་ར་ཐེག་ཆེན་གླིང་གི་སེར་སྨད་གྲྭ་ཚང་བཅས་ནས་དམ་བཅའ་གནང་ཞིང་། དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དང་། སེ་ར་ཐེག་ཆེན་གླིང་གི་སེར་བྱེས་གྲྭ་ཚང་། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བྱང་རྩེ་གྲྭ་ཚང་བཅས་ནས་དགེ་འདུན་པ་དྲུག་སྟོང་བརྒལ་བའི་དབུས་སུ་རྟགས་གསལ་གཏོང་བཞིན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆུ་ཚོད་གཅིག་ལྷག་རིང་དབུ་བཞུགས་ཀྱིས་དགྱེས་གཟིགས་གནང་ཡོད་པ་རེད། །
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་སྦེལ་ཀོབ་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་ལེགས་པར་མཇུག་སྒྲིལ་བ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ནས་གོ་སྒྲིག་ཞུས་པ་བཞིན། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་ཟླ་འདིའི་ཚེས་ ༢༥ ཞོགས་པ་ཆུ་ཚོད་ ༧ ཙམ་ནས་ཧོན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་དགོན་སྡེ་ཁག་ལ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད། སྐབས་དེར་ཧོན་སུར་ས་གནས་འགོ་འཛིན་ནོར་བུ་ཚེ་རིང་ལགས་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དང་། རྫོང་དཀར་ཆོས་སྡེ་གྲྭ་ཚང་། ཨོ་རྒྱན་གླིང་དགོན་པ་བཅས་སུ་མཆོད་མཇལ་དང་ཁུངས་སོ་སོའི་དགོན་སྡེ་ཕྱག་མཛོད་གཙོས་པའི་འབྲེལ་ཡོད་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ནས་ཕེབས་བསུ་སྣེ་ལེན་ཞུས་ཡོད། དེ་རྗེས་སྔ་དྲོ་ཆུ་ཚོད་ ༡༡༌༤༠ ཙམ་ལ་ཧོན་སུར་ནས་སྦེལ་ཀོབ་ས་གནས་སུ་ཕེབས་ཐོན་གྱིས་ཉིན་རྒྱབ་ཆུ་ཚོད་ ༡ ཐོག་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་གཙོས་པའི་ས་གནས་ཁྲིམས་ཞིབ་ཁང་གི་ལས་བྱེད་དང་། དགོན་སྡེ་ཁག་གི་ཕྱག་དྲུང་རྣམ་པ། གཞིས་གྲོང་ཁག་གི་སྤྱི་མི་རྣམ་པ། དེ་བཞིན་གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ། སྦེལ་ཀོབ་ལྷ་མོ་ཚོགས་པ་ནས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་གྱི་ལམ་ནས་སྦེལ་ཀོབ་སྤྱི་མཐུན་མཉམ་འབྲེལ་མགྲོན་ཁང་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་ལ་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད།ཉིན་རྒྱབ་ཆུ་ཚོད་ ༢༌༡༥ ཐོག་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ལས་བྱེད་རྣམས་ནས་ལས་ཁུངས་སུ་ཕེབས་བསུའི་སྣེ་ལེན་དང་གསོལ་ཇ་འདེགས་འབུལ་ཞུས། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ལས་ཁུངས་ཕྱི་ནང་གཉིས་དང་། གཏུག་བཤེར་ཁང། ལས་ཤག་བཅས་སུ་འཚམས་གཟིགས་གནང་རྗེས། ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་ཁྲིམས་ཞིབ་པ་ཕུན་ཚོགས་དཔལ་ལྡན་ལགས་ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡ ནས་ཟླ་བ་ ༡༡ ཚེས་ ༣༠ བར་གྱི་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་། ལས་ཁུངས་སུ་ཕེབས་ནས་ཡིག་ཆ་དང་ཅ་དངོས་ཉར་འཇོག་ཁག་གི་གནས་སྟངས་ཐོག་གཟིགས་ཞིབ་གནང་གྲུབ་མཚམས། ས་གནས་ཁྲིམས་ཞིབ་ཁང་གི་ངོ་ལས་རྣམས་ལ་ལས་དོན་ཞུ་ཕྱོགས་ཐོག་ལམ་སྟོན་གསུང་བཤད་གནང་ཡོད། ཕྱི་ཚེས་...
ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་གིས་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་གསུང་བཤད་གནང་བ།
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་གིས་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིག་བདག་དབང་ཕྱུག་རྡོ་རྗེ་ནེ་གི་ལགས་དང་མཇལ་འཕྲད་གནང་རྗེས་ཨ་ཏི་ཤ་ཚོགས་ཁང་དུ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ངག་དབང་བསྟན་འཕེལ་ལགས་དང་རྒྱུན་ལས། སློབ་གཉེར་བའི་རིག་སྡེ་འགན་འཛིན་དགེ་བཤེས་བསྟན་འཛིན་ནོར་བུ་ལགས་བཅས་ལྷན་བཞུགས་ཐོག་གཙུག་ལག་ཁང་གི་སློབ་གཉེར་བ་རྣམས་ལ་གོ་རྟོགས་གསུང་བཤད་ལས་རིམ་དབུ་འཛུགས་གནང༌ཡོད། དེ་ཡང་ལས་རིམ་གྱི་ཐོག་མར་ཝ་ར་ན་སི་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ངག་དབང་བསྟན་འཕེལ་ལགས་ནས་ཕེབས་བསུ་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་ངོ་སྤྲོད་གནང་རྗེས་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་གིས་གསུང་བཤད་གནང་སྐབས། གཙུག་ལག་སློབ་གཉེར་ཁང་དེ་བཞིན་༸རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་དགོངས་བཞིན་རྒྱ་གར་གཞུང་གི་མཐུན་འགྱུར་འོག་གསར་བཙུགས་གནང་སྐོར་དང་། དེ་ནས་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་མི་ཐོག་རྒན་པ་མང་པོ་ཞིག་གིས་སྐུ་ལས་སྐྱོན་པ་ལ་བརྟེན་ནས་གྲུབ་པ་ཞིག་ཆགས་ཀྱི་ཡོད་པས། སློབ་གཉེར་བ་རྣམས་ནས་ཉིན་མ་གང་འཁྱོལ་བྱེད་ནས་མ་བསྡད་པར་ཤེས་ཡོན་ཡག་པོ་སྦྱངས་དགོས་པ་དང་། མཉམ་དུ་བཟང་སྤྱོད་དང་སྤྱི་སེམས་བརྟན་པོ་དགོས་པའི་སྐུལ་མ་ཡང་གནང༌ཡོད། གཞན་ཡང་བོད་ནང་རྒྱ་མིའི་གནོན་ཤུགས་ཇི་ཙམ་ཡོད་ཀྱང་བོད་ཀྱི་སྐད་དང་། ཡི་གེ ཆོས་དང་རིག་གཞུང་ལ་འཛིན་པའི་དགའ་ཞེན་དང་སེམས་ཤུགས་ནི་ལྷད་མེད་ཡོད་པ་བཅས་གཞི་རྩར་བཞག་སྟེ་བཙན་བྱོལ་རང་དབང་ལུང་པའི་ནང་ཡོད་པའི་གཞོན་སྐྱེས་ཚོས་དེ་ལུགས་གནང་དགོས་པ་མ་ཟད། བོད་དང་ཧི་མ་ལ་ཡའི་སྐད་དང་ཡི་གེ ཆོས་དང་རིག་གཞུང་། ཡུལ་ལུང་གོམས་སྲོལ་བཅས་པ་ཚང་མ་གཅིག་མཚུངས་ཡིན་སྟབས། བོད་ཕྲུག་དང་ཧི་མ་ལ་ཡའི་གཞོན་སྐྱེས་རྣམས་ནས་དེ་དག་ལ་སྦྱངས་བརྩོན་ཧུར་ཐག་བྱེད་ནས་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་ནན་བསྐུལ་སོགས་ལམ་སྟོན་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དགོངས་དོན་བཞིན་བོད་ཕྲུག་སློབ་གཉེར་བ་རྣམས་ནས་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་རྒྱུའི་འདོད་པ་དང་བསམ་བློ་ཡོད་ཚེ་གོ་སྐབས་ཡོད་པ་དང་། སྒྲིག་འཛུགས་ནང་ལས་བྱེད་ཀྱི་སྒྲོམ་གཞི་ངོ་སྤྲོད་དང་། ཡིག་རྒྱུགས་དང་འདེམས་སྒྲུག་ཞུ་ཕྱོགས། འདེམས་རྒྱུགས་སུ་ཞུགས་པར་གཞི་རྩའི་ཆ་རྐྱེན་གང་འདྲ་དགོས་མིན། ལས་ཀའི་ངོ་བོ་དང་གོ་སྐབས་བཅས་པ་ངོ་སྤྲོད་ཞིབ་ཕྲ་གནང་། ཕྱོགས་མཚུངས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཕྲུག་གཞོན་སྐྱེས་ཚང་མ་སྲི་ཞུ་བ་ཆགས་མ་ཐུབ་ནའང་། བཀའ་བཞིན་སྒྲུབ་པ་མཆོད་པའི་རྫས་ཞེས་པ་ལྟར། གཞོན་སྐྱེས་རྣམས་ཕྱི་རྒྱལ་ཁོ་ནར་འགྲོ་རྒྱུ་བསམ་བློ་མ་གཏང་བར་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་། ས་གནས་གཞིས་ཆགས་ཁག སློབ་གྲྭ་དང་དགོན་སྡེ་ཁག དེ་བཞིན་གཞུང་ཁོངས་མིན་པའི་ཚོགས་སྡེ་གང་འདྲ་ཞིག་ཏུའང་ཕྱག་ལས་གནང་རྒྱུའི་འདུན་པ་དགོས་པ་དང་། དེ་ལྟར་བྱུང་ན་མཐའ་དོན་༸རྒྱལ་བའི་བཀའ་དགོངས་སྒྲུབ་ཐུབ་པ་མ་ཚད། བོད་བསྟན་སྲིད་ལ་ཕན་ཐོགས་བྱེད་ཐུབ་མཁན་གྱི་བོད་མི་བཟང་པོ་ཞིག་ཆགས་ཀྱི་ཡོད་པ་སོགས་ཀྱི་ལམ་སྟོན་གནང་རྗེས་སློབ་མ་ཚོའི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་ཀྱང་གནང་ཡོད། མཐར་སློབ་གཉེར་བའི་རིག་སྡེ་འགན་འཛིན་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གསུང་བཤད་ཀྱི་ལས་རིམ་མཇུག་སྒྲིལ་ཡོད། ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༥...
བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ཀརནཱ་ཊཀ་ཤེས་ཡོན་བློན་ཆེན་མདྷུ་བངྒཱ་རབ་པ་མཆོག་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༥༥ ...
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༢༧ ཉིན་མོན་གྷོ་རྟེན་གཞི་བྱས་པའི་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༥༥ འཁོར་བའི་དུས་སྟོན་དང་རྒྱ་གར་རྒྱལ་ཡོངས་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) དང་མཐུན་སྦྱོར་ངོས་འཛིན་ཐོབ་པའི་དབུ་འབྱེད་ཀྱི་མཛད་སྒོའི་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོར་ཀརནཱ་ཊཀ་མངའ་སྡེ་གཞུང་གི་སློབ་གྲྭའི་ཤེས་ཡོན་ལྷན་ཁང་གི་བློན་ཆེན་སྐུ་ཞབས་མདྷུ་བངྒཱ་རབ་པ་ (Madhu Bangarappa) མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག སིར་སི་ (Sirsi) ཁུལ་གྱི་ལས་རོགས་སྤྱི་ཁྱབ་འགན་འཛིན་དང་རྫོང་དཔོན་ལས་རོགས་ཀུ་མ་རི་ཀཱ་བྱ་ར་ནི་ (Kumari Kavyarani) ལགས། ཏེ་སིལ་དྷར་ཤང་ཀར་གྷོ་ཌི་ (Tahsildar Shankar Gowdi) ལགས། མོན་གྷོ་ས་གནས་ཤེས་རིག་འགན་འཛིན་ (BEO) སུ་མ་ཇི་ (Suma G) ལགས། སིར་སི་ས་ཁུལ་གྱི་མི་མང་ཤེས་རིག་ལས་དོན་གྱི་འགན་འཛིན་གཞོན་པ་ (DDPI) ཌི་ཨར་ནཱ་ཡེག་ (D. R. Naik)...
དཔལ་ལྡན་ཚོགས་གཙོ་མཆོག་གིས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་པ་དང་། མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དགོན་སྡེ་ཁག་ལ་གནས་གཟིགས་ཕེབ...
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༢༥ ཉིན་གྱི་ཕྱི་དྲོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དགའ་ལྡན་ཁྲི་ཐོག་ཁང་དུ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་གནང་ཡོད། དེ་ཉིན་སྔ་དྲོ་ནས་ཉིན་གུང་བར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་། འབྲས་སྤུངས་སྒོ་མང་གྲྭ་ཚང་། འབྲས་སྤུངས་བླ་སྤྱི། རྭ་སྟོད་གྲྭ་ཚང་། བཀའ་བརྒྱུད་དགོན་པ། བཙུན་དགོན་བྱང་ཆུབ་ཆོས་གླིང་། དགའ་ལྡན་བླ་སྤྱི། དགའ་ལྡན་ཤར་རྩེ་གྲྭ་ཚང་། དགའ་ལྡན་བྱང་རྩེ་གྲྭ་ཚང་། རྙིང་མ་དགོན་པ་བཅས་སུ་རིམ་པས་གནས་མཇལ་ལ་ཕེབས་ཡོད་ཅིང་། དགོན་སྡེ་ཁག་ལ་ཕེབས་སྐབས་དགོན་སྡེ་སོ་སོའི་མཁན་པོ་དང་། ཕྱག་མཛོད་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་། དཔལ་ལྡན་ཚོགས་གཙོ་མཆོག་དང་ལྷན། མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་བློ་གྲོས་ལགས་དང་། འབྲས་སྤུངས་བླ་སྤྱིའི་ཕྱག་མཛོད་ལས་རོགས་དགེ་བཤེས་ངག་དབང་ནོར་བུ་ལགས་རྣམ་གཉིས་ལྷན་བཅར་ཞུས་གནང་ཡོད། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ལ་ཕེབས་སྐབས། ཕྱག་མཛོད་དགེ་བཤེས་ཨ་ཏུག་ལགས་དང་། ཕྱག་མཛོད་དགེ་བཤེས་ཚུལ་ཁྲིམས་བློ་གྲོས་ལགས། ཕྱག་མཛོད་དགེ་བཤེས་གཡུལ་རྒྱལ་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་དང་། འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་ཕེབས་སྐབས། ཕྱག་མཛོད་དགེ་བཤེས་སྐལ་བཟང་དཔལ་འབྱོར་ལགས་དང་། ཕྱག་མཛོད་དགེ་བཤེས་ཚེ་བརྟན་རྣམ་རྒྱལ་ལགས་རྣམ་གཉིས་ནས་ཕེབས་བསུའི་སྣེ་ལེན། འབྲས་སྤུངས་བླ་སྤྱིར་ཕེབས་སྐབས། ཕྱག་མཛོད་དགེ་བཤེས་ཡེ་ཤེས་ཚེ་སྒྲུབ་ལགས་དང་། ཕྱག་མཛོད་དགེ་བཤེས་བློ་གྲོས་ཉི་མ་ལགས་རྣམ་གཉིས་ནས་ཕེབས་བསུའི་སྣེ་ལེན། རྭ་སྟོད་གྲྭ་ཚང་ལ་ཕེབས་སྐབས། ཕྱག་མཛོད་དགེ་བཤེས་ཚེ་བརྟན་དབང་ཕྱུག་ལགས་དང་། ཕྱག་མཛོད་དགེ་བཤེས་ཤེས་རབ་ལགས་རྣམ་གཉིས་ནས་ཕེབས་བསུའི་སྣེ་ལེན།...
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་མོན་གྷོ་ས་གནས་ནས་སྦེལ་ཀོབ་ས་གནས་སུ་ཕེབས་འབྱོར་བྱུང་བ།
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༢༢ ཉིན་གྱི་དགོང་མོ་ཆུ་ཚོད་ ༧༌༤༠ ཐོག་ཧུབ་ལི་གནམ་ཐང་དུ་ཕེབས་འབྱོར་སྐབས་མོན་གྷོ་ས་གནས་འགོ་འཛིན་རིན་ཆེན་དབང་མོ་ལགས་ཀྱི་སྣེ་ཁྲིད་པའི་དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་སྐུ་ཚབ་ཁག་གཅིག་དང་། ལྷོ་སྤྱི་ལས་དྲུང་། མོན་གྷོ་རྒས་གསོ་ཁང་གི་འགན་འཛིན་བཅས་ནས་ཕེབས་བསུ་སྣེ་ལེན་ཞུས་ཏེ་དགོང་མོ་ཆུ་ཚོད་ ༡༠ ཐོག་འབྲས་སྤུངས་བློ་གསལ་གླིང་གི་མགྲོན་ཁང་གི་རྒྱལ་སྒོ་ནས་མོན་གྷོ་ས་གནས་གནད་ཡོད་མི་སྣ་རྣམས་ནས་ཕེབས་བསུ་སྣེ་ལེན་ཞུས་ཡོད།ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ནས་འགོ་འཛུགས་ཀྱིས་གདན་ས་གཉིས་གཙོས་པའི་ཉེ་འཁོར་གྱི་དགོན་སྡེ་ཁག་ལ་གནས་གཟིགས་དང་། ཕྱི་ཚེས་ ༢༤ སྔ་དྲོ་ཆུ་ཚོད་ ༨༌༣༠ ཐོག་འབྲས་སྤུངས་ཚོགས་ཆེན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པའི་གདན་ཁྲི་ཆེན་པོར་མངའ་གསོལ་མཛད་ཐོག་ཕེབས་བཞུགས་གནང་རྗེས། འབྲས་སྤུངས་བླ་སྤྱི་གསེར་ཁྲི་མངའ་གསོལ་གོ་སྒྲིག་ཚོགས་ཆུང་ནས་མཐུན་འགྱུར་ཞུས་པ་བཞིན་ཉིན་རྒྱབ་ཆུ་ཚོད་ ༡༢༌༡༥ ཙམ་ནས་འབྲས་སྤུངས་བློ་གླིང་སྣུམ་འཁོར་བརྒྱུད་སྦེལ་ཀོབ་ས་གནས་སུ་ཕེབས་ཐོན་གྱིས། དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༨༌༣༠ ཡན་མན་ལ་སྦེལ་ཀོབ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་མགྲོན་ཁང་དུ་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གྱི་ཁྲིམས་ཞིབ་པ་ཕུན་ཚོགས་དཔལ་ལྡན་ལགས་གཙོས་པའི་སྦེལ་ཀོབ་ལུགས་བསམ་གྱི་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་དང་། སྦེལ་ཀོབ་བདེ་སླར་ས་གནས་འགོ་འཛིན་ངག་དབང་བསྟན་འཛིན་ལགས། དེ་བཞིན་ས་གནས་ཁྲིམས་ཞིབ་ཁང་གི་ལས་བྱེད་བཅས་ནས་ཕེབས་བསུ་སྣེ་ལེན་ཞུས། ཕྱི་ཚེས་ ༢༥ དང་ ༢༦ ཉིན་གཉིས་རིང་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་ནས་གོ་སྒྲིག་ཞུས་པའི་ས་གནས་ཀྱི་ལས་རིམ་ནང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ཕེབས་བཞུགས་གནང་རྒྱུ་ཡིན་པ་བཅས། །
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་འབྲས་དཀར་སྤུངས་པའི་འདུས་སྤྱི་ནས་༸རྒྱལ་བ་སྐུའི་ཕྲེང་བས་མཛད་པ་རྣམ་ཐར་བདག་གིར་བཞེས་པ་ལྟར་འབྲས་སྤུངས་ཚོག...
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ ༡༢ པའི་ཚེས་ ༢༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་ས་གནས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་འདུས་སྤྱི་ནས་༸རྒྱལ་བ་སྐུའི་ཕྲེང་བས་མཛད་པ་རྣམ་ཐར་བདག་གིར་བཞེས་པ་ལྟར་འབྲས་སྤུངས་ཚོགས་ཆེན་འདུ་ཁང་ཆེན་མོ་རུ་གསེར་ཁྲིར་མངའ་གསོལ་དང་། བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་། སྐབས་དེའི་མཛད་སྒོའི་ཐོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག འབྲས་སྤུངས་མཁན་པོ་ཁྲི་པ་རྟོགས་ལྡན་རིན་པོ་ཆེ་མཆོག དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག གཞན་ཡང་རིན་པོ་ཆེ་རྣམ་པ་དང་། འབྲས་སྒོ་མང་དང་བློ་གླིང་གིས་གཙོས་པའི་དགོན་སྡེ་ཁག་གི་མཁན་ལས་ཟུར་རྣམ་པ། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས། མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་རིན་ཆེན་དབང་མོ་ལགས། སེར་སྐྱ་མི་མང་བཅས་ཕེབས་འདུག དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་འབྲས་སྤུངས་ཁྲི་པར་གསེར་ཁྲིར་མངའ་གསོལ་དང་། མགོན་པོ་གང་ཉིད་མཆོག་ལ་ཐུགས་རྗེ་བཀའ་དྲིན་ཆེ་ཞུའི་མཚོན་བྱེད་དུ། འབྲས་སྤུངས་མཁན་པོ་ཁྲི་པ་སྐྱབས་རྗེ་རྟོགས་ལྡན་རིན་པོ་ཆེ་དང་། གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས་བཅས་ནས་གསེར་ཟངས་ལས་གྲུབ་པའི་༸རྗེ་འཇམ་དབྱངས་ཆོས་རྗེའི་སྐུ་བརྙན་བྱོན་ལེགས་ཤིག་འབུལ་ལམ་ཞུས་པ་དང་། དེ་བཞིན་སྟག་ཚང་རྭ་སྟོད་གྲྭ་ཚང་ནས། ༧རྒྱལ་དབང་མཆོག་ནས་མི་ལོ་དགུ་བཅུའི་རིང། འཇིག་རྟེན་ཁྱོན་ལ་གཞན་ཕན་འཕྲིན་ལས་ཀྱིས་དབང་བསྒྱུར་བའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ། ཆོས་ཀྱི་འཁོར་ལོ་ཞིག་རྭ་སྟོད་མཁན་རིན་པོ་ཆེ་དང་མཁན་ཟུར་རྣམ་པ་གཉིས་བཅས་ནས་འབུལ་ལམ་ཞུས་གནང་སོང་བ་བཅས། །
ལས་བྱེད་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་ནས་ལྡི་ལི་བོད་ཁྱིམ་སྡོད་ཁང་དུ་ལྡི་ལིའི་མཐོ་སློབ་ཁག་གི་བོད་ཕྲུག་རྣམས་ལ་གོ་རྟོགས་གསུང་བཤད་ལས་རིམ་ལེགས་པར་གྲུབ...
༄༅། །འདི་གར་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༢༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ ནས་ ༧ བར་ལྡི་ལི་བོད་ཁྱིམ་སྡོད་ཁང་དུ། ལྡི་ལི་ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས་དང་བོད་ཀྱི་གཞོན་ནུ་སྡོད་ཁང་གི་འགན་འཛིན་བསྟན་འཛིན་ཐུབ་བསྟན་ལགས་ཚོགས་ཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་ནས་ལྡི་ལི་མཐོ་སློབ་ཁག་གི་བོད་ཕྲུག་སློབ་མ་རྣམས་ལ་ཤེས་ཡོན་གྱི་གལ་གནད་དང་། དེར་ཤུགས་གནོན་དགོས་གལ། ཤེས་ཡོན་ཙམ་གྱི་མི་འདང་བར་ལྷག་བསམ་དང་སྤྱི་སེམས་དགོས་གལ་སྐོར་དང་། ཡིག་རྒྱུགས་སྐབས་དོ་སྣང་ཞུ་སྒོ་ཁག བོད་མི་ཞིག་ཡིན་པའི་འགན་ཁུར་དང་བོད་མིའི་སྒྲིག་འཛུགས་ནང་སྲི་ཞུའི་གོ་སྐབས་བཅས་ཀྱི་ཐད་གསུང་བཤད་གནང་བ་མ་ཟད། སྲི་ཞུར་ཞུགས་རྒྱུའི་གཞི་རྩའི་ཆ་རྐྱེན་དང་། ས་མིག་སོགས་ཀྱི་ཐོག་ལ་འགྲེལ་བརྗོད་ཞིབ་ནན་གནང་ཡོད།དེ་བཞིན་བོད་མི་བཙན་བྱོལ་བ་ཞིག་ཡིན་པས་ཆ་ནས་ཤེས་ཡོན་ལ་དོ་སྣང་དགོས་པ་དང་། རང་ཉིད་ཙམ་མིན་པར་ཕ་མ་སྤུན་མཆེད་དང་བོད་སྤྱི་བའི་རྩ་དོན་ལ་ཕན་པའི་བོད་མི་བཟང་པོ་ཞིག་བྱེད་དགོས་པའི་ལམ་སྟོན་དང་། བོད་ཕྲུག་སློབ་མ་ཚོས་རང་གི་སློབ་གྲོགས་མི་རིགས་གཞན་རྣམས་ལ་བོད་དོན་འགྲེལ་བརྗོད་ཀྱིས་གོ་རྟོགས་སྤེལ་རྒྱུ་ནི་འབྱུང་འགྱུར་བོད་དོན་དྲིལ་བསྒྲིགས་དང་ཞུ་གཏུག་ལ་ཁེ་ཕན་ཡོང་རྒྱུ་ཡིན་པ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཡིད་ལ་བཅངས་པའི་ཐོག་ནས་བོད་ཕྲུག་གཞོན་སྐྱེས་རྣམས་ནས་བོད་ཀྱི་རྩ་དོན་ཐོག་འགན་ཁུར་ཆེ་བཞེས་དགོས་ལུགས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་སློབ་མ་རྣམས་ཀྱི་དྲི་བ་ཁག་ལ་ལེན་འདེབས་གནང་ཡོད། དེ་རྗེས་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ལས་རིམ་མཇུག་སྒྲིལ་ཡོད། ཕྱི་ཚེས་ ༢༤ ཉིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་ཝ་ར་ཎ་སིར་ཕེབས་ཐོན་གནང་ཡོད་པ་དང་། ཁོང་དང་ལྷན་དུ་འདེམས་ལྷན་ལས་བྱེད་བསྟན་འཛིན་འབྱུང་གནས་ལགས་ལྷན་བཅར་ཞུས་ཡོད། །
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་གསེར་ཁྲིར་མངའ་གསོལ་དང་བརྟན་བཞུགས་བསྟར་འབུལ།
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༢༤ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་ཀརནཱ་ཊཀ་མངའ་སྡེའི་མོན་གྷོ་རུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་འབྲས་སྤུངས་བླ་སྤྱིའི་ཚོགས་ཆེན་འདུ་ཁང་ཆེན་མོ་རུ་གསེར་ཁྲིར་མངའ་གསོལ་དང་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། དེ་ཡང་གོང་ཚེས་སྔ་དྲོ་ཆུ་ཚོད་ ༨།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྒོ་མང་ཆོས་གྲྭ་གསར་པ་ནས་ཆིབས་བསྒྱུར་གྱིས་འབྲས་སྤུངས་ཚོགས་ཆེན་གཞུང་སྒོའི་མདུན་གྱི་རྡོ་བཅལ་སྟེང་དུ་སཾ་བྷོ་ཊའི་སློབ་ཕྲུག་ཚོས་བཀྲ་ཤིས་བྲོ་གར་གྱིས་ཕེབས་བསུ་དང་། འབྲས་སྤུངས་མཁན་པོ་ཁྲི་པ་རྟོགས་ལྡན་རིན་པོ་ཆེ། སྒོ་བློ་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས། རྭ་སྟོད་མཁན་རིན་པོ་ཆེ། ཚོགས་ཆེན་ཞལ་ངོ་རྣམ་གཉིས། འབྲས་སྤུངས་བླ་སྤྱིའི་ཕྱག་མཛོད་བཅས་ནས་སྤོས་སྣེས་དྲངས་ཏེ། འབྲས་སྤུངས་ཚོགས་ཆེན་གཙུག་ལག་ཁང་དུ་གདན་ཞུ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སོགས་ནས་ཕེབས་བསུ་དང་། དབུ་མཛད་ཆེན་མོས་དམིགས་བརྩེ་མའི་དབྱངས་རྟ་དབུ་བསྐུལ་ནས་འདུས་དམངས་ནས་དམིགས་བརྩེ་མ་གསུང་འདོན་དང་འབྲེལ་མགོན་པོ་མཆོག་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་ལ་༸ཞབས་སོར་འཁོད་མཚམས་འབྲས་སྤུངས་མཁན་པོ་ཁྲི་པ་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།དེ་ནས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་འབྲས་སྤུངས་ཁྲི་པར་གསེར་ཁྲིར་མངའ་གསོལ་དང་། མགོན་པོ་གང་ཉིད་མཆོག་ལ་ཐུགས་རྗེ་བཀའ་དྲིན་ཆེ་ཞུའི་མཚོན་བྱེད་དུ། འབྲས་སྤུངས་མཁན་པོ་ཁྲི་པ་སྐྱབས་རྗེ་རྟོགས་ལྡན་རིན་པོ་ཆེ་དང་། གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས་བཅས་ནས་གསེར་ཟངས་ལས་གྲུབ་པའི་༸རྗེ་འཇམ་དབྱངས་ཆོས་རྗེའི་སྐུ་བརྙན་བྱོན་ལེགས་ཤིག་འབུལ་ལམ་ཞུས་པ་དང་། སྟག་ཚང་རྭ་སྟོད་གྲྭ་ཚང་ནས། ༧རྒྱལ་དབང་མཆོག་ནས་མི་ལོ་དགུ་བཅུའི་རིང་། འཇིག་རྟེན་ཁྱོན་ལ་གཞན་ཕན་འཕྲིན་ལས་ཀྱིས་དབང་བསྒྱུར་བའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ། ཆོས་ཀྱི་འཁོར་ལོ་ཞིག་རྭ་སྟོད་མཁན་རིན་པོ་ཆེ་དང་མཁན་ཟུར་རྣམ་པ་གཉིས་བཅས་ནས་འབུལ་ལམ་ཞུས་མཚམས། འབྲས་སྤུངས་མཁན་པོ་ཁྲི་པ་རྟོགས་ལྡན་རིན་པོ་ཆེ་ནས་གསེར་ཁྲི་མངའ་གསོལ་དང་འབྲེལ་གསུང་བཤད་གནང་དོན་དུ། ཕྱི་ལོ་ ༡༤༡༦ ལོར་རྗེ་ཙོང་ཁ་པ་ཆེན་པོས་གང་ཉིད་ཀྱི་ཐུགས་སྲས་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ཆེན་པོར་དགའ་ལྡན་འགོག་པ་རི་ནས་གཏེར་དུ་བཞེས་པའི་ཆོས་དུང་དྲི་མ་མེད་པ་གནང་སྟེ། ཆོས་སྡེ་ཕུན་སུམ་ཚོགས་པ་ཞིག་འདེབས་དགོས་པའི་ལུང་བསྟན་གནང་བ་དང་། རྗེ་དེ་ཉིད་ཀྱིས་ཕྱིས་སུ་ནཱ་ལེནྡྲ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཕྱག་བཏབ་ཅིང་། བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཡུན་རིང་བསྐྱངས་པའི་རྣམ་པར་ཐར་བ་དང་། ཕྱིས་སུ་མཁས་ཤིང་གྲུབ་པའི་དབང་ཕྱུག་རིམ་པར་བྱོན་པ་དང་། ༸རྒྱལ་བ་དགེ་འདུན་རྒྱ་མཚོ་མཆོག་ནས་བཟུང་༸རྒྱལ་མཆོག་བཅུ་གསུམ་པ་ཆེན་པོའི་བར་དུ་སྐུ་ཕྲེང་ཟམ་མ་ཆད་པར་བྱོན་པ་རྣམས་ཀྱིས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་ཀྱི་ཁྲི་ལ་མངའ་བསྒྱུར་བ་སོགས་ཀྱི་བྱུང་རབས་སྙན་སེང་དང་།གཞན་ཡང་། ༸མགོན་པོ་གང་ཉིད་མཆོག་ནས་ཐོག་མར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཐུགས་སྲས་རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ཆེན་པོར་སྐུའི་སྐྱེ་བ་བསམ་བཞིན་དུ་བཞེས་ཏེ་ཆོས་སྡེ་ཆེན་པོ་འདི་ཉིད་ཕྱག་འདེབས་པར་མཛད་ཅིང་།...
དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༥་་་༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་འོས་བསྡུ་ཆེན་མོའི་ལས་རིམ་དང་འབ...
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༢༣ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་ལོ་ ༢༠༢༥་་་༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་འོས་བསྡུ་ཆེན་མོའི་ལས་རིམ་དང་འབྲེལ་ནས་གཞུང་འབྲེལ་ཕྱོགས་སྐྱོད་གནང་བའི་བརྒྱུད་རིམ་དང་། འོས་འཕེན་པའི་དབེ་སྐྱེལ་གྲངས་འབོར་ཕྱོགས་བསྡོམས་སྐོར། རྩ་འཛིན་ལམ་སྟོན་ཁག་དང་འབྲེལ་བའི་སྐོར། བཀྲ་ཤིས་སྟོབས་རྒྱལ་ (ལུག་རྫི་) དང་འབྲེལ་བའི་སྐོར་བཅས་ཀྱི་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་དབུ་བཞུགས་ཐོག་འོས་བསྡུའི་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས་དང་། སྣང་ས་ཆོས་སྒྲོན་ལགས། དྲུང་ཆེ་བློ་བཟང་ཆོས་གྲགས་ལགས། དྲུང་འཕར་བསྟན་འཛིན་ནོར་བུ་ལགས། བོད་པའི་གསར་འགོད་པ་བཅས་ལྷན་འཛོམས་ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་གསར་འགོད་གསལ་བསྒྲགས་གནང་དོན། ཕྱི་ལོ་ ༢༠༢༥་་༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་འོས་བསྡུ་ཆེན་མོའི་ལས་དོན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས། ༡།གཞུང་འབྲེལ་ཕྱོགས་བསྐྱོད་གནང་བའི་བརྒྱུད་རིམ་སྐོར། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༥་་་༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་ཚགས་ཚུད་ཡོང་སླད་དང་། མང་ཚོགས་ལ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན་སོགས་གོ་རྟོགས་སྤེལ་ཆེད། ཕྱི་ལོ་ ༢༠༢༥ ཟླ་ ༡༠...
བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཀརནཱ་ཊཀ་མངའ་སྡེའི་ནང་སྲིད་བློན་ཆེན་མཆོག་དང་མཇལ་འཕྲད་གནང་བ།
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༩ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་གྷམ་གྲོང་ཁྱེར་དུ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་ཀརནཱ་ཊཀ་མངའ་སྡེའི་ནང་སྲིད་བློན་ཆེན་སྐུ་ཞབས་ཇི་པར་མེཤྭ་ར་མཆོག་དང་མཇལ་འཕྲད་གནང་ཡོད། དེ་ཡང་ཕྱི་ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཞབས་སོར་བདེ་བར་འཁོད་ཡོད་ཅིང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་ཀརནཱ་ཊཀ་མངའ་སྡེའི་གཞུང་གི་དགུན་ཁའི་གྲོས་ཚོགས་ཀྱི་ཉིན་མཐའ་མ་དང་སྟབས་བསྟུན་ནས་མཇལ་འཕྲད་འདི་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད། མཇལ་འཕྲད་སྐབས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཀརནཱ་ཊཀ་མངའ་སྡེའི་གཞུང་ནས་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་བའི་ཕྱི་ལོ་ ༢༠༡༤ ལོའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་འོག་བཙན་བྱོལ་བོད་མིའི་འཚོ་བའི་ཐད་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད། དེ་བཞིན་བདེ་སྲུང་བཀའ་བློན་མཆོག་གིས་སྐུ་ཞབས་པ་ར་མེཤྭ་ར་མཆོག་བཙན་བྱོལ་བོད་མིའི་རིག་གཞུང་དང་སྲོལ་རྒྱུན་གྱི་གོམས་སྲོལ་རྣམས་དངོས་སུ་གཟིགས་ཆེད་མོན་གྷོ་བོད་མིའི་གཞིས་ཆགས་དང་བཞུགས་སྒར་དྷ་རམ་ས་ལར་མགྲོན་འབོད་གནང་ཡོད། དེ་ནས་བདེ་སྲུང་བཀའ་བློན་མཆོག་གིས་འཕགས་བོད་གཉིས་ཀྱི་འབྲེལ་བ་བསྐྱར་ནན་མཚོན་ཆེད་སྟོན་པའི་སྐུ་ཐང་ཞིག་ཕྱག་རྟགས་སུ་ཕུལ་བ་དང་། སྐུ་ཞབས་ཇི་པར་མེཤྭ་ར་མཆོག་གིས་དགའ་བསུ་དང་འབྲེལ་མངའ་སྡེའི་གཞུང་ནས་བཙན་བྱོལ་བོད་མིར་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་ཡོད། ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཆེན་པོ་ཡོད་པ་དང་། བདུན་ཕྲག་རྗེས་མའི་ནང་མོན་གྷོ་རུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་འཆར་ཡོད་ཅེས་གསུངས་ཡོད། ཐེངས་འདིའི་མཇལ་འཕྲད་སྐབས་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།
དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འ...
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༢༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་ས་གནས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་འདུས་སྤྱི་ནས་༸རྒྱལ་བ་སྐུའི་ཕྲེང་བས་མཛད་པ་རྣམ་ཐར་བདག་གིར་བཞེས་པ་ལྟར་འབྲས་སྤུངས་ཚོགས་ཆེན་དུ་གསེར་ཁྲི་མངའ་གསོལ་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་དུ་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད། དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཧུབ་ལི་བརྒྱུད་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༤ ཉིན་དཔལ་ལྡན་འབྲས་དཀར་སྤུངས་པའི་འདུས་སྤྱི་ནས་འབྲས་སྤུངས་ཚོགས་ཆེན་དུ་གསེར་ཁྲི་མངའ་གསོལ་དང་། བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་སྒོའི་ཐོག་ཆེད་བཅར་ཞུ་རྒྱུ། ཕྱི་ཚེས་ ༢༥ ཉིན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་ཧུབ་ལི་བརྒྱུད་ལྡི་ལི་དང་དེ་ནས་བཞུགས་སྒར་དྷ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་མོན་གྷོ་དང་། སྦེལ་ཀོབ་ས་གནས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་རྒྱ་གར་ལྷོ་ཕྱོགས་ས་གནས་མོན་གྷོ་རྟེན་གཞིས་ཆགས་པའི་དཔལ་ལྡན་འབྲས་སྤུངས་འདུས་པའི་བླ་སྤྱི་ནས་གོ་སྒྲིག་ཞུས་པའི་གསེར་ཁྲི་མངའ་གསོལ་དང་བརྟན་བཞུགས་མཛད་སྒོ་ཐོག་སྐུ་མགྲོན་དུ་མགྲོན་འབོད་ཞུས་པ་ལྟར་ཕེབས་གཏན་འཁེལ་བ་བཞིན། ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༢༢ ཉིན་དྷ་ས་ནས་མཁའ་ལམ་བརྒྱུད་ལྡི་ལི་དང་། ལྡི་ལི་ནས་ཧུབ་ལི་གནམ་ཐང་དུ་དགོང་མོ་ཕེབས་འབྱོར་གྱིས། ཕྱི་ཚེས་ ༢༢ དང་ ༢༤ ཉིན་དཔལ་ལྡན་འབྲས་སྤུངས་གསེར་ཁྲི་མངའ་གསོལ་ཚོགས་ཆེན་མཛད་སྒོ་ཐོག་ཕེབས་ཞུགས་གནང་རྒྱུ་ཡིན་པ་དང་། ཚེས་ ༢༤ དགོང་མོར་ཧུབ་ལི་ནས་མེ་འཁོར་བརྒྱུད་ཕྱི་ཉིན་ཞོགས་པ་སྔ་པོ་མཱེ་སོར་དང་། མཱེ་སོར་ནས་སྦེལ་ཀོབ་ས་གནས་སུ་ཕེབས་འབྱོར་གྱིས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་དང་། ཕྱི་ཚེས་ ༢༨ ཉིན་སྦེང་ལོར་ནས་མཁའ་ལམ་བརྒྱུད་དྷ་ས་གྷ་གྷལ་གནམ་ཐང་དུ་ཕེབས་འབྱོར། དེའི་རྗེས་གཞུང་འབྲེལ་སྣུམ་འཁོར་བརྒྱུད་གངས་སྐྱིད་ཕེབས་གཏན་འཁེལ་ཡོད་པ་བཅས། །
༧སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་ལྷན་འཛོམས་ཐོག་སྨོན་ལམ་གསུང་འདོན་གནང་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུ་ཕེབས་པའི་༧སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༥ ཟླ་ ༡༢ པའི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བདག་ཉིད་ཆེན་པོ་གྷན་དིའི་དྲན་རྟེན་བཞུགས་ཡུལ་ (Raj Ghat Memorial New Delhi) དུ། འཛམ་གླིང་ཞི་བདེ་དང་། ཆོས་ལུགས་མཐུན་འབྲེལ། བདེན་པ་ཉིད་རྒྱལ་བའི་ཕྱིར་འཛམ་གླིང་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་ལྷན་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གྱི་ལས་རིམ་ཞིག་བསྐྱངས་ཡོད་པ་རེད། དེ་ཉིན་སྔ་དྲོའི་ལས་རིམ་ཐོག བཱ་ཧེ་ Baha’i ཆོས་ལུགས་ཀྱི་སྐུ་ཚབ་ལྕམ་སྐུ་ཏ་ནུ་ གྷན་དྷི་ (Ms. Tanu Gandhi from Baha’i) མཆོག་དང་། ནང་པའི་སྐུ་ཚབ་བྷན་ཊི་ ཝང་གྷི་ (Bante Wangi , Maha...
༧གོང་ས་མཆོག་གི་སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཐོག་ནས་དོན་ཚན་ལྔ་ཅན་གྱི་གྲོས་ཆོད་ཅིག་གཏན་འབེབས་...
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ པའི་ཚེས་ ༡༨ ཉིན་དགོང་དྲོ་ཆུ་ཚོད་ ༧།༠༠ པའི་ཐོག རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རོ་ཡལ་ པ་ལཱ་ཛ་ (The Royal Plaza) ཞེས་པའི་གསོལ་མགྲོན་ཁང་དུ་རྒྱ་གར་དབུས་གཞུང་གི་སྤྱི་ཚོགས་དྲང་བདེན་དང་ནུས་སྟོབས་གོང་སྤེལ་བློན་ཆེན་སྐུ་ཞབས་རམ་རྡ་སི་ ཨ་ཐ་ཝ་ལི་ (Shri Ramdas Athawale, Minister of State for Social Justice and Empowerment) མཆོག་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷར་ཊ་རུ་ཧ་རི་ མཱེ་ཏབ་ (Shri Bhartruhari Mahtab, MP Lok...
ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཁམས་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་འབྲེལ་མི་གྲངས་ ༨༠ ཡས་མས་འཛིན་བཟུང་བཀག་ཉར་བྱས་པར་སེམས་འཚབ་བསྟན་པ...
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༨ ཉིན་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཁམས་རྫ་ཆུ་ཁ་རུ་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ལ་ངོ་རྒོལ་གནང་མཁན་ས་གནས་ཀྱི་བོད་མི་ ༨༠ ཙམ་ལ་འཛིན་བཟུང་བཙན་ཁྲིད་དང་། འབྲེལ་ལམ་དམ་བསྒྲགས་བྱས་པའི་ཛ་དྲག་གི་གནས་ཚུལ་དེར་སེམས་འཚབ་བསྟན་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད། དེ་ཡང་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་རྣམ་གཉིས་ཀྱིས་བོད་ནང་ཁོར་ཡུག་སྲུང་སྐྱོབ་ཆེད་བོད་མི་རྣམས་ནས་ཞི་བའི་ངོ་རྒོལ་བྱས་པ་དེར་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ལག་བསྟར་བྱས་པར་སྐྱོན་བརྗོད་གནང་བ་དང་སྦྲགས། བོད་མི་རྣམས་ཀྱི་གཞི་རྩའི་ཐོབ་ཐང་དང་། ལྷག་པར་སྨྲ་བརྗོད་རང་དབང་། ཞི་བའི་འདུ་འཛོམས། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་རང་དབང་ལ་རྡོག་རོལ་གཏོང་བཞིན་ཡོད་པར་ངོས་འཛིན་གནང་ཡོད། གསལ་བསྒྲགས་དེས་རྒྱ་ནག་གཞུང་གི་གཉའ་གནོན་ཅན་གྱི་བྱ་སྤྱོད་དེར་སྐྱོན་བརྗོད་གནང་གི་ཡོད་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གནས་སྟངས་དེ་མྱུར་དུ་ཞི་འཇམ་བཟོ་དགོས་པའི་ནན་སྐུལ་གནང་གི་ཡོད། དེ་བཞིན་ཞི་བའི་ངང་ནས་ཐོབ་ཐང་སྤྱོད་པ་ཙམ་གྱིས་བཙོན་འཇུག་བྱས་པ་རྣམས་གློད་བཀྲོལ་དགོས་པ་དང་། ཞི་བའི་ངོ་རྒོལ་བ་ཚོར་བཙན་དབང་གི་ཐབས་ལམ་ལག་བསྟར་བྱས་པ་དེ་དག་མཚམས་འཇོག་དགོས་པའི་སྐུལ་མ་གནང་། དེ་མཚུངས་གནས་སྟངས་དེ་ཁ་གསལ་ཡོང་སླད་རང་དབང་རྟོག་ཞིབ་དགོས་པ་དང་། སྐབས་དེར་གནོད་སྐྱོན་ཕོག་པའི་བོད་མི་དང་ལྷན་གོ་བསྡུར་དགོས་གལ་ཡིན་པ་ནན་བརྗོད་གནང་བ་དང་འབྲེལ། དེ་འདྲ་བའི་གནས་སྟངས་འགོག་ཐབས་དང་། བདེ་འཇགས་ལས་ཁུངས་དང་ས་གནས་ཀྱི་གནད་ཡོད་མི་སྣའི་བྱ་སྤྱོད་ལ་འགན་ཁྲིད་ཡོང་སླད་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་ལ་གུས་བརྩི་དགོས་གལ་ཡིན་པ་འཁོད་ཡོད། ཡུ་རོབ་གྲོས་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱབ་སྐྱོར་བསྐྱར་ནན་དང་སྦྲགས། ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མིར་གདུང་སེམས་མཉམ་སྐྱེད་ཡོད་པ་དང་། རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་འོག་འགན་འཁྲི་དགོས་པ། བོད་པའི་ས་གཞི་དང་། རིག་གཞུང་། སྲོལ་རྒྱུན་འཚོ་གནས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ་བཅས་འབོད་སྐུལ་གནང་། བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་རྣམ་གཉིས་ཀྱིས་ཚོགས་པའི་ཚབ་ཞུས་ཏེ་བསྒྲགས་གཏམ་དེ་སྤེལ་བར་འཚམས་འདྲི་ཞུས་གནང་བ་དང་ཆབས་ཅིག ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད། ཁོང་མོས་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ཁོར་ཡུག་ལ་གནོད་སྐྱོན་ཇེ་ཆེར་གཏོང་བཞིན་པའི་སྐབས་རྒྱལ་སྤྱིའི་གཞི་རྩའི་འབྲེལ་ལམ་དགོས་གལ་ཡིན་པ་མ་ཟད། བོད་པའི་སྤྱི་ཚོགས་སྲུང་སྐྱོབ་དང་། ནག་ཉེས་བྱེད་པོ་ཁག་ལ་འགན་འཁྲི་དགོས་པ། དེ་བཞིན་བོད་མི་རྣམས་ཀྱི་རང་གི་ས་གཞི་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འབོད་སྐུལ་དེར་གུས་བརྩི་ཡོང་ཆེད་ལག་བསྟར་གནང་དགོས་པའི་ནན་བརྗོད་གནང་ཡོད་པ་བཅས།།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ...
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༢ ནས ༡༨ བར་ཉིན་གྲངས་བདུན་རིང་རྒྱ་གར་རྒྱལ་ས་ལྡི་ལིར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཚོགས་ཆུང་གསུམ་ལ་ཆ་བགོས་ཀྱིས་རྒྱ་གར་དབུས་གཞུང་གི་བློན་ཆེན་ ༤ ཚུད་པའི་རྒྱ་གར་སྲིད་དོན་ཚོགས་པ་ཁག་མི་འདྲ་བ་ ༡༤ དང་། Indenpendent གྲོས་ཚོགས་འཐུས་མི་ ༢ བཅས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་ ༤༣ དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐོག་བོད་དོན་ཞུ་སྐུལ་ཐེངས་འདིའི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད་པ་རེད། དེ་ཡང་ཕྱི་ཚེས་ ༡༨ ཉིན་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོས། ༡) ཀརནཱ་ཊཀ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལཱ་ཧར་ སིངྒ་ སི་རོ་ཡ་ (Shri Lahar Singh Siroya, Rajya Sabha MP) མཆོག་དང་། ༢) ཨོ་ཌི་ཤཱ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ལ་པར་དིབ་ པུ་རོ་ཧི་ཌི་...
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེང་རབས་ཚན་རིག་གི་བརྗོད་གཞི་ཁག་གཅིག་རྟགས་བསལ་གྱི་ལམ་ནས་སྦྱངས་བཤད་གཟིགས་འབུལ་ཞུས་པ།
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཚན་རིག་ཟབ་སྦྱོང་བ་གྲྭ་བཙུན་རྣམས་ཀྱིས་དེང་རབས་ཚན་རིག་གི་ཁོངས་སྐྱེ་དངོས་རིག་པ་དང་། དངོས་ཁམས་རིག་པ་སོགས་ཀྱི་བརྗོད་གཞི་ཁག་ཅིག་བོད་ཀྱི་རྟགས་བསལ་རིགས་ལམ་གྱི་སྒོ་ནས་བརྒལ་བརྟག་གཟིགས་འབུལ་ཞུས་ཡོད་པ་རེད། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་བོད་རིགས་དང་སོག་རིགས། ཕྱི་གླིང་པ་སོགས་དད་ལྡན་སེར་སྐྱ་ ༢༦༤ ལ་མཇལ་ཁ་སྩལ་རྗེས་གདན་ས་ཁག་ཏུ་དགེ་བཤེས་ལྷ་རམས་པ་དང་། དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་བཞིན་པའི་དགེ་འདུན་པ་དང་བཙུན་མ་སོགས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཚན་རིག་ཟབ་སྦྱོང་བ་གྲྭ་བཙུན་རྣམས་ཀྱིས་སྐྱེ་དངོས་ཚན་རིག་དང་། དངོས་ཁམས་ཚན་རིག དབང་རྩ་ཚན་རིག ཚན་རིག་གི་ཐབས་ལམ་བཅས་ཀྱི་སྐོར་ལ་རྟགས་བསལ་གྱི་ལམ་ནས་རྩོད་པ་གནང་ཡོད་པ་རེད།སྐྱེ་དངོས་ཚན་རིག་གི་རྩོད་པའི་སྐབས་སུ། ཚེ་སྲོག་གི་ངོ་བོ་དང་། ཚེ་སྲོག་ལ་ཚང་དགོས་པའི་ཁྱད་ཆོས། དེ་བཞིན་ཚེ་སྲོག་གི་ཐོག་མཐའ་དང་ཕྲ་ཕུང་གི་གྲུབ་ཚུལ་བཅས་ལ་དཔྱད་པ་བྱས་ཡོད། དེའི་ནང་ཚེ་སྲོག་ལ་ངེས་པར་དུ་ཚང་དགོས་པའི་ཁྱད་ཆོས་དང་། ཕྲ་ཕུང་གི་འབྱུང་ཁུངས་སོགས་ཀྱི་སྐོར་ལ་དྲི་བ་བཏོན་ཏེ་རྩོད་པ་གནང་བ་དང་། དེ་བཞིན་དངོས་ཁམས་ཚན་རིག་གི་རྩོད་པའི་སྐབས་སུ། བེམ་གཟུགས་ཀྱི་རྩོམ་གཞི་དང་། ཕྱིའི་འཇིག་རྟེན་གྲུབ་ལུགས། དུས་དང་རྡུལ་གྱི་ངོ་བོ་བཅས་ལ་དཔྱད་པ་བྱས་ཡོད། དེའི་ནང་སྲོལ་རྒྱུན་དངོས་ཁམས་ཚན་རིག་གི་ལྟ་ཚུལ་དང་། དེང་རབས་དངོས་ཁམས་ཚན་རིག་གི་ལྟ་ཚུལ་གཉིས་ཀྱི་ཁྱད་པར་དང་། ལྷག་པར་དུ་རྡུལ་ཕྲ་མོའི་ངོ་བོ་དང་། དབུ་མ་པའི་ལྟ་ཚུལ་དང་ཇི་ལྟར་མཐུན་མིན་བཅས་ལ་དྲི་བ་བཏོན་ཏེ་རྩོད་པ་གནང་བ་དང་། མུ་མཐུད་དབང་རྩ་ཚན་རིག་གི་རྩོད་པའི་སྐབས་སུ། མིག་ཤེས་ཀྱིས་ཡུལ་རྟོགས་སྟངས་དང་། དབང་ཤེས་སྐྱེ་བའི་རྐྱེན། དབང་ཤེས་ཀྱི་ངོ་བོ་དང་ཚད་མ། དེ་བཞིན་མི་དང་སྲོག་ཆགས་གཞན་གྱི་དབང་པོའི་ནུས་པ་བཅས་ལ་དཔྱད་པ་དང་། དེའི་ནང་དབང་ཤེས་སྐྱེ་སྟངས་དང་། དབང་ཤེས་སྐྱེ་བའི་རྐྱེན། དབང་ཤེས་ཚད་མ་ཡིན་མིན། དབང་ཤེས་དང་ཡིད་ཤེས་སྐྱེ་བའི་རིམ་པ་བཅས་ཀྱི་སྐོར་རྟགས་བསལ་བཏང་བ་དང་།...
འཕགས་བོད་འབྲེལ་མཐུད་ལས་ཁང་ནས་ཨུཏྟར་པྲདེཤ་མངའ་ཁུལ་དུ་བདུན་གཅིག་རིང་བོད་དོན་གོ་རྟོགས་ཀྱི་ལས་རིམ་ལེགས་གྲུབ་བྱུང་བ།
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༦ ཉིན་འཕགས་བོད་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་ཝཱ་རཱ་ཎ་སིར་རྟེན་གཞི་བྱས་པའི་སནྟ་ཀབཱིར་དཱས་ (Sant Kabir Das ) མཆོག་གི་འཁྲུངས་ཡུལ་སནྟ་ཀབཱིར་དཱས་སྠལ་ (Sant Kabir Das Sthali) དུ་རྒྱལ་ཡོངས་རིམ་པའི་ལས་གཞི་སྤེལ་བའི་བརྒྱུད་བདུན་གཅིག་རིང་གི་བོད་དོན་གོ་རྟོགས་ཀྱི་ལས་རིམ་དེ་བཞིན་ལེགས་གྲུབ་བྱུང་ཡོད། དེ་ཡང་འཕགས་བོད་འབྲེལ་མཐུད་ལས་ཁང་དང་ཤིབ་དྷམ་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་བོད་རང་དབང་མཐུན་ཚོགས་(Shivdham Kailash Mansarovar Tibet Freedom Associatio) ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཟུང་སྦྲེལ་ཐོག་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ། དེ་བཞིན་འཕགས་བོད་ཀྱི་འབྲེལ་ལམ་ཐོག་རྒྱལ་སྤྱིའི་ལྟ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་ཅིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཁང་ནས་འཕགས་བོད་འབྲེལ་བའི་སྐོར་གྱི་འགྲེམས་སྟོན་ཞིག་ཀྱང་གོ་སྒྲིག་གནང་ཡོད། མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གཙོས་པས་ཨར་ཨེན་ཀར་ཝར་ (Dr. R. N. Kharwar) ལགས་དང་། བདག་ཉིད་ཆེན་པོ་གན་དྷི་རྒྱལ་སྤྱིའི་ཧིན་དྷུ་གཙུག་ལག་སློབ་གཉེར་ཁང་གི་ཆ་འཕྲིན་དང་སྐད་ཡིག་འཕྲུལ་ལས་ལྟེ་གནས་ཀྱི་འགན་འཛིན་ཝིཇེཡ་ཀོལ་ (Prof. Vijay Kaul) ལགས། རྒྱ་གར་སྦེ་ག་མཐུན་ཚོགས་ཀྱི་ཚོགས་གཙོ་སན་ཇེ་ཀུ་མར་སིངྒ་བབ་ལུ་ (Sanjay Kumar...
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་འཕྲིན་ལས་རྒྱས་ཐབས་སུ་གཡང་བུམ་སྨིན་སྒྲུབ་ཞུས་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་འཕྲིན་ལས་རྒྱས་ཐབས་སུ་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༥ ནས་ ༡༧ བར་ཉིན་གྲངས་གསུམ་གྱི་རིང་། དཔལ་འབྱོར་ལས་ཁུངས་ཀྱི་རྐང་འགན་ཁུར་འོག་གཡང་བུམ་སྨིན་སྒྲུབ་ཞུས་ཡོད། གཡང་བུམ་གྱི་ཕྱག་བཞེས་འདིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དཔལ་འབྱོར་དྲུང་ཆེ་གྱང་གསར་ཚེ་རིང་དོན་གྲུབ་ལགས་ཕེབས་ཞུགས་གནང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་གཡང་སྒྲུབ་འདི་བཞིན་ལོ་ལྟར་ཕྱི་ཟླ་བཅུ་གཅིག་གམ་བཅུ་གཉིས་ནང་སྨིན་སྒྲུབ་ཞུ་སྲོལ་ཡོད་པ་དང་། དེ་ཡང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམས་གདན་ཞུའི་ཐོག་ཉིན་གྲངས་གསུམ་གྱི་རིང་སྨིན་སྒྲུབ་ཞུས་ཀྱི་ཡོད། ལྷག་པར་གཡང་བུམ་སྒྲུབ་པའི་དུས་ཡུན་འདིའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་དགོས་དངུལ་འདོན་སྤྲོད་རིགས་གནང་གི་མེད་པ་རེད། རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་འཕྲིན་ལས་རྒྱས་ཐབས་སུ་བཙན་བྱོལ་ནང་ཕྱི་ལོ་ ༡༩༩༧ ལོར་ཆོས་རིག་ལས་ཁུངས་ཀྱི་བཀའ་དགོངས་ལྟར་མགོན་དཀར་གྱི་སྒོ་ནས་གཡང་སྒྲུབ་ཐོག་མ་དེ་སྨིན་སྒྲུབ་ཞུས་ཡོད་པ་བཅས།།
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་ཞུ་སྐུ...
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་རྒྱལ་ས་ལྡི་ལིར་དགུན་ཁའི་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཚོགས་ཆུང་གསུམ་ལ་ཆ་བགོས་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༦ ཉིན་བོད་དོན་ཞུ་སྐུལ་ཚོགས་ཆུང་གསུམ་ནས་རྒྱ་གར་དབུས་གཞུང་གི་བློན་ཆེན་གཉིས་དང་། མངའ་སྡེ་ཁག་མི་འདྲ་བ་བདུན་དང་། སྲིད་དོན་ཚོགས་པ་ཁག་མི་འདྲ་བ་ལྔ་ནས་རྒྱ་གར་དབུས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་དང་ལྷན་སོ་སོར་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་རེད། དེ་ཡང་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོས། ༡) ཨ་རུ་ན་ཅལ་མངའ་སྡེ་ནས་ཡིན་པ་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ལས་དོན་དང་འབྲེལ་བའི་བློན་ཆེན་སྐུ་ཞབས་ཀི་རེན་ རི་ཇི་ཇུ་ (Kiren Rijiju, Union Minister of Parliamentary Affairs of India) མཆོག་དང་། ༢) ཡུ་པི་མངའ་སྡེ་ནས་ཡིན་པ་ས་མ་ཇ་ཝ་ཏི་སྲིད་དོན་ཚོགས་པའི་ (Samajwadi Party) རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཝི་རེན་དྷར་ སིངྒ་ (Shri Virendra Singh, MP Lok Sabha) མཆོག...
































