BREAKING: Tibetan Exile Parliament Passes Resolution Against China's New "Assimilation" Law

1 month ago

རྒྱ་ནག་གི་མི་རིགས་བཙན་བསྒྱུར་གྱི་ཁྲིམས་ཡིག་གསར་པར་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་ཐོག་ནས་ངོ་རྒོལ་དང་སྦྲགས་གྲོས་ཆོད་ཀྱང་བསྣམས་ཕེབས་ཡོད་པ་རེད། ཉེ་ལམ་རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ཉིན་མཐའ་མ་སྟེ། ཕྱི་ཟླ་ ༣ ཚེས་ ༡༢ ཉིན་འཚོགས་པའི་ཚོགས་འདུའི་ཐོག་ནས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་པར་ བོད་མིའི་སྒྲིག་འཛུགས་ཀྱིས་ངོ་རྒོལ་དང་སྦྲགས། བོད་མི་རིགས་རྩ་མེད་གཏོང་བའི་ཉེན་ཚབས་ཅན་གྱི་ཁྲིམས་ཡིག་དེའི་ཉེན་ཁར་གདོང་ལེན་ཆེད་དུ། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༢༣ ཉིན་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་ ༧ པ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་རིམ་འདི་ནས་ བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བསྣམས་ཕེབས་ཡོད་འདུག་ཅིང་། གྲོས་འཆར་དེའི་ནང་ རྒྱ་གཞུང་གིས་རྩ་ཁྲིམས་དང་རྒྱབ་འགལ་དུ་སོང་བའི་ཁྲིམས་ཡིག་འདི་འཕྲལ་དུ་ཕྱིར་བསྡུ་བྱེད་དགོས་ོཔ་དང་། མི་རིགས་རྩ་མེད་ཀྱི་སྲིད་ཇུས་མཚམས་འཇོག་བྱེད་དགོས་པ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཛ་དྲག་ངང་ཁྲིམས་དོན་བསྐྱར་ཞིབ་དང་དུས་མཚུངས། མི་རིགས་རྩ་གཏོར་གྱི་ནག་ཉེས་གསོག་མཁན་ལ་འགན་ཁུར་བརྩད་ཞིབ་དགོས་པ། ལྷག་པར་དུ་བཙན་བྱོལ་བོད་མི་ཚོགས་སྒེར་ཡོངས་ནས་ལོ་རེའི་ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པར་ "བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་" གི་ལས་འགུལ་སྤེལ་རྒྱུས་མཚོན་པའི་ གྲོས་ཆོད་བདུན་བསྣམས་ཕེབས་འདུག
Watch on YouTube