Czech President Meets Dalai Lama in India, Sikyong Calls It a 'Historic Moment'
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་མཇལ་འཕྲད།
Czech President Meets Dalai Lama in Leh, Reaffirms Support for Tibetan Middle Way Policy
དེ་རིང་ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༢༧ ཉིན་གྱི་སྔ་དྲོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་པི་ཊར་ པ་ཝལ་ མཆོག་ནས་ལ་དྭགས་སླེ་ཞི་བ་ཚལ་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་གནང་སོང་ལ། དེ་རྗེས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་མི་མང་ཚོགས་ཁང་དུ་ཆེད་ཕེབས་གནང་སོང་ཞིང་། སྐབས་དེར་གསར་འགོད་པས་སྐུ་ཞབས་ཁོང་ལ་མཇལ་ཁའི་སྐོར་དང་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དབུས་པའི་མཛད་གཙོ་མཇལ་འཕྲད་དགོས་དོན་སྐོར་བཀའ་འདྲི་ཞུ་དུས། ཁོང་གིས་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཐེངས་བཅུ་གཅིག་ཆིབས་བསྒྱུར་གནང་ཡོད་པ་དང་། དེ་བཞིན་དེ་རིང་བསྐྱར་དུ་ཞལ་མཇལ་ཞུ་རྒྱུ་བྱུང་བའི་དགའ་ཚོར་དང་སྦྲགས། བོད་རྒྱའི་དཀའ་རྙོག་སེལ་བའི་དབུ་མའི་ལམ་དེ་ནི་དོན་དངོས་དང་མཐུན་ཞིང་རྒྱུ་མཚན་དང་ལྡན་པ་ཞིག་ཡིན་པས་དེ་ལ་རྒྱབ་སྐྱོར་ཡོད་པ་སོགས་གསུངས་གནང་སོང་། དེ་དང་ཕྱོགས་མཚུངས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་གི་མཇལ་ཁ་དང་འབྲེལ་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་པར། སྲིད་སྐྱོང་མཆོག་ནས་ད་རེས་རྒྱལ་ཁབ་གཅིག་གི་དབུ་ཁྲིད་ཅིག་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་མདུན་དུ་ཆེད་བཅར་གྱིས་མཇལ་མོལ་བྱུང་བ་ནི་ཐེངས་དང་པོ་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཆགས་ཀྱི་ཡོད་པ་སོགས་གསུངས་གནང་བྱུང་། །
Leh, 27 July – In a landmark diplomatic moment, Czech President Petr Pavel met with Tibetan spiritual leader His Holiness the Dalai Lama in Leh and visited the Sonamling Tibetan Settlement in Ladakh. Following the meeting, President Pavel spoke to Tibet Radio, reaffirming his government’s support for the Central Tibetan Administration’s “Middle Way Approach” and emphasizing the Tibetan people's right to justice and cultural preservation through peaceful means.
Speaking to Tibet Radio after the event, Sikyong Penpa Tsering noted the historic nature of the visit, saying, “This is the first time a sitting president of any nation has come to meet His Holiness the Dalai Lama in India. It is a truly historic moment.”





