Dalai Lama reaches new global audience on Spotify

1 month ago

Spotify བརྒྱུད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་བཀའ་སློབ་གསན་རྒྱུ་ཡོད་པ་བཟོས་གནང་འདུག ཉེ་ཆར་དགའ་ལྡན་ཕོ་བྲང་སྐུ་སྒེར་ཡིག་ཚང་ནས་འཛམ་གླིང་ནང་ཡོངས་གྲགས་ཆེ་བའི་སྒྲ་དབྱངས་མཉེན་ཆས་ Spotify ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་བཀའ་སློབ་དང་གསུང་ཆོས་ཁག་གསན་རྒྱུ་ཡོད་པ་བཟོས་གནང་འདུག་ཅིང་། མཉེན་ཆས་འདིའི་ནང་༧གོང་ས་མཆོག་གིས་ད་བར་སྩལ་གནང་བའི་བཀའ་སློབ་དང་གསུང་ཆོས་བརྒྱ་ཕྲག་བརྒལ་བ་ནང་འཇུག་གནང་འདུག་ལ། དེ་དག་ནི་སྒྲ་གདངས་གསལ་ལ་གོ་རིམ་ལྡན་པ། འཚོལ་བཤེར་བྱེད་བདེ་བ་མ་ཟད། ལས་བྲེལ་ཆེ་ཆུང་ལ་མ་ལྟོས་པར་དུས་ཚོད་ནམ་བྱུང་ལ་ཉན་ཐུབ་པའི་ཁྱད་ཆོས་ལྡན་པ་ཞིག་བཟོས་འདུག དོན་གཉེར་ཅན་རྣམས་ཀྱིས་ Spotify ནང་ "Talks By the Dalai Lama" ཞེས་བྲིས་ཏེ་འཚོལ་བཤེར་གནང་ཚེ་གསན་རྒྱུ་ཡོད་པ་རེད།
Watch on YouTube