DYSA Mundgod FC Wins 30th GCMGC Final | 3-1 Victory Over TDL Bylakuppe
དེ་རིང་ཕྱི་ཟླ་ ༦ ཚེས་ ༡༡ ཉིན་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༣༠ པའི་མཐའ་མའི་རྩེད་འགྲན་ཐོག་མོན་གྷོ་དང་སྦེལ་ཀོབ་བདེ་སྐྱིད་སླར་གསོ་རུ་ཁག་གཉིས་བར་འགྲན་སྡུར་བྱས་ཏེ། མོན་གྷོ་རྐང་སྤོལ་རུ་ཁག་གིས་སྤོ་ལོ་ ༣ དང་། སྦེལ་ཀོབ་བདེ་སྐྱིད་སླར་གསོ་རུ་ཁག་གིས་སྤོ་ལོ་ ༡ བླུགས་པའི་ཐོག་ནས་འདི་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འདི་བཞིན་མོན་གྷོ་འདོད་རྒུ་གླིང་རྐང་སྤོལ་རུ་ཁག་ལ་ཐོབ་སོང་། །





