Goal for Tibet: A Nation’s First Score | Documentary Film by Tibet Radio
ཕྱི་ལོ་ ༢༠༠༡ ལོར་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་བོད་ཀྱི་ལོ་རྒྱུས་ཐོག་ཏུ་རྒྱལ་སྤྱིའི་རྩེད་འགྲན་ཞིག་གི་སྐབས་སུ་གཱོལ་ཐོག་མ་དེ་བླུགས་ཡོད་པ་རེད། དུས་དེ་ནས་བཟུང་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་འཛམ་གླིང་གི་ཡུལ་གྲུ་གང་སར་རྒྱལ་སྤྱིའིརྩེད་འགྲན་དུ་མའི་ནང་མཉམ་བཞུགས་གནང་ཡོད་ཅིང་། ཐེངས་འདིའི་རྒྱལ་ཡུལ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་སུམ་ཅུའི་མཐའ་མའི་རྩེད་འགྲན་དང་སྟབས་བསྟུན་ནས་འདི་ག་བོད་ཀྱི་རླུང་འཕྲིན་གྱིས་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གི་བྱུང་རིམ་གསལ་བའི་དངོས་བྱུང་གློག་བརྙན་ ༼གཱོལ་༽ ཞེས་པ་ཞིག་དེ་རིང་གཟིགས་འབུལ་ཞུ་རྒྱུ་ཡིན། དབྱིན་ཡིག་ནང་ Goal ཞེས་པ་དེར་བོད་མིའི་སྒྲིག་འཛུགས་ཤེས་རིག་བརྡ་ཆད་ཚན་པས་ གཱོལ་ ཞེས་གཏན་འབེབས་གནང་བ་ཞིག་ཡིན་པ་རེད།





