Health Concerns Rise After Release of Tibetan Environmental Defender Anya Sengdra

2 months ago

ཨ་ཉག་སེང་སྒྲ་ལགས་ཀྱི་གཟུགས་གཞིའི་གནས་སྟངས། Health Concerns Rise After Release of Tibetan Environmental Defender Anya Sengdra བོད་ཀྱི་ཆབ་སྲིད་བཙོན་པ་དང་འཁོར་ཡུག་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་མི་ལོ་བདུན་གྱི་རྗེས་སུ་རྒྱ་གཞུང་གི་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་ན་ཡང་། ད་ལྟའི་ཆར་ཁོང་གི་གཟུགས་གཞིའི་གནས་སྟངས་ཤིན་ཏུ་ཞན་པའི་གནས་ཚུལ་ཐོན་འདུག ཉེ་ཆར་ཨ་ཉག་སེང་སྒྲ་ལགས་གློད་བཀྲོལ་བཏང་བའི་གནས་ཚུལ་ཐོན་ཡོད་ཀྱང་། ཐོག་མར་ཁོང་གི་གནས་སྟངས་སྐོར་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད། འོན་ཀྱང་ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ལྟེ་གནས་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། འདི་ལོའི་སྤྱི་ཟླ་ ༢ ཚེས་ ༧ ཉིན་རང་ལོ་ ༥༥ ལ་སོན་པའི་འཁོར་ཡུག་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་པོའི་འོག་གློད་བཀྲོལ་བཏང་ཡོད་པ་དང་། ད་ལྟའི་ཆར་ཁོང་རང་ཁྱིམ་རྐྱང་ཆད་ཡུལ་མཚོར་སླེབས་ཡོད་འདུག ཁོང་ལ་བཙོན་ཁང་ནས་མཁལ་མའི་ནད་གཞི་དང་། མིག་ཤེས་ཉམས་པ། ཁྲག་ཤེད་མཐོ་བའི་ནད་གཞི་སོགས་ཕོག་ཡོད་པའི་འགྲེལ་བརྗོད་གནང་འདུག གཞན་ཡང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་གསལ་སྙན་མགྲོན་པ་གསུམ་གྱིས་རྒྱ་ནག་གཞུང་གིས་ཁོང་ཁྲིམས་འགལ་གྱིས་འཛིན་བཟུང་བྱས་པ་དང་། གཟུགས་གཞིའི་གནས་སྟངས་བཅས་ལ་སེམས་འཚབ་ཡོད་པ་གསལ་བཏོན་གནང་ཡོད། ད་ལྟ་ཁོང་གློད་བཀྲོལ་བཏང་ཡོད་ན་ཡང་། ཁོང་གི་འཕྲོད་བསྟེན་དང་བདེ་འཇགས་ཐད་མུ་མཐུད་སེམས་འཚབ་བྱེད་དགོས་པའི་གནས་སུ་གྱུར་ཡོད་པ་བཅས་གསུངས་འདུག ། Anya Sengdra, a prominent Tibetan environmental defender and anti-corruption whistleblower, is reportedly in poor health following his release from Mianyang Prison on February 7, 2026. Although he completed his seven-year sentence in September 2025, Chinese authorities allegedly extended his detention for several additional months before releasing him last week. Reports indicate that he is suffering from vision loss, kidney disease, and chronic high blood pressure, and is facing restrictions on travel and public communication. Anya Sengdra, who has been arrested three times in connection with his activism, had drawn international concern over his health and detention conditions.
Watch on YouTube