His Holiness the Dalai Lama Begins Extended Visit to South India
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ཆིབས་ཐོན་མཛད་པ།
Tibetan Spiritual Leader Dalai Lama Begins Month-Long Visit to Mundgod, Karnataka
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༡ ཉིན་གྱི་ཞོགས་པའི་ཕྱག་ཚོད་བརྒྱད་པ་ཡོལ་ཙམ་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གནང་སོང་ཞིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་སང་ཉིན་ཕྱི་ཚེས་ ༡༢ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཞབས་སོར་འཁོད་གནང་རྒྱུ་ཡིན་པ་རེད་འདུག་ལ། དགའ་ལྡན་ཕོ་བྲང་ཡིག་ཚང་གིས་བསྐྱངས་གནང་བའི་གསལ་བསྒྲགས་ལྟར་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་ལོ་དགུན་ཁའི་རིང་མོན་གྷོ་འདོད་རྒུ་གླིང་དུ་ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཟླ་མཇུག་བར་བཞུགས་གདན་འཇགས་རྒྱུ་ཡིན་པ་རེད་འདུག །





