How Sera Jey’s Online Classes Keep Tibetan Culture Alive
བོད་མི་ཁ་ཐོར་གྱི་དུས་མཚམས་འདིའི་ནང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལ་རེ་བ་ཡོད་དམ།
How Sera Jey’s Online Classes Keep Tibetan Culture Alive
སེར་བྱེས་དྲ་ཐོག་སྐད་ཡིག་སློབ་གྲྭ་འདི་ནི་འཛམ་གླིང་རྒྱལ་ཁབ་གང་སར་ཁ་ཐོར་དུ་གནས་ཤིང་བོད་པའི་སྐད་ཡིག་སྦྱོང་སྤྱོད་ལ་གོ་སྐབས་དཀོན་པའི་རིགས་ལ་དམིགས་ཏེ་སྤེལ་བའི་དྲ་ཐོག་གི་སྐད་ཡིག་ལས་འགུལ་ཞིག་ཡིན་འདུག་ལ། ལས་གཞི་འདིའང་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་པའི་དགོངས་དོན་འོག་ཕྱག་བསྟར་གནང་བ་ཞིག་ཀྱང་ཡིན་པ་རེད་འདུག འདི་ག་བོད་ཀྱི་རླུང་འཕྲིན་གྱིས་རྒྱུས་ལོན་ཞུས་པ་ལ་ལྟར། ལས་གཞི་འདི་དབུ་འཛུགས་གནང་ནས་ད་བར་མི་ལོ་དྲུག་ལ་ཉེ་ཞིང་། འཛམ་གླིང་རྒྱལ་ཁབ་ ༡༣ ལྷག་ནས་རང་རེའི་བྱིས་པ་བརྒྱ་ཕྲག་བཅུ་གསུམ་བརྒལ་བར་བོད་ཀྱི་སྐད་ཡིག་དང་རིག་གཞུང་དང་བཅས་པ་རིན་མེད་སློབ་ཁྲིད་ཀྱིས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་ལ་ཕྱག་རྗེས་ཆེ་ལ། མ་ཟད་མ་འོངས་པར་ཡང་རང་རེའི་བློ་གསར་དོན་གཉེར་ཅན་རྣམ་པས་དགེ་སྐུལ་བྱུང་ཚེ། སློབ་མའི་ཆུ་ཚད་དང་དགོས་མཁོར་གཞིགས་པའི་རིགས་ལམ་སོགས་ཀྱི་སློབ་ཁྲིད་ཀྱང་མུ་མཐུད་གནང་རྒྱུ་ཡིན་པ་གསུང་གནང་གི་འདུག །
It was nearly 9 p.m. at Sera Jey when a group of Tibetan teachers and monks gathered inside a small cabin, leading online Tibetan language classes for children living around the world. Some students were taking their first steps in learning Tibetan letters, while others engaged in reading and discussing Tibetan stories.
Tibet Radio visited the Sera Jey International Online School to understand how the programme operates. Now in its sixth year, the school has taught more than a thousand students, becoming a vital educational link for Tibetan families in the diaspora.
Teachers told Tibet Radio that the initiative is closely connected to His Holiness the Dalai Lama’s third commitment—the preservation of Tibetan language, culture, and identity. They noted that these late-night lessons are part of a broader effort to keep Tibetan heritage alive for the next generation.





