In Depth: Hungkar Dorje Rinpoche’s Legacy and His Suspicious Death in Chinese Custody
སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་མཛད་རྗེས་དང་རིན་པོ་ཆེ་མཆོག་འདས་གྲོངས་སུ་ཕྱིན་པའི་ཞིབ་ཕྲའི་གནས་ཚུལ་སྐོར་གླེང་བ།
བོད་མདོ་སྨད་མགོ་ལོག་དགའ་བདེ་རྫོང་གི་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུ་ཧུྃ་ཀར་རྡོ་རྗེ་མཆོག་ཝིཏ་ནམ་ནང་དོགས་གཞི་ཅན་གྱི་གནས་སྟངས་འོག་སྐུ་གྲོངས་པ་དང་རིན་པོ་ཆེའི་སློབ་ཚོགས་དག་གི་གཙོས་བོད་ཕྱི་ནང་གི་འབྲེལ་ཡོད་རྣམས་ཀྱིས་དེ་ནི་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་འོག་སྐུ་བཀྲོངས་པའི་གནས་ཚུལ་ཞིག་ལ་ངོས་འཛིན་གྱིས་དེའི་ཐོག་བློ་འཚབ་དང་འབྲེལ་ཝི་ཏི་ནམ་གཞུང་ལ་རིན་པོ་ཆེའི་གྲོངས་རྐྱེན་ཇི་ཡིན་ཤེས་རྟོགས་སླད་ཞིབ་འཇུག་མཐིལ་ཕྱིན་པ་དང་སྐུ་ཕུང་དགོན་པར་རྩིས་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་རེད།
དེ་རིང་གི་ལས་རིམ་ནང་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་དངོས་ཡོད་གནས་ཚུལ་ཇི་ཆགས་ཐད་ཞིབ་འཇུག་གནང་མཁན་གཙོ་གྲས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་འཇུ་བསྟན་སྐྱོང་ལགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་བཅས་རྣམ་པ་གཉིས་དང་ལྷན་དུ་རིན་པོ་ཆེའི་ཞིབ་ཕྲའི་གནས་ཚུལ་སྐོར་གླེང་མོལ་ཞུས་ཡོད།
Hungkar Dorje Rinpoche, a revered Tibetan lama and humanitarian known for his extensive contributions to education, cultural preservation, and social welfare, died in Vietnam after being arrested by Chinese agents and Vietnamese officials. Chinese authorities informed his monastery that he had died of an illness during a retreat, but his followers allege foul play, linking his death to China’s ongoing repression of Tibetans. He had been detained by Chinese authorities in Vietnam until March 29, 2025, when he mysteriously passed away. We sat down with Ju Tenkyong from Amnye Machen and Tenzin Dawa from TCHRD to understand why China fears Hungkar Dorje Rinpoche and his far-reaching philanthropic work.
Find more from Voice Of Tibet:
Website: https://www.vot.org
网站: https://www.cn.vot.org
Facebook: https://www.facebook.com/VoiceofTibet
YouTube: https://www.youtube.com/c/VoiceofTibet
Instagram: https://www.instagram.com/voice.of.tibet
Twitter: https://twitter.com/VOT_Tibetan
#VoiceOfTibet #西藏之声





