India’s Support for Tibet ‘Will Remain in History’, Says Officiating Sikyong on Republic Day
རྒྱ་གར་གཞུང་དམངས་ཀྱི་བཀའ་དྲིན་བོད་མིའི་ལོ་རྒྱུས་འཁོད་དགོས་གལ།
India’s Support for Tibet ‘Will Remain in History’, Says Officiating Sikyong on Republic Day
དེ་རིང་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་དང་བསྟུན་ནས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་གཞུང་དམངས་ལ་གུས་བཀུར་དང་བཀའ་དྲིན་རྗེས་དྲན་མཚོན་ཕྱིར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གཙོས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་སྲི་ཞུའི་ལས་བྱེད་ལྷན་འཛོམས་ཀྱིས་རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་གནང་སོང་། སྐབས་དེར་སྲིད་ཚབ་མཆོག་ནས་རྒྱ་གར་གཞུང་དམངས་གཉིས་ཀྱིས་བོད་མིར་བཀའ་དྲིན་བླ་མེད་བསྐྱངས་པ་དྲན་གསོ་དང་སྦྲགས། འཕགས་བོད་གཉིས་ཀྱི་ལོ་རྒྱུས་འབྲེལ་ལམ་གལ་ཆེ་ཡིན་པ་དང་། ༧གོང་ས་མཆོག་དང་མི་རབས་གོང་མ་རྣམས་ཀྱིས་བསྐྲུན་པའི་བོད་མིའི་སྒྲིག་འཛུགས་འདི་ཉིད་བཙན་བྱོལ་བོད་མི་ཡོངས་ཀྱིས་མུ་མཐུད་སྲུང་སྐྱོབ་བྱེད་དགོས་པའི་ནན་བརྗོད་གནང་ཡོད།





