Marking the Panchen Lama at 37: An Interview with Arjia Rinpoche

2 weeks ago

༸པཎ་ཆེན་ཡང་སྲིད་ངོས་འཛིན་སོགས་ཀྱི་གནས་ཚུལ་དངོས་སུ་མཐོང་ཐོས་མྱོང་གསུམ་ཡོད་མཁན་ཨ་ཀྱཱ་རིན་པོ་ཆེ་མཆོག་དང་གླེང་མོལ། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ ཉིན་མོ་དེ་ནི་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པ་དང་། རིན་པོ་ཆེ་མཆོག་ནི་དེ་སྔ་ཕྱི་ལོ་ ༡༩༩༥ ལོར་དགུང་ལོ་དྲུག་སྐབས་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་གྱུར་ཡོད། དུས་ཚིགས་འདི་དང་བསྟུན། དེ་རིང་ང་ཚོའི་དམིགས་བསལ་ལས་རིམ་འདིའི་ནང་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་སོགས་ཀྱི་གནས་ཚུལ་དངོས་སུ་མཐོང་ཐོས་མྱོང་གསུམ་ཡོད་མཁན་ཨ་ཀྱཱ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་མཆོག་དང་ལྷན་དུ་དམིགས་བསལ་བཅར་འདྲི་ཞུས་ཡོད་པས་གཤམ་ལ་གསན་གཟིགས་གནང་སྐྱོང་ཡོང་བ་ཞུ། Marking the Panchen Lama at 37: An Interview with Arjia Rinpoche Today, 25 April 2026, marks the 37th birthday of the 11th Panchen Lama. In 1995, at the age of six, he was taken into custody by the Chinese government, and his whereabouts have remained unknown to this day. We recently sat down with Arjia Rinpoche, abbot of Kumbum Monastery and a close associate of the 10th Panchen Lama. Having personally witnessed the circumstances surrounding China’s rigged selection process of the Panchen Lama, he speaks about the suspicious death of the 10th Panchen Lama, the use of the Golden Urn to select its preferred candidate, the detention of the 11th Panchen Lama and his escape to Guatemala ultimately seeking asylum in the US, with the help of His Holiness the Dalai Lama Find more from Voice Of Tibet: Website: https://www.vot.org 网站: https://www.cn.vot.org Facebook: https://www.facebook.com/VoiceofTibet YouTube: https://www.youtube.com/c/VoiceofTibet Instagram: https://www.instagram.com/voice.of.tibet Twitter: https://twitter.com/VOT_Tibetan #VoiceOfTibet #西藏之声
Watch on YouTube