New Tibetan Art Curriculum and Learning Book Launched in Dharamsala

1 day ago

བོད་པའི་སློབ་གྲྭ་ཁག་གི་ནང་རི་མོ་དང་ཇུས་འགོད་ཀྱི་ཤེས་ཡོན་སློབ་གསོ་གོང་མཐོར་གཏོང་རྒྱུ་དང་། སློབ་ཕྲུག་ཚོས་ཞིབ་ལྟ་དང་། འགྲེལ་བརྗོད། གསར་གཏོད་ཀྱི་རྣམ་འགྱུར་བཅས་བརྒྱུད་རང་ཉིད་ཀྱི་རིག་གཞུང་ཤུལ་བཞག་ལ་འཇུག་པར་སྐུལ་མ་གཏོང་རྒྱུའི་ཆེད། བོད་ནང་གི་རི་མོ་བ་ ༡༧ ཚུད་པའི་བོད་པའི་རི་མོ་བ་ཁྱོན་ ༥༥ ཡིས་བྲིས་པའི་རི་མོ་མི་འདྲ་བ་ ༡༣༠ འཁོད་པའི་ བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞིའི་དཔེ་དེབ་ཅིག དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བཟོ་རིག་སྒྱུ་རྩལ་ཐོག་མཁས་པ་ཁག་ཅིག་གདན་ཞུས་ཀྱིས་དབུ་འབྱེད་གནང་སོང་།། A new Tibetan art curriculum and learning book, titled Understanding Zorigpa: Tibetan Art Curriculum, was launched in Dharamsala on November 23, 2026. The book was developed by Whiteline Graphics team members Jamyang Tenzin and Ngawang Tsering, in collaboration with contributing authors from Tibet. The initiative aims to promote understanding and education in Zorigpa, the Tibetan tradition of art and craftsmanship, which is recognised as one of the Ten Sciences of Tibetan knowledge. The book will be introduced during an art teachers’ conference and workshop being held in Dharamsala from November 22 to 28, 2026. The initiative is supported by the Rubin Museum and The Tibet Fund.
Watch on YouTube