Preliminary Election for Sikyong and TPiE to be held o February 1; Final Round on April 26, 2026
ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་ལས་རིམ་གསལ་བསྒྲགས།
དེ་རིང་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུའི་ལས་ཁང་གིས་ཕྱི་ལོ་ ༢༠༢༥-༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དང་འབྲེལ་ནས་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་བ་དང་འབྲེལ། སྲིད་སྐྱོང་དང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ལས་རིམ་འདི་བཞིན་ཕྱི་ཟླ་ ༢ ཚེས་ ༡ ཉིན་གནང་རྒྱུ་ཡིན་པ་དང་། ཕྱི་ཟླ་ ༤ ཚེས་ ༢༦ ཉིན་དངོས་གཞི་འོས་བསྡུ་་གནང་རྒྱུ་ཡིན་པ་མ་ཟད། སང་ཕྱི་ཚེས་ ༨ ནས་བོད་མི་གནས་སྡོད་ས་ཕྱོགས་གང་སར། ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སླད་དུ་འོས་འཕེན་པའི་མིང་གཞུང་དེབ་འགོད་ཀྱི་ལས་དོན་དབུ་འཛུགས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་སོང་།
Find more from Voice Of Tibet:
Website: https://www.vot.org
网站: https://www.cn.vot.org
Facebook: https://www.facebook.com/VoiceofTibet
YouTube: https://www.youtube.com/c/VoiceofTibet
Instagram: https://www.instagram.com/voice.of.tibet
Twitter: https://twitter.com/VOT_Tibetan
#VoiceOfTibet #西藏之声





