Scholars Gather in Tawang to Explore the Sixth Dalai Lama’s Legacy

5 months ago

རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་རྒྱལ་སྤྱིའི་༸རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་ཐེངས་དང་པོ་དེ་དེ་རིང་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༣ ཉིན་དབུ་འཛུགས་གནང་སོང་ཞིང་། ཚོགས་འདུའི་ཐོག་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། དགའ་ལྡན་ཕོ་བྲང་གི་སྐུ་ཚབ་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་རྣམ་གཉིས་ཆེད་ཕེབས་གནང་འདུག་ལ། དེ་བཞིན་ཕྱི་ནང་གི་ལོ་རྒྱུས་མཁས་པ་སུམ་ཅུ་བརྒལ་བས་ལྷན་འཛོམས་གནང་སྟེ། ཚོགས་འདུ་འདི་བརྒྱུད་༸རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་གསུང་འབུམ་ཞིག་ཕྱོགས་བསྒྲིགས་གནང་རྒྱུར་དམིགས་ཡོད་པ་ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བསྟན་འགྱུར་རིན་པོ་ཆེ་མཆོག་ནས་ངོ་སྤྲོད་གནང་བྱུང་། རྩ་བའི་སང་ཉིན་ནས་ཚོགས་འདུའི་ལས་ཉིན་གསུམ་གྱི་རིང་ཆེད་མཁས་པ་སོ་སོས་གསུང་བཤད་གནང་རྒྱུ་དང་། དམིགས་བསལ་ད་རེས་ཀྱི་ཚོགས་འདུ་དང་བསྟུན་ཚོགས་བཅར་བ་རྣམ་པས་རྟ་དབང་ཁུལ་གྱི་༸རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བའི་གནས་ཁག་ལ་གམས་གཟིགས་དང་སྟབས་ཅིག་ས་གནས་ཀྱི་གནས་ཚུལ་ཁག་ངོ་སྤྲོད་ཀྱི་མཛད་འཆར་ཡང་ཡོད་པ་རེད་འདུག །
Watch on YouTube