TCV Alumni Honor His Holiness the Dalai Lama with Gratitude Award

6 months ago

དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཁྱིམ་ཚང་ཨང་ ༢༠ ཡི་སློབ་ཟུར་ཐུན་མོང་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས། དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཁྱིམ་ཚང་ཨང་ ༢༠ ཡི་སློབ་ཟུར་ཐུན་མོང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་གནང་བ་མ་ཟད། དེ་རིང་བོད་ཁྱིམ་སློབ་གྲྭར་ཞབས་ལོ་ ༢༠ འཁོར་བའི་དགེ་རྒན་ལས་བྱེད་དང་། དྷ་སྟེང་བོད་ཁྱིམ་ནས་སྤྱི་ལོ་ ༢༠༠༠ ལོར་འཛིན་རིམ་བཅུ་པ་དང་བོད་ཁྱིམ་སློབ་གྲྭ་སྤྱི་ནས་ཕྱི་ལོ་ ༢༠༠༢ ལོར་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཟུར་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་སོང་། Find more from Voice Of Tibet: Website: https://www.vot.org 网站: https://www.cn.vot.org Facebook: https://www.facebook.com/VoiceofTibet YouTube: https://www.youtube.com/c/VoiceofTibet Instagram: https://www.instagram.com/voice.of.tibet Twitter: https://twitter.com/VOT_Tibetan #VoiceOfTibet #西藏之声
Watch on YouTube