The Dalai Lama becomes first spiritual leader to win a Grammy Award

3 months ago

འཛམ་གླིང་གི་ཆོས་ལུགས་དབུ་ཁྲིད་ཅིག་ལ་གྷ་རཱ་མི་གཟེངས་རྟགས་ཐོབ་པ་ཐོག་མ། ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡ ཉིན། ཨ་རིའི་ལོ་སི་ཨན་ཇེ་ལི་སི་ (Los Angeles) རུ་འཚོགས་པའི་ཐེངས་ ༦༨ པའི་གྷ་རཱ་མི་ (Grammy Awards) གཟེངས་རྟགས་མཛད་སྒོའི་ཐོག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བརྩམས་ཆོས་ Meditations: The Reflections of His Holiness the Dalai Lama ཞེས་པ་དེ་ལ་གཟེངས་རྟགས་ཐོབ་ཡོད། འདི་ནི་ལོ་རྒྱུས་ནང་འཛམ་གླིང་གི་སྙན་གྲགས་ཅན་གྱི་ཆོས་ལུགས་དབུ་ཁྲིད་ཅིག་ལ་གྷ་རཱ་མི་གཟེངས་རྟགས་ཐོབ་པ་ཐོག་མ་དེ་ཆགས་ཡོད། གནས་ཚུལ་འདིར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་དང་བསྔགས་བརྗོད་ཆེན་པོ་བྱེད་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་དེ་ལ་སྐྱོན་བརྗོད་ཀྱི་རྣམ་འགྱུར་བསྟན་ཡོད། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིན་ཅན་གྱིས་གཟེངས་རྟགས་འདི་ནི་ "རྒྱ་ནག་ལ་ངོ་རྒོལ་བྱེད་རྒྱུའི་ཆབ་སྲིད་ཀྱི་ལག་ཆ་" ཞིག་ཏུ་བེད་སྤྱོད་བཏང་བར་བརྗོད་དེ་སྐྱོན་བརྗོད་བྱས་ཡོད། འོན་ཀྱང་། རྒྱ་ནག་གི་སྐྱོན་བརྗོད་ལ་མ་ལྟོས་པར། རྒྱལ་སྤྱིའི་དབུ་ཁྲིད་ཁག་དང་། ཆབ་སྲིད་མི་སྣ། དེ་བཞིན་སྒྱུ་རྩལ་བ་སོགས་མང་དག་ཅིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེའི་མཛད་རྗེས་ལ་ངོས་འཛིན་གྱིས་འཚམས་འདྲི་དང་ཡི་རངས་ཞུ་བཞིན་པ་མ་ཟད། འདི་ནི་འཛམ་གླིང་ཞི་བདེ་དང་བྱམས་བརྩེའི་རིན་ཐང་ལ་ཐོབ་པའི་རྒྱལ་ཁ་ཞིག་ཡིན་པར་ངོས་འཛིན་གནང་བཞིན་ཡོད་པ་རེད།
Watch on YouTube