Tibet’s Art and Culture: Lama Mani Tsering Samdup
བླ་མ་མ་ཎི་ཞེས་པ་ནི་རྩ་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་ཤིག་ཡིན་པ་དང་། དེའང་བླ་མ་མ་ཎིའི་རྣལ་འབྱོར་ཕོ་མོ་ཚོས། མང་ཚོགས་དཀྱུས་མ་རྣམས་ཆོས་ལ་འཇུག་པའི་སླད། ༸སྟོན་པ་བཅོམ་ལྡན་འདས་གཙོས་པའི་བྱང་ཆུབ་སེམས་དཔའ་སོགས་༸རྒྱལ་བ་གོང་མ་རྣམས་ཀྱི་སྐྱེས་རབས་ལོ་རྒྱུས་དང་རྣམ་ཐར། དེ་བཞིན་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ལས་རྒྱུ་འབྲས་ཀྱི་རྣམ་བཞག་དང་། འཁོར་བའི་ཉེས་དམིགས། དགེ་སྡིག་སྤང་བླངས། ཚོགས་བསགས་སྒྲིབ་སྦྱང་བཅས་གསལ་བའི་ཐང་ག་ཞིག་ལ་བརྟེན་ནས་ངག་ཐོག་སྒྲུང་གཏམ་གླུ་གཞས་ཀྱི་ལམ་ནས་ངོ་སྤྲོད་བྱེད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཞིག་ཡིན་པ་རེད།
བོད་ཀྱི་རིག་གཞུང་དང་ལོ་རྒྱུས་ནང་རྩ་བ་ཚུགས་པའི་དམངས་སྲོལ་རིག་གནས་དེ་ཉིད་དེ་སྔ་བོད་ཀྱི་དབུས་ཁུལ་ལྷ་ས་དང་གཞིས་ཀ་རྩེ་སོགས་སུ་དར་ཁྱབ་ཆེ་ཡང་། ད་སྐབས་སྲོལ་རྒྱུན་དེ་ཉིད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཙམ་མ་ཡིན་པར་བོད་ནང་དུའང་ཆེས་ཉམས་རྒུད་དུ་འགྲོ་བཞིན་པ་ཞིག་ཆགས་ཡོད། ཕྱི་ལོ་ ༡༩༧༠ ལོར་བོད་ནས་བལ་ཡུལ་དུ་བྲོས་བྱོལ་ལ་ཕེབས་པའི་དིང་སྒང་ཚེ་རིང་བསམ་འཕེལ་ལགས་ནི་བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་རྙིང་ཤོས་གྲས་ཞིག་མ་ཟད། བླ་མ་མ་ཎིའི་རིག་གནས་རྒྱུན་འཛིན་གནང་མཁན་བོད་མི་མཐའ་མའི་གྲས་སུ་གྱུར་ཡོད།
དེ་རིང་འདི་ག་རླུང་འཕྲིན་ཁང་གི་བོད་ཀྱི་རིག་གཞུང་དང་སྒྱུ་སྩལ་གྱི་དོ་ར་ཞེས་པའི་ལེ་ཚན་ནང་། འདི་ག་རླུང་འཕྲིན་ཁང་གིས་བླ་མ་མ་ཎི་བ་ཚེ་རིང་བསམ་འཕེལ་ལགས་དེ་སྔ་བཞུགས་སྒར་དུ་བོད་ཀྱི་ཞོ་སྟོན་སླད་ཕེབས་པའི་གོ་སྐབས་དང་བསྟུན། ཁོང་དང་དེ་བཞིན་ཁོང་གི་དགེ་ཕྲུག་ཟུར་པ་བཙུན་མ་བསྟན་འཛིན་སྒྲོལ་མ་ལགས་དང་། འཕྲིན་ལས་ལྷ་མོ་ལགས་བཅས་ལ་དམིགས་བསལ་བཅར་འདྲི་ཞུས་པའི་ཕྱོགས་སྒྲིག་གི་ལེ་ཚན་ཞིག་གསན་རོགས་གནང་།
Tibet’s Art and Culture: Lama Mani Tsering Samdup
For centuries in Tibet, the Lama Mani — the travelling storytellers — carried the wisdom of the Buddha and the great epics of our land from village to village. With a scroll in hand and a voice full of life, they wove tales that taught morality, history, and faith. Today, this ancient art has all but vanished. In this program, we bring you an exclusive conversation with Tsering Samphel, one of the last living Lama Mani storytellers in exile.
Find more from Voice Of Tibet:
Website: https://www.vot.org
网站: https://www.cn.vot.org
Facebook: https://www.facebook.com/VoiceofTibet
YouTube: https://www.youtube.com/c/VoiceofTibet
Instagram: https://www.instagram.com/voice.of.tibet
Twitter: https://twitter.com/VOT_Tibetan
#VoiceOfTibet #西藏之声





