Tibet & World News – May 28 | In-depth Discussion on Key Issues

11 months ago

Tibet & World News – May 28 | In-depth Discussion on Key Issues ཕྱི་ཟླ་ ༥ ཚེས་ ༢༨ ཉིན་གྱི་བོད་དང་རྒྱལ་སྤྱིའི་གསར་འགྱུར་དང་བགྲོ་གླེང་། ༡། ཨ་རིའི་ནང་ཕྱི་རྒྱལ་གྱི་སློབ་མར་མཐོང་མཆན་བཀག་སྡོམ། ༢། བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོ་ལས་གཞིའི་སྙན་ཐོ་འདོན་སྤེལ། ༣། ས་ཟླའི་དུས་ཆེན་གྱི་ཇོ་བོ་གདན་ཞུ་དང་མ་ཎི་དུང་སྒྲུབ་དབུ་འཛུགས། ༤། བལ་ཡུལ་གློག་བརྙན་དུས་སྟོན་ཐོག་ནས་རྒྱ་ནག་གི་དྲིལ་བསྒྲགས་གློག་བརྙན་ཕྱིར་བསྡུ་དགོས་པའི་ལས་འགུལ། བགྲོ་གླེང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་དང་དང་བླངས་ཉམས་ཞིབ་པ་བློ་བཟང་བཀྲིས་གཉིས་ཀྱིས་འདོན་སྤེལ་གནང་བའི་ ༼བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་༽ ཞེས་པའི་སྙན་ཐོ་དབུ་འབྱེད་དང་། དེ་བཞིན་སྙན་ཐོ་དེ་དང་འབྲེལ་ནས་རྒྱ་ནག་གཞུང་གིས་བོད་ནང་བཙན་དབང་སྲིད་བྱུས་ལག་བསྟར་བྱས་པའི་བོད་མི་གནས་སྤོའི་རྒྱབ་ལྗོངས་དང་ཤུགས་རྐྱེན་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་བར་རྒྱུས་ལོན་གྱིས་ངོ་སྤྲོད་ཞུས་པ་ཞིག་ཡིན།
Watch on YouTube