Universe on Stones | Ladakhi Teacher’s 30-Year Collection in Remote Village
རྡོའི་སྟེང་གི་འཇིག་རྟེན།
Universe on Stones: Ladakhi Teacher’s 30-Year Journey of Collecting Nature’s Treasures
རྡོ་ནི་ས་གོ་ལའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་། ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་དུ་དབྱིབས་དང་ཁ་མདོག་སྣ་ཚོགས་ལས་གྲུབ་པའི་རྡོའི་རིགས་མང་པོ་ཞིག་མཐོང་རྒྱུ་ཡོད། འོན་ཀྱང་ང་ཚོས་དེར་དེ་ཙམ་གྱི་དོ་སྣང་ཡོང་གི་མེད་པ་རེད། ཡིན་ན་ཡང་བོད་ཀྱི་རླུང་འཕྲིན་གྱི་གསར་འགོད་པ་ཚོ་ལ་དྭགས་ཀྱི་ས་ཁུལ་ཁག་གི་ནང་གནས་སྐོར་འགྲོ་བའི་ལམ་བར་དུ་ལ་དྭགས་ཀྱི་རྒྱལ་ས་གླེ་ནས་ལམ་ཐག་རིང་བའི་ཝ་གཱ་ཞེས་པའི་གྲོང་གསེབ་ཆུང་ཆུང་ཞིག་ལ་སླེབས་པའི་སྐབས་སུ་ང་ཚོར་སེམས་ཁུར་ཐེབས་པ་འོས་པའི་གནས་ཚུལ་ཞིག་འཕྲད་བྱུང་།
དེ་སྐབས་སུ་ང་ཚོས་གྲོང་གསེབ་ཆུང་ཆུང་དེའི་ནང་གནས་ཚུལ་རྒྱུད་ལེན་བྱེད་སྐབས་ལ་དྭགས་པ་ཀརྨ་དགྲ་འདུལ་ཞེས་པའི་སློབ་གྲྭའི་དགེ་རྒན་ཞིག་འདུག དེ་ཡང་ཁོང་གིས་འདས་པའི་ལོ་ངོ་༣༣ལྷག་རིང་ཉེ་འཁོར་གྱི་རྡོ་རིགས་སྣ་ཚོགས་འཚོལ་སྒྲུག་བྱས་ཏེ། རང་ཉིད་ཀྱི་ཁྱིམ་ཚང་གི་ཁང་ཆུང་ཞིག་གི་ནང་ད་བར་གསོག་སྒྲུག་བྱས་པའི་རྡོ་དེ་དག་འགྲེམས་སྟོན་གནང་བཞིན་འདུག་པ་དང་། སློབ་ཕྲུག་སོ་སོའི་རྣམ་དཔྱོད་གོང་འཕེལ་ཡོང་བའི་ཆེད་དུ་རྡོའི་ཐོག་ཏུ་ཡོད་པའི་རང་བྱུང་གི་མཛེས་སྡུག་དེ་དག་སློབ་ཕྲུག་ཚོར་སློབ་སྦྱོང་སྤྲོད་ཡག་གི་དོན་དུ་བེད་སྤྱོད་གནང་བཞིན་འདུག །
During a recent visit to Wakha, a remote village far from Leh city, the Tibet Radio team met Ladakhi teacher and headmaster Karma Damdul, whose lifelong passion has turned into a unique form of preservation. For more than three decades, he has been collecting stones of various shapes, colors, and natural designs from the surrounding mountains and valleys.
What began as a childhood dream has today taken shape as a small private museum in the basement of his home. Each stone reflects the artistry of nature and carries its own story of the earth’s formation.
Karma Damdul shared with Tibet Radio that his collection is not only a personal pursuit but also an educational tool. For years, he has used these stones as teaching aids in his school, encouraging children to observe closely, think critically, and build a deeper connection with their environment.
Through his dedication, Karma Damdul has brought the “universe on stones” to life, inspiring younger generations to appreciate the hidden beauty and wisdom of the natural world.





