༧གོང་ས་མཆོག་ལ་མདོ་སྟོད་ཆོལ་ཁའི་དབུས་རྒྱུན་ལས་དང་གློ་སྒྲིག་བདེ་དོན་ཚོགས་པས་བརྟན་བཞུགས་བསྟར་འབུལ།

2 weeks ago

༧གོང་ས་མཆོག་ལ་མདོ་སྟོད་ཆོལ་ཁའི་དབུས་རྒྱུན་ལས་དང་གློ་སྒྲིག་བདེ་དོན་ཚོགས་པས་བརྟན་བཞུགས་བསྟར་འབུལ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༢ ཉིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པ་ཐུན་མོང་ནས་མགོན་པོ་གང་ཉིད་མཆོག་ལ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་བསམ་གཏན་མཆོག་ནས་རྡོ་རྗེ་སློབ་དཔོན་མཛད་གནང་སྟེ། སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། །
Watch on YouTube