༧རྒྱལ་བའི་གསུང་རྩོམ་པོད་གྲངས་ ༡༣ བོད་བསྒྱུར་གྱིས་སྤྱན་འབུལ།

6 months ago

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་སྲུང་བརྩི་དང་འབྲེལ་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་ནས་འདི་ལོར་༧རྒྱལ་བའི་གསུང་རྩོམ་པོད་གྲངས་བཅུ་ ༡༣ བོད་སྒྱུར་གནང་སྟེ། དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཇལ་བཅར་དང་ལྷན་དུ་སྤྱན་འབུལ་ཞུས་གནང་འདུག་ལ། དེ་བཞིན་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་ད་བར་གྱི་ཡིག་སྒྱུར་དང་ཉམས་ཞིབ་ཀྱི་ལས་དོན་དང་བཅས་པ་སྙན་སེང་སྒྲོན་འབུལ་ཞུས་ཡོད་འདུག །
Watch on YouTube