ཀུན་གླེང་། དགོང་དྲོའི་ཀུན་གླེང་གསར་འགྱུར། ༢༠༢༥ ཟླ ༣ ཚེས ༡༤

1 year ago

ཨ་རིའི་རླུང་འཕྲིན་ཁང་གི་དགོང་དྲོའི་ཀུན་གླེང་གསར་འགྱུར་ནང་བཙན་བྱོལ་བོད་མིའི་ཤེས་ཡོན་ཚོགས་ཆེན་ཐེངས་ ༡༢ པ། ཨ་མི་རི་ཀ་དང་མཐུན་ཕྱོགས་རྒྱལ་ཁབ་བར་སྒོ་ཁྲལ་གྱི་འགལ་ཟླ། ཨུ་རུ་སུའི་འགོ་ཁྲིད་ཀྱིས་ཡུག་ཀེ་རན་ཞི་བདེའི་གྲོས་མོལ་ལ་སྟ་གོན། རྒྱ་ནག་གི་གྲུ་གཟིངས་ཐོན་སྐྱེད་ཨ་རིའི་གོང་ལ་ཤོར་བ། ཨ་རིའི་མངའ་སྡེ་ཊེག་སེ་ནང་གི་གནས་སྡོད་རྒྱ་མིའི་ལོ་རྒྱུས་དང་དྲ་སྣང་གི་བོད་ཅེས་པའི་ལེ་ཚན་བཅས་གནས་ཚུལ་སྙན་སྒྲོན་ཞུ་རྒྱུ་ཡོད། བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་ཡོད་པའི་བརྙན་འཕྲིན་ལས་རིམ་འདིའི་ནང་བོད་ཕྱི་ནང་ གཉིས་ཀྱི་བོད་པ་ཚོར་ཆེད་དུ་བསྒྲིགས་པའི་གཟའ་འཁོར་གཅིག་གི་གསར་འགྱུར་དང༌། དེ་བཞིན་བརྗོད་གཞི་སྣ་ཚོགས་ཀྱི་ཐད་བཅར་འདྲི་དང་བགྲོ་གླེང་བྱེད་པའི་ཀུན་གླེང་ལེ་ཚན་གོ་སྒྲིག་བྱས་ཡོད། ང་ཚོའི་སྐུ་མགྲོན་རྣམ་པས་འབྲེལ་ཡོད་ཀྱི་བརྗོད་གཞི་དང་གནད་དོན་ཁག་ལ་དཔྱད་ བརྗོད་བྱས་ཏེ། ཀུན་གླེང་གསན་གཟིགས་གནང་མཁན་ཚོར་ཤེས་བྱ་གསར་པ་ངོ་སྤྲོད་དང་བློ་སྒོ་འབྱེད་ ཐབས་བྱེད་པ་ཡིན།།
Watch on YouTube