ཆུ་བཞི་སྒང་དྲུག་གི་བོད་པའི་སྐད་བསྒྱུར་བ།
ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དྭང་བླངས་དམག་ལ་དེ་སྔ་སྤྱི་ལོ་༡༩༥༨ ནས་ ༡༩༦༤ བར་ཨ་རིའི་Colorado མངའ་སྡེའི་Camp Hale ས་གནས་དེར་བོད་མདོ་དབུས་ཁམས་གསུམ་ནས་མི་སྣ་༢༥༩ཙམ་ལ་ཞི་དྲག་གསང་གསུམ་གྱི་སྦྱོང་བརྡར་སྤྲོད་ཡོད་པ་རེད།དེའི་སྐབས་ཕ་ཡུལ་རྒྱང་རྩེ་ནས་ཡིན་པའི་བསོད་ནམས་དབང་ཕྱུག་ལགས་ནི་བོད་པ་སྐད་བསྒྱུར་བ་དགུ་ནང་ནས་གཅིག་ཡིན་པ་རེད་། འདི་གར་རླུང་འཕྲིན་ཁང་གིས་སྔ་ལོ་སྤྱི་ཟླ་༡༠པའི་ཚེས་༡༨ཉིན་ཨ་རིའི་ནུའུ་ཇེ་སི་ས་གནས་སུ་ཁོང་དང་ལྷན་དུ་བཅའ་འདྲི་བྱས་པའི་སྐབས་སུ་ཁོང་གིས་བརྗོད་དོན།སྐབས་དེ་དུས་ཆོལ་ཁ་ཆོས་ལུགས་ཟེར་བ་སོགས་ཀྱི་སྐད་ཆ་རྩ་བ་ནས་བཤད་མཁན་ཡོད་མ་རེད། བསམ་པའི་ནང་འཁོར་མཁན་ཡང་ཡོད་མ་རེད།ཚང་མར་བསམ་བློ་གཅིག་རང་ཡོད་པ་དེ་ནི། སློབ་སྦྱོང་ཡག་པོ་བྱས་ནས་རྒྱ་དམག་ལ་དངོས་སུ་ཐུག་ནས་ཁ་གཏད་བཅོག་བསམ་པ་དེ་རང་རེད། ཆེས་ཞིབ་ཕྲ་ཁོང་གིས་སྐབས་དེར་དུས་ཀྱི་ལོ་རྒྱུས་ལ་ཕྱི་དྲན་གྱིས་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལྷན་དུ་གླེང་མོལ་བྱས་པ་གཟིགས་རོགས་གནོངས་།
Sonam Wangchuk, one of the nine Tibetan interpreters at Camp Hale during the CIA’s Tibetan training program, recalls the unwavering determination and bravery of the hundreds of Tibetans who were part of the mission to return to Tibet and fight for its cause. This interview is part of the CIA Tibetan Training series, hosted by Dorjee Damdul.
བོད་སྐད་སྡེ་ཚན། Service web: http://www.rfa.org/tibetan/
Subscribe: http://bit.ly/29XoS4k
Youtube: https://www.youtube.com/user/RFATibetan
facebook: https://www.facebook.com/rfa.tibetan
twitter: https://twitter.com/rfatibet
soundcloud: https://soundcloud.com/rfatibetan
podcast: http://www.rfa.org/tibetan/podcasts/





