དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་གསར་པ།
དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༡༠ ཉིན་རྡ་ས་ས་གནས་འགོ་འཛིན་མི་མང་ཚོགས་ཁང་དུ་ བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ ཚོགས་ཆེན་ཐེངས་ ༡༠ པ་འཚོགས་གནང་སྟེ། ཚོགས་ཆེན་འདིའི་ཐོག་ནས་སྐབས་ ༡༠ པའི་ཚོགས་གཙོར་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཡེ་ཤེས་རྟོགས་ལྡན་ལགས་འོས་འདེམས་དང་། ཚོགས་ཆེན་ཐོག་ནས་ད་ལྟའི་ལས་ཐོག་ཚོགས་གཙོ་རྒྱལ་ཐང་ངག་དབང་དགའ་ལྡན་ལགས་སྤྱི་མོས་ཀྱིས་རྒྱུན་ལས་དང་ཚོགས་མི་ནས་ཕྱིར་འབུད་བཏང་ཟིན་འདུག །





