དཔལ་འབྱོར་གྱི་རྙོག་གླེང་དབང་གིས་བལ་ཡུལ་ནང་སྲིད་བློན་ཆེན་དགོངས་པ་ཞུས་འདུག

2 weeks ago

མི་དམངས་ཀྱི་ཡིད་ཆེས་ནི་གལ་ཆེ་ཤོས་ཡིན། ང་ལྟ་བུའི་མི་མང་གི་ཞབས་ཞུ་བ་ཞིག་ལ་མཚོན་ན། བཟང་སྤྱོད་དང་མི་དམངས་ཀྱི་ཡིད་ཆེས་ནི་སྟོབས་ཤུགས་ཆེ་ཤོས་དེ་ཡིན། དེ་ལས་གལ་ཆེ་བ་ཅི་ཡང་མེད་ཅེས་གསུངས་ནས་དགོངས་པ་ཞུས་འདུག།

[དྷ་རམ་སར] ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༢ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བལ་ཡུལ་གྱི་ཤུགས་རྐྱེན་ཆེ་བའི་ནང་སྲིད་བློན་ཆེན་སུ་དྷན་གྷུ་རུང་ (Sudhan Gurung) ལགས་ཀྱིས་དེ་རིང་རེས་གཟའ་ལྷག་པའི་ཉིན་ལས་གནས་ནས་དགོངས་ཞུ་བྱས་འདུག འདི་ནི་ཁོང་གི་མིང་ཐོག་ཏུ་དཔལ་འབྱོར་འགྲོ་འོང་གི་གནད་དོན་དང་འབྲེལ་བའི་རྙོག་གླེང་ལངས་པ་དང་། ལྷག་པར་དུ་དངུལ་ལོར་ནག་པོ་ཁ་སྒྱུར་བྱས་པའི་ཉེས་མིང་འོག་ཞིབ་བཤེར་བྱེད་བཞིན་པའི་ཚོང་པ་ཆེན་པོ་ཞིག་དང་འབྲེལ་བ་ཡོད་པའི་དོགས་གཞི་བྱུང་བའི་རྗེས་སུ་གནས་ཚུལ་དེ་ཐོན་ཡོད་འདུགདགོངས་ཞུ་བྱེད་དགོས་པའི་རྒྱུ་རྐྱེན།བློན་ཆེན་གྷུ་རུང་གིས་རང་ཉིད་ལ་ཕོག་པའི་དོགས་གཞི་ཁག་ལ་རང་དབང་དང་གསལ་པོའི་སྒོ་ནས་ཞིབ་བཤེར་བྱེད་པར་ལམ་ཁ་བཟོ་ཆེད་དང་། བློན་ཆེན་གྱི་གོ་གནས་སྤྱད་དེ་ཞིབ་བཤེར་ལ་འགོག་རྐྱེན་མི་བཟོ་བའི་ཆེད་དུ་དགོངས་ཞུ་བྱས་པ་ཡིན་ཞེས་བརྗོད་འདུག ཁོང་གིས་ “ང་ལྟ་བུའི་མི་མང་གི་ཞབས་ཞུ་བ་ཞིག་ལ་མཚོན་ན། བཟང་སྤྱོད་དང་མི་དམངས་ཀྱི་ཡིད་ཆེས་ནི་སྟོབས་ཤུགས་ཆེ་ཤོས་དེ་ཡིན། དེ་ལས་གལ་ཆེ་བ་ཅི་ཡང་མེད།” ཅེས་གསུངས་འདུག།གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པ་ལྟར་ན། བློན་ཆེན་གྷུ་རུང་གིས་བཟོ་ཚོང་སྡེ་ཚན་༼Companies༽ ཁག་ཅིག་གི་མ་རྐང་ཉོས་ཡོད་པ་དང་། ལྷག་པར་དུ་བལ་ཡུལ་གྱི་སྲིད་བློན་ཟུར་པ་ཨོ་ལི་ (K P Sharma Oli) ཡི་སྐབས་སུ་གཞུང་གི་ལས་གཞི་ཁག་ལ་ཤུགས་རྐྱེན་སྤྲོད་མཁན་གྱི་ཚོང་པ་བྷ་ཊ་ (Dipak Bhatta) ཟེར་བ་དེ་དང་དཔལ་འབྱོར་གྱི་འབྲེལ་བ་ཡོད་པའི་དོགས་པ་བྱེད་བཞིན་ཡོད་འདུགབློན་ཆེན་གྷུ་རུང་གིས་དགོངས་ཞུ་ཡི་གེ་དེ་སྲིད་བློན་བྷ་ལེན་དྲ་ ཤཱ་ (Balendra Shah) ལ་ཕུལ་ཡོད་པ་དང་། གནས་སྐབས་རིང་ནང་སྲིད་བློན་ཆེན་གྱི་ལས་འགན་དེ་སྲིད་བློན་རང་ཉིད་ཀྱིས་བཞེས་རྒྱུ་དང་། གྷུ་རུང་གིས་རང་ཉིད་ནི་མཐོ་རིམ་དཔོན་རིགས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་མཁན་ཞིག་དང་། སྤྱི་པའི་ལས་དོན་ཐོག་ཕྱི་གསལ་ནང་གསལ་དགོས་པའི་མི་རབས་གསར་པའི་ལས་འགུལ་ནང་ཞུགས་མཁན་ཞིག་ཡིན་པ་དང་། དེ་རིང་དགོངས་པ་ཞུས་པ་དེ་ཡང་། ཁོང་གིས་རྩ་དོན་དེ་དག་ལ་བརྩི་སྲུང་བྱས་པའི་དཔང་རྟགས་ཤིག་ཡིན་ཞེས་བརྗོད་འདུགའདི་ནི་སྲིད་བློན་བཱ་ལེན་དྲ་ཤཱ་ (Balendra Shah) ཡི་སྲིད་གཞུང་ནང་བློན་ཆེན་གྱིས་དགོངས་པ་ཞུས་པ་ཐེངས་གཉིས་པ་དེ་ཡིན། དེའི་སྔོན་ལ་ཕྱི་ཟླ་༤ པའི་ནང་ངལ་རྩོལ་བློན་ཆེན་དྷི་པཀ་ཀུ་མཱར་སཱ་ (Deepak Kumar Sah) ཡང་སྒྲིག་ལམ་འགལ་བའི་རྐྱེན་གྱིས་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པ་རེད།བལ་ཡུལ་གྱི་ནང་སྲིད་བློན་ཆེན་གསར་པ་ཁོང་ནི་སྔོན་ཆད་རོལ་དབྱངས་གཏོང་མཁན་ (DJ) ཞིག་ཡིན་པ་དང་། ཕྱི་ལོ་༢༠༢༥ ཟླ་༩ ཚེས་༨ ཉིན། བལ་ཡུལ་ནང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ གཞོན་སྐྱེས་“Gen Z”་ཀྱི་ལས་འགུལ་སྤེལ་མཁན་གཙོ་བོ་ཞིག་ཡིན་འདུག སྐབས་དེར་བལ་ཡུལ་སྲིད་གཞུང་རྙིང་པས་དྲག་གནོན་བྱས་ཏེ་མི་༧༨ རྐྱེན་ལམ་དུ་བཏང་ཡོད་པ་རེད། ཁོང་གིས་ལོ་འདིའི་ཕྱི་ཟླ་༣ ཚེས་༢༧ ནས་ནང་སྲིད་བློན་ཆེན་གྱི་གོ་གནས་བཞེས་ནས་ད་བར་ཉིན་གྲངས་༢༦ ལས་ཕྱིན་མེད་པ་རེད།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Original Article