དབུས་སྐད་ཀྱི་དགོང་དྲོའི་ལས་རིམ། ༢༠༢༥།༠༤།༠༢ | དབུས་སྐད་ལས་རིམ།
༢༠༢༥ ལོའི་ཕྱི་ཟླ་༤ པའི་ཚེས་ ༢ ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།
ཟླ་ ༤ ཚེས་ ༢ རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། འབྲུག་གསང་སྔགས་ཆོས་གླིང་དང་འབྲུག་ཨ་མི་ཊ་པ་བཙུན་དགོན་གདན་ས་གཉིས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
རྒྱ་ནག་གཞུང་གིས་རྔ་བ་དང་མཛོད་དགེ་ཕྱོགས་སུ་དུད་ཚང་རེ་རེ་བཞིན་རྒྱུ་ནོར་གྲངས་ཐོ་རྩིས་ལེན་དང་མི་མང་ལ་མ་འོངས་པར་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་དཀའ་ངལ་འཕྲད་པ་བྱུང་ན་རྒྱུ་ནོར་གཞུང་ལ་རྩིས་སྤྲོད་ཀྱིས་མཉམ་ལས་ཁང་འཛུགས་སྲིད་པ་སོགས་ཀྱི་འཇིགས་སྣང་སྐུལ་བཞིན་ཡོད་པ། གསར་འགོད་པ། ཚེ་རིང་རྣམ་རྒྱལ།
ཨིན་ཡུལ་གྲོས་ཚོགས་སུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མར་ཁུ་རི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོ་སྲུང་བརྩི་ཞུས་པ། གསར་འགོད་པ། བདེ་ཆེན་དབང་མོ།
Tibetan Ukay Daily Morning Program - Top Headlines for April. 2, 2025:
On 2nd April 2025, His Holiness the Dalai Lama Attended the Offering of Long-life Prayers by Druk Sang Ngag Choeling and Druk Amitabha Monastic Community at Tsuglagkhang.
Authorities in China are reportedly spreading fear in Ngaba and Dzoge by cataloging household assets and warning residents that if the country’s economy faces difficulties in the future, they may be required to surrender their possessions to the government for cooperative establishments.
Tibetan Losar Celebrated in the UK Parliament on the Day of His Holiness Receiving the Prestigious Gold Mercury International Award
Hosted on Acast. See acast.com/privacy (https://acast.com/privacy) for more information.
Episode link: https://play.headliner.app/episode/26408481?utm_source=youtube





