བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༦།༡༩ Tibet TV Daily News – June.19, 2025

10 months ago

◆ དཔལ་༧སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱངས་པ། ◆ སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོ་ཞུས་པ། ◆ རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་མཆོག་ནས་རྒྱ་ནག་གཞུང་གིས་བོད་མིའི་རིག་གཞུང་དང་གཞི་རྩའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ཐུགས་འཚབ་བསྟན་པ། ◆ མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༩ པ་འགོ་འཛུགས་དང་བསྟུན་སུད་སི་བོད་མི་རྣམས་ཀྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ། ◆ བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་ས་གནས་འཐུས་ཚོགས་སྐབས་ ༡༢ པའི་ཚོགས་མི་གསར་འདེམས་བྱུང་བ་རྣམས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ།
Watch on YouTube