རྒྱ་ནག་གི་དམག་དཔོན་གཉིས་ལ་སྲོག་ཁྲིམས་བཅད་པ་ལས་འཕྲོས་པའི་གཏམ། ༼འདོན་ཐེངས་ ༡༥༡༽
ཀུན་དགའ་བཀྲ་ཤིས་ཀྱི་དཔྱད་གཏམ། ༼ འདོན་ཐེངས་ ༡༥༡ ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༡༠ ༽
འདོན་ཐེངས་འདིའི་ནང་། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་ Wei Fenghe དང་། Li Shangfu གཉིས་ལ་སྲོག་ཐོག་གི་ཁྲིམས་ཐག་བཅད་པ་རྒྱ་ནག་གཞུང་གིས་ཕྱི་ཟླ་ ༥ ཚེས་ ༧ ཉིན་གསལ་བསྒྲགས་སྤེལ་བའི་གནད་དོན་ལ་དབྱེ་ཞིབ་མདོར་བསྡུས་དང་། དེ་བཞིན་ཞི་ཅིན་ཕིང་དེ་རིང་མེད་པ་ཆགས་པའི་དབང་དུ་བཏང་ན། སུས། ཞི་ཡི་ཚབ་བྱེད་མིན། བོད་རིགས་བློ་བཟང་རྒྱལ་མཚན་ཞི་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་བྱས་ནས་ཤར་ཨ་ཕེ་རི་ཀའི་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་དམ་འབུལ་མཛད་སྒོར་འགྲོ་གི་ཡོད་པ་བཅས་ཀྱི་སྐོར་གླེང་ཡོད།





