རྒྱ་ནག་དེ་བཞིན་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཤུགས་ཆེ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཏུ་མིང་འདོན་བྱས་པ།

2 weeks ago

འཛམ་གླིང་ནང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་གནས་སྟངས་སྐོར་ཨ་རིའི་རང་དབང་ཁང་པས་དམིགས་བསལ་སྙན་ཐོ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གིས་རང་གི་རྒྱལ་མཚམས་ལས་བརྒལ་ཏེ་ཕྱིའི་རྒྱལ་ཁབ་ཁག་གི་ནང་དུ་གསལ་པོ་ཤེས་རྟོགས་བྱུང་བ་མི་གྲངས་ ༣༡༩ ཙམ་ལ་དྲག་གནོན་བྱས་པ་དང་འབྲེལ་ནས་རྒྱ་ནག་དེ་བཞིན་འཛམ་གླིང་འདིའི་ནང་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་ཆེས་སྡུག་ཤོས་བྱེད་མཁན་དུ་མིང་འདོན་བྱས་འདུག དེ་ཡང་ཁ་སང་ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་རང་དབང་ཁང་པས་རྒྱལ་སྤྱིའི་ཁྲོད་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་དང་འབྲེལ་བའི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དུ། འདས་ལོར་འཛམ་གླིང་ཁྱོན་གྱི་རྒྱལ་ཁབ་འདྲ་མིན་ནས་རང་རྒྱལ་ཁབ་ཀྱི་རྒྱལ་མཚམས་ལས་བརྒལ་ནས་དེ་གའི་གཞུང་དང་ལྟ་སྤྱོད་མི་མཐུན་པ་དང་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དམར་བསད་བཏང་བ་དང་། དྲག་རྒོལ། ལྐོག་ཁྲིད། དེ་བཞིན་སུན་གཙེར་དང་སྡིགས་ར་སྐུལ་བ་སོགས་ཀྱི་བྱ་སྤྱོད་སྣ་ཚོགས་སྤེལ་ཡོད་པ་དང་། རང་དབང་ཁང་པའི་གྲངས་མཛོད་ནང་དུ་ཕྱི་ལོ་ ༢༠༡༤ ནས་ ༢༠༢༥ བར་དུ་རྒྱལ་སྤྱིའི་ཁྲོད་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་གནས་ཚུལ་གྲངས་ ༡,༣༧༥ ཐོ་འགོད་གནང་ཡོད་པའི་ཁྲོད། འདས་པའི་ཕྱི་ལོ་ ༢༠༢༥ གཅིག་པོའི་ནང་དངོས་སུ་རྒྱལ་མཚམས་བརྒལ་བའི་དྲག་ཤུགས་ཀྱི་བཙན་གནོན་གནས་ཚུལ་གསར་པ་ ༡༢༦ བྱུང་ཡོད་པ་མངོན་གསལ་གནང་འདུག གནད་དོན་དེ་དག་གི་ཁྲོད་ནས་ཕལ་མོ་ཆེ་ལྷོ་ཤར་ཨེ་ཤི་ཡ་ཁུལ་གྱི་དབང་ཆ་གཅིག་འདུས་གཞུང་འཛིན་ཕན་ཚུན་མཉམ་མཐུན་གྱི་བྱ་འགུལ་ཡིན་པ། དཔེར་ན་སྔ་ལོ་ Thailand གཞུང་གིས་རྒྱ་ནག་དང་ Vietnam གཞུང་འཛིན་ལྷན་དུ་ངན་པ་ལག་འབྲེལ་གྱིས་རྒྱལ་ཁབ་དེ་དག་གི་གྲངས་ཉུང་མི་རིགས་ Thailand ནང་བྲོས་བྱོལ་དུ་སླེབས་པ་རྣམས་འཛིན་བཟུང་བཀག་ཉར་དང་སྲོག་གི་ཉེན་ཁ་ཡོད་པའི་རྒྱལ་ཁབ་དེ་དག་ནང་དུ་ཕྱིར་སློག་བྱས་ཡོད་པ། ལྷག་པར་དུ་སྔ་ལོའི་ཕྱི་ཟླ་ ༢ པའི་ནང་ Thailand གཞུང་གིས་བཙན་བྱོལ་དུ་སླེབས་པའི་ཡུ་གུར་བ་མི་གྲངས་ ༤༠ རྒྱ་ནག་ལ་ཕྱིར་སློག་བཏང་བ་དང་འབྲེལ་ནས་རྒྱ་ནག་དེ་བཞིན་འཛམ་གླིང་ནང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཆེས་སྡུག་ཤོས་བྱེད་མཁན་དུ་གྱུར་ཡོད་པ་མངོན་གསལ་གནང་འདུག Thailand ཕྱི་སྲིད་བློན་ཆེན་གཞོན་པས་འགྲེལ་བརྗོད་བྱས་པར་གཞིགས་ན། དེ་གའི་གཞུང་གིས་ཡུ་གུར་བྲོས་བྱོལ་བ་རྒྱ་ནག་ཏུ་ཕྱིར་སློག་བཏང་བའི་རྐྱེན་གྱིས། དེའི་རྗེས་ཀྱི་ཟླ་བ་ཁ་ཤས་ནང་དུ་རྒྱ་ནག་གིས་ Thailand གྱི་ཞིང་ལས་སྡེ་ཚན་དང་མོ་ཀྲ་བཟོ་ལས། དེ་བཞིན་དྲྭ་རྒྱའི་གྲངས་མཛོད་ཀྱི་ཚོང་ལས་ནང་དུ་དངུལ་འབོར་ཆེན་གྱི་རོགས་སྐྱོར་སྤྲད་རྒྱུ་ཁས་ལེན་བྱས་ཡོད་འདུག མ་ཟད་རྒྱ་ནག་གིས་ Thailand ནང་དུ་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ཡར་རྒྱས་གཏོང་རྒྱུའི་ཐད་ལ་ཡང་དཔལ་འབྱོར་གྱི་རོགས་སྐྱོར་དང་མ་འཛུགས་བྱེད་བཞིན་ཡོད་འདུག མ་ཟད་ཤར་ཨ་ཕི་རི་ཀའི་ Kenya དང་ Uganda དང་ Tanzania གཞུང་འཛིན་པ་རྣམས་ཀྱིས་རྒྱལ་ཁབ་སོ་སོའི་ནང་གི་འོས་བསྡུའི་སྔོན་ཚུད་དང་འོས་བསྡུའི་སྐབས་སུ་མང་ཚོགས་ཀྱི་འགྲུལ་བསྐྱོད་དམ་དྲག་སླད་བྲོས་བྱོལ་དུ་ཕྱིན་པའི་ལས་འགུལ་བ་རྣམས་ཕན་ཚུན་རྩིས་སྤྲོད་དང་འཛིན་བཟུང་བཀག་ཉར་སོགས་བྱས་ཡོད་སྐོར་དང་འབྲེལ། ཕྱི་ལོ་ ༢༠༢༥ […]

The post རྒྱ་ནག་དེ་བཞིན་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཤུགས་ཆེ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཏུ་མིང་འདོན་བྱས་པ། appeared first on vot.

Original Article