སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་ཐོག་བརྒྱད་པའི་ཁྲི་སྟོན་མཛད་སྒོ།

5 months ago

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འབྲས་སྤུངས་བློ་གསལ་གླིང་གི་མཁན་ཟུར་ཉང་པོ་དགེ་བཤེས་བློ་བཟང་བསམ་གཏན་མཆོག་ལ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་ཐོག་བརྒྱད་པའི་ཕྱག་རྟགས་སྩལ་དོན་ལྟར། དེ་རིང་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༥ རེས་གཟའ་པ་སངས་ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཁན་རིན་པོ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསར་མཇལ་ཞུས་གནང་བ་དང་སྦྲགས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ་མཁན་པོ་གསར་པའི་ཁྲི་སྟོན་མཛད་སྒོ་ཚོགས་གནང་སོང་། །
Watch on YouTube