སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་བཞུགས་སྒར་རྡ་ས་ནས་འགོ་འཛུགས་གནང་སོང་།
ཕྱི་ལོ་༢༠༢༥ ཟླ་བ་༡༢ ཚེས་༡༠ ཉིན་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་དང་སྦེར་ས་གནས་གཞོན་ནུ་ཚོགས་གཙོ་ཟུར་པ་བློ་གྲོས་དཔལ་ལྡན་གཉིས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་༧གོང་ས་མཆོག་ལ་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་༣༦ འཁོར་བ་དང་བསྟུན་ནས་རྒྱ་གར་གྱི་མངའ་སྡེ་༢༡ ནང་སྦག་སྦག་སྐོར་བསྐྱོད་ཀྱི་བོད་དོན་ལས་འགུལ་ཞིག་དེ་རིང་བཞུགས་སྒར་ནས་འགོ་འཛུགས་གནང་སོང་།





