ཧི་མ་ལ་ཡའི་རྒྱལ་སྲས།
ཞིང་གཤེགས་དམ་པ་༧སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་ ༡༠༢ པ་ཧི་མ་ལ་ཡའི་རྒྱལ་སྲས་རི་རྫོང་སྲས་སྤྲུལ་༸རྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་དཔལ་བཟང་པོ་མཆོག་གི་དམར་གདུང་མཐོང་གྲོལ་རིན་པོ་ཆེ་ལེགས་པར་བསྒྲུབས་ནས། ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༢༨ ཉིན་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་འབྲེལ་བའི་རབ་གནས་དགེ་ལེགས་ཆར་འབེབས་དངོས་གཞིའི་ཐོག་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་གནང་སོང་ལ། ཞིང་གཤེགས་དམ་པ་གང་ཉིད་མཆོག་གི་དམར་གདུང་མཐོང་གྲོལ་རིན་པོ་ཆེ་ལེགས་པར་གྲུབ་པར་ཁྱོན་ལོ་ངོ་གཉིས་ལྷག་འགོར་ཡོད་འདུག །





