ཨ་སྐད་ཀྱི་དགོང་མོའི་ལས་རིམ། ༢༠༢༥ /༣ / ༡༡ ཉིན། | ཨམ་སྐད་ལས་རིམ།

1 year ago

༢༠༢༥ ལོའི་ཟླ ༣ པའི་ཚེས ༡༡ ཉིན་གྱི་དགུང་མོའི་ལས་རིམ་མདོར་བསྡུས། ༡༽བཞུགས་སྒར་ཕོ་བྲང་དུ་གྲྭ་བཙུན ༧༠ བརྒལ་བར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དགེ་ཚུལ་གྱི་སྡོམ་པ་གནང་སྟེ་བསླབ་སྡོམ་རྣམ་དག་སྲུང་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པའི་ལམ་སྟོན་གནང་ཡོད་པ་རེད། ༢༽རྒྱ་ནག་གཞུང་གིས༸གོང་ས་མཆོག་ལ་འབྲེལ་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་དུ་བོད་དང་ཐའེ་ཝན་གཉིས་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་བྱེད་དགོས་ལུགས་བརྗོད་པ་ནི། དོན་དངོས་དང་མི་མཐུན་པའི་ཆ་རྐྱེན་ཡིན་ཞེས་སྤྱི་འཐུས་ལྷན་ཚོགས་ཀྱིས་ལན་འདེབས་གནང་འདུག ༣༽ བོད་མིའི་རང་དབང་སྒེར་ལངས་ཉིན་ཨོ་གླིང་གི་གྲོང་སྡེ་ལས་ཁུངས་ཤིག་ནས་ཐེངས་དང་པོར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་འདུག Hosted on Acast. See acast.com/privacy (https://acast.com/privacy) for more information. Episode link: https://play.headliner.app/episode/26014151?utm_source=youtube
Watch on YouTube