ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༥།༠༡།༢༨ RFA Tibetan TV –01/28/25

1 year ago

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གདན་ས་གྲྭ་ཚང་ཁག་བཞིའི་དགེ་འདུན་ཞལ་གྲང་༤༨་ལ་ཉིན་གཉིས་པའི་རིང་དགེ་སློང་གི་སྡོམ་པ་འབོག་འཇོགབཀྲིན་ཆེ་གནང་མཛད་ཡོད། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་འཛམ་གླིང་གི་ཆུ་རགས་ཆེ་ཤོས་ཞིག་རྒྱག་འཆར་ཡོད་པ་ནི་བློ་ཚབས་བྱ་དགོས་པའི་གནད་དོན་ཞིག་རེད་ཅེས་སྲིད་སྐྱོང་མཆོག་གིས་གསུངས་འདུག རྒྱ་གར་དང་རྒྱ་ནག་བར་ལོ་ལྔའི་རྗེས་རྒྱལ་ཁབ་ཕན་ཚུན་བར་གནམ་གྲུ་ཐད་ཀར་འཕུར་སྐྱོད་ཀྱི་ཞབས་ཞུ་སླར་གསོ་བྱ་རྒྱུའི་མོས་མཐུན་བྱུང་བ་བརྗོད་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཟླ་བ་གཉིས་རིང་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་དྲིལ་བསྒྲགས་ཆེད་སྦག་སྦག་སྐོར་སྐྱོད་ལས་འགུལ་སྤེལ་བའི་ཐད་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་མཉམ་དུ་གླེང་མོལ་ཞུས་པ། Anchor : Guru Choekyi Producer : Nordon བོད་སྐད་སྡེ་ཚན། Service web: http://www.rfa.org/tibetan/ Subscribe: http://bit.ly/29XoS4k Youtube: https://www.youtube.com/user/RFATibetan facebook: https://www.facebook.com/rfa.tibetan twitter: https://twitter.com/rfatibet soundcloud: https://soundcloud.com/rfatibetan podcast: http://www.rfa.org/tibetan/podcasts/
Watch on YouTube