西藏之声
རྒྱལ་ས་ལྡི་ལིའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ།
རྒྱ་ནག་གི་སྲིད་འཛིན་ཞི་ཅན་ཕིང་སང་ཉིན་ཕྱི་ཚེས་ ༡༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ BRICS ཚོགས་ཆེན་ཆེད་དུ་འབྱོར་གྱི་ཡོད་པ་དང་བསྟུན། དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ལྡི་ལིའི་ནང་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བ་མ་ཟད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཁག་གཅིག་དང་བོད་མིའི་གསར་འགོད་པ་ཁག་གཅིག་སྐོར་སྲུང་བས་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་ཡང་ཐོན་འདུག དེ་ཡང་དེ་རིང་ནས་བཟུང་ཉིན་གྲངས་གསུམ་གྱི་རིང་རྒྱལ་ས་ལྡི་ལིའི་ནང་རྒྱལ་སྤྱིའི་ BRICS ཚོགས་ཆེན་དེ་དབུ་འཛུགས་གནང་གི་ཡོད་པ་ལྟར། རྒྱལ་ས་ལྡི་ལིའི་གནམ་ཐང་ནས་ཚོགས་འདུ་འཚོགས་ཡུལ་གྱི་ས་གནས་གཡས་གཡོན་བར་ཉེན་སྲུང་གྱི་དམ་དྲག་ཤུགས་ཆེན་གནང་ཡོད་པར་ལྟོས་མེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་དང་ལྡི་ལི་ས་གནས་ཀྱི་མང་ཚོགས་བཅས་མི་གྲངས་ ༢༠༠ བརྒལ་བས་དེ་རིང་སྔ་དྲོ་བོད་སྒར་བསམ་ཡས་གླིང་ནས་དབུ་འཛུགས་ཀྱིས་ Punjab Basti རྒྱབ་ངོས་ཀྱི་ལམ་གཞུང་དེར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས་ཁོང་ཚོའི་ངོས་ནས་རྒྱ་ནག་གཞུང་གིས་བོད་མིར་འཛིན་པའི་སྲིད་བྱུས་དང་། ལྷག་པར་ད་རེས་སྲིད་འཛིན་ཞི་ཅིན་ཕིང་ཚོགས་ཆེན་དེར་འབྱོར་གྱི་ཡོད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུང་གི་འདུག ད་རེས་ཀྱི་ BRICS ཚོགས་ཆེན་དང་བསྟུན་ནས། ཨུ་རུ་སུའི་སྲིད་འཛིན་ Putin དེ་རིང་ཐོ་རེངས་རྒྱལ་ས་ལྡི་ལིར་འབྱོར་ཟིན་ཡོད་ཀྱང་། རྒྱ་ནག་གི་སྲིད་འཛིན་སང་ཉིན་འབྱོར་འཆར་ཡོད་པ་རེད། ཚོགས་ཆེན་དེ་དང་བསྟུན་ཏེ། རྒྱ་གར་གཞུང་གི་ངོས་ནས་རྒྱལ་ཁབ་ཀྱི་ཆེ་མཐོང་ལ་ལྡི་ལིའི་ནང་བདེ་འཇགས་ཀྱི་རྙོག་གླེང་རིགས་མི་ཡོང་བའི་ཆེད། སློབ་གྲྭ་ཁག་དང་གཞུང་སྒེར་ལས་ཁུངས་ཁག་དེ་རིང་ཉིན་གཅིག་རིང་གུང་སེང་བཏང་བ་མ་ཟད། ལྡི་ལིའི་ནང་ཉེན་རྟོག་སྐོར་སྲུང་བ་དང་དམག་མི་ ༣༥༠༠༠ ལྷག་ཞིག་འགྲེམས་འཇོག་གནང་ཡོད་པ་རེད། འོན་ཀྱང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་ཁག་ ༢༠ ལྷག་ནས་ཕེབས་པའི་ལས་འགུལ་བ་ཚོས་ཚོར་ཤུགས་ཆེན་པའི་ཐོག རྒྱ་ནག་གིས་བོད་མིར་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་དང་འདོད་བློ་མེད་པའི་རྣམ་འགྱུར་ཤུགས་ཆེན་པོ་བསྟན་ཡོད། དེ་རིང་གི་རྒྱལ་ས་ལྡི་ལིའི་གཞོན་ནུའི་ལས་འགུལ་དེར། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་ཟུར་པ་རྒྱ་རི་སྒྲོལ་མ་མཆོག་གི་དབུས་པའི་ཚོགས་གཞོན་ཟུར་པ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་།...
བལ་ཡུལ་གྱི་གློ་སྨོན་ཐང་ཁུལ་དུ་ཉིན་གཅིག་ནང་ས་ཡོམས་ ༧ རྒྱག་སྟེ་སྡོད་ཁང་སོགས་ལ་གནོད་སྐྱོན་ཚབས་ཆེ་ཕོག་འདུག
བལ་ཡུལ་གྱི་ Upper Mustang འམ་གློ་སྨོན་ཐང་ས་ཁུལ་དུ་འདས་པའི་ཆུ་ཚོད་ ༢༤ ནང་ས་ཡོམ་མི་འདྲ་བ་ ༧ བརྒྱབ་སྟེ་སྡོད་ཁང་སོགས་ལ་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་འདུག དེ་ཡང་ཁ་སང་ Ratopati ཞེས་པའི་བལ་ཡུལ་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། གློ་སྨོན་ཐང་ས་ཁུལ་དུ་ཆུ་ཚོད་ ༢༤ ནང་ཚུད་ས་ཡོམ་མི་འདྲ་བ་ ༧ བརྒྱབ་པའི་འོག ལོ་ངོ་བརྒྱ་ཕྲག་མང་པོའི་བཟོ་བཀོད་ལྡན་པའི་ས་ཁུལ་དེའི་འདམ་བག་གི་སྡོད་ཁང་བརྒྱ་ཆ་ ༥༠ ཙམ་ལ་སེར་ཁ་གས་པ་དང་ལུག་པ་སོགས་གནོད་སྐྱོན་ཚབས་ཆེ་ཕོག་པ་མ་ཟད། ད་དུང་མུ་མཐུད་ས་ཡོམ་བརྒྱབ་པ་ཡིན་ན་གཞན་སྡོད་ཁང་བརྒྱ་ཆ་ ༥༠ དེ་ལ་ཡང་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་པ་དང་འབྲེལ། ཁང་པའི་ནང་དུ་མི་བསྡད་མ་ནུས་པའི་གནས་སྟངས་ཆགས་ཡོད་པ་རེད་འདུག ས་གནས་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་གཙོ་བཀྲ་ཤིས་ནོར་བུ་གུ་རུང་ལགས་ཀྱིས། ས་ཡོམ་ཁྲོད་ས་གནས་ཀྱི་གནས་སྟངས་འགྲེལ་བརྗོད་གནང་བའི་ནང་དུ། ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་ཤིག་ཏུ་ངོས་འཛིན་གནང་བའི་ས་ཁུལ་དེར་ས་ཡོམ་གྱི་གནོད་སྐྱོན་ཚབས་ཆེ་བཟོས་ཡོད་པ་དང་། ས་ཡོམ་ཁྲོད་ཁང་པ་གསར་རྙིང་དབྱེ་བ་མེད་པར་གནོད་སྐྱོན་ཕོག་ཡོད་པ་དང་། ཁང་པ་ ༢༠ ནས་ ༣༠ ཙམ་རྩ་བ་ནས་མི་བསྡད་མ་ཐུབ་པའི་གནས་སྟངས་ཆགས་ཡོད་ཀྱང་། ད་ལྟའི་ཆར་དོན་རྐྱེན་དེའི་ཁྲོད་མི་དང་སེམས་ཅན་ལ་གནོད་སྐྱོན་ཕོག་པའི་གནས་ཚུལ་བྱུང་མེད་པ་རེད་འདུག དེ་བཞིན་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱི་འཛིན་སྐྱོང་ལས་བྱེད་ Newton Lamsal ལགས་ཀྱིས། ཁོང་གིས་ཉེན་རྟོག་པ་དང་འཕྲུལ་ལས་རུ་ཁག དེ་བཞིན་དམག་མི་བཅས་ལ་བརྡ་ལན་བཏང་བའི་ཁྲོད་ཁོང་རྣམས་ད་ལྟ་ས་གནས་སུ་གནོད་སྐྱོན་དངོས་ཇི་ཙམ་ཐེབས་མིན་གྱི་རྟོག་ཞིབ་བྱེད་མུས་ཡིན་སྐོར་དང་འབྲེལ།...
ཀོ་ལེ་གྷལ་ཁུལ་དུ་ཆར་ཆུ་དུས་ཐོག་མ་བབས་པར་བོད་མི་དང་ས་གནས་ཡུལ་མིར་དཀའ་ངལ་ཇེ་ཆེར་འཕྲད་བཞིན་འདུག
འདི་ལོར་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ Chamarajanagara ཅམརཱ་ཇཱ་ནཱ་སྒར་རྫོང་ནང་དུ་ཆར་ཆུ་དུས་སུ་མ་བབས་པའི་རྐྱེན་གྱིས། ས་གནས་ཡུལ་མི་དང་ལྷག་པར་དུ་ཀོ་ལེ་གྷལ་དོན་ལྡན་གླིང་གི་སོ་ནམ་ཞིང་ལས་གཉེར་མཁན་གཞིས་མི་རྣམས་ལ་དཀའ་ངལ་འཕྲད་བཞིན་འདུག འདི་ག་རླུང་འཕྲིན་ཁང་ནས་དོན་ལྡན་གླིང་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས་ཀོ་ལེ་གྷལ་དོན་ལྡན་གླིང་ཁུལ་དུ་འདས་པའི་ལོ་ངོ་ལྔ་ཙམ་ནས་ཆར་ཆུ་དུས་ཐོག་མ་བབས་པའི་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། སྔ་ལོའི་ནང་ཆར་ཆུ་དུས་ཐོག་བབས་ཡོད་པ་དང་། ད་ལོ་སླར་ཡང་ཆར་ཆུ་མེད་པའི་དཀའ་ངལ་འོག །དུས་རྒྱུན་ཕྱི་ཟླ་ ༧ ཚེས་ ༡༥ ཡས་མས་ནས་ཨ་ཤོམ་འདེབས་ལས་འགོ་འཛུགས་བྱེད་ཀྱི་ཡོད་པ་མ་ཟད། ཕྱི་ཟླ་ ༨ པའི་ཚེས་ཤར་ནས་ཞིང་ལས་འདེབས་འཛུགས་གནང་གི་ཡོད་སྟབས། ཕྱི་ཟླ་ ༨ པའི་ནང་དུའང་ཆར་པ་འབབ་མེད་པའི་དཀའ་ངལ་ཕྲད་དེ་ས་ཞིང་སྟོང་པར་ལུས་ཡོད་པ་འགྲེལ་བརྗོད་གནང་སོང་། ཁོང་གིས་ད་དུང་གཞིས་ཆགས་ཀྱི་གྲོང་སྡེ་སྟོད་ཕྱོགས་རི་མཚམས་སུ་ཆར་པ་བབས་ཏེ། ཁུལ་དེའི་གཞིས་མི་རྣམ་པས་ས་ཞིང་འདེབས་ལས་འགོ་འཛུགས་གནང་ཡོད་པ་གསུངས་སོང་། མ་ཟད་རྫོང་གི་ཡུལ་མི་རྣམས་ལ་དེ་འབྲེལ་གནས་སྟངས་འོག་འཐུང་ཆུའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། གཞིས་ཆགས་ལ་ད་ལྟའི་ཆར་འཐུང་ཆུའི་དཀའ་ངལ་མེད་ཀྱང་ད་དུང་ཆར་པ་མུ་མཐུད་མ་བརྒྱབ་ཚེ་འཐུང་ཆུའི་དཀའ་ངལ་འཕྲད་སྲིད་པའི་སེམས་འཚབ་མངོན་གསལ་གནང་སོང་། ལྷག་པར་གཞིས་ཆགས་ནང་ཞིང་ལས་གཉེར་མཁན་བརྒྱ་ཆ་ ༧༠ ཡོད་པ་དང་། ཉེ་བའི་ལོ་ཤས་ནང་གཞིས་ཆགས་སུ་སྟོན་ཉེས་བྱུང་བ་དང་ཆར་ཆུ་དུས་ཐོག་མ་བབས་པའི་རྐྱེན་གྱི་ས་ཞིང་སྟོང་པ་འཇོག་མཁན་ཡོད་ཅིང་། སྟོན་ཉེས་བྱུང་བའི་སྐབས་དེར་བོད་མིའི་སྒྲིག་འཛུགས་ནས་སོ་ནམ་པ་རྣམས་ལ་གུན་གསབ་ཆེད་དུ་སྔ་ལོ་ཕུད་པའི་འདས་པའི་ལོ་གསུམ་ནང་ཧི་སྒོར་འབུམ་ ༧༤༠༠༠ ཙམ་གནང་ཡོད་པ་འགྲེལ་བརྗོད་གནང་སོང་། The post ཀོ་ལེ་གྷལ་ཁུལ་དུ་ཆར་ཆུ་དུས་ཐོག་མ་བབས་པར་བོད་མི་དང་ས་གནས་ཡུལ་མིར་དཀའ་ངལ་ཇེ་ཆེར་འཕྲད་བཞིན་འདུག appeared first on vot.
རང་བཙན་གོམ་བགྲོད་ལས་འགུལ་བ་ཚེ་རིང་མཐར་ཕྱིན་ལགས་རྒྱ་གར་གྱི་གྲོང་ཁྱེར་ཨམ་བྷ་ལ་རུ་འབྱོར་འདུག
ཚེ་རིང་མཐར་ཕྱིན་ལགས་ཀྱིས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཞག་ཞེ་དགུའི་ཉིན་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་སྟེ་ད་ཆ་རྒྱ་གར་གྱི་གྲོང་ཁྱེར་ཨམ་བྷ་ལ་རུ་འབྱོར་འདུག དེ་ཡང་ཟླ་ ༧ ཚེས་ ༢ ཉིན་ཨ་རི་ནིའུ་ཡོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བ་དང་བསྟུན། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་ལས་འགུལ་འདྲ་མིན་སྤེལ་བའི་ཁྲོད། དཔའ་བོ་དམ་པ་ཁོང་གི་ཞག་ཞེ་དགུའི་ཉིན་རྡ་རམ་ས་ལའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་ཚེ་རིང་མཐར་ཕྱིན་ལགས་ཀྱིས་རྡ་རམ་ས་ལའི་ཉེན་རྟོག་ལས་ཁུངས་ཀྱི་ཐང་ཆེན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་རང་བཙན་གོམ་བགྲོད་ཅེས་པའི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་ཅིང་། དེ་རིང་ཉིན་གྲངས་ ༢༡ པ་དེ་ཆགས་ཀྱི་འདུག འདི་གའི་གསར་འགོད་པས་ཚེ་རིང་མཐར་ཕྱིན་ལགས་སུ་ལྡི་ལི་བར་གྱི་གོམ་བགྲོད་དབུ་འཛུགས་གནང་ནས་ཉིན་ ༢༡ སོང་བའི་མཚམས་འདིར་བོད་ཀྱི་གནད་དོན་དང་འབྲེལ་ཏེ་སེམས་ཚོར་ཇི་ཡོད་བཀའ་འདྲི་ཞུ་སྐབས། རྒྱ་ནག་གཞུང་གི་སྡུག་རྩུབ་སྲིད་བྱུས་ཇེ་སྡུག་ཏུ་མ་གཏོགས་འགྲོ་ཡས་མེད་སྟབས་ཁོང་སྒེར་ངོས་ནས་རྒྱ་གཞུང་ལ་ཡིད་ཆེས་དང་རེ་བ་སོགས་ཡོངས་སུ་དོར་ཟིན་པ་དང་། ད་ལྟའི་ཆར་བོད་རང་བཙན་སླད་གོམ་པ་མདུན་སྤོད་བྱེད་ན་མ་མཏོགས་གཞན་ཐབས་ཤེས་རྩ་བ་ནས་མེད་པ་གསུང་གི་འདུག སྤྱིར་ཚེ་རིང་མཐར་ཕྱིན་ལགས་ཀྱི་གོམ་བགྲོད་ཁྲོད་ཁོང་ལ་དཀའ་ངལ་ཆུང་ཚགས་རིགས་ཕྲད་ཡོད་ཀྱང་། དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་གཙོས་བོད་མི་ ༡༧༠ ལྷག་གི་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གནང་ཡོད་པ་རྣམས་རྗེས་སུ་དྲན་པའི་ཐོག་གོམ་བགྲོད་སྐབས་སེམས་ཤུགས་ཆགས་པའམ་དཀའ་ངལ་ཆེན་པོ་ཕྲད་པ་གང་ཡང་བྱུང་མེད་སྐོར་འགྲེལ་བརྗོད་གནང་སོང་བ་མ་ཟད། གོམ་བགྲོད་གནང་བའི་སྐབས་ས་གནས་ཀྱི་འགོ་ཁྲིད་འདྲ་མིན་དང་ཐུག་འཕྲད་ཀྱིས་བོད་ཀྱི་གནད་དོན་ངོ་སྤྲོད་གང་ཐུབ་གནང་ཡོད་སྐོར་གསུང་བ་དང་འབྲེལ། རྒྱ་གར་མང་ཚོགས་ཁྲོད་ནས་བོད་ཀྱི་གནད་དོན་སྤྱི་དང་ལྷག་པར་དུ་ཁོང་གིས་ཕྱག་ཏུ་བསྣམས་པའི་བོད་ཀྱི་རྒྱལ་དར་དང་འབྲེལ་བའི་དྲི་བ་མང་དག་ཅིག་ཡོད་པ་གསུང་གི་འདུག རྩ་བའི་ཚེ་རིང་མཐར་ཕྱིན་ལགས་ཀྱིས་རང་བཙན་གོམ་བགྲོད་ཅེས་པའི་ལས་འགུལ་དེ་བཞིན་ཟླ་ ༨ པའི་ཚེས་ ༢༠ རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་ནས་ཞག་ཞེ་དགུ་ཧྲིལ་པོ་འཁོར་བའི་ཉིན་མོ་དང་བསྟུན་ནས་འགོ་འཛུགས་གནང་ཞིང་། དེ་རིང་བར་ཁྱིན་ཉིན་གྲངས་ ༢༡ ཕྱིན་ཡོད་པ་དང་ཟླ་འདིའི་ཟླ་མཇུག་ཏུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་གྱི་ཡོད་པ་དང་། ལྡི་ལིའི་ནང་རྒྱ་གར་གྱི་མཐོ་སློབ་ཁག་གི་སློབ་ཕྲུག་རྣམ་པ་དང་གཞུང་ཚབ་ཁག་སོགས་ལ་ཆེད་བསྐྱོད་ཀྱིས་བོད་ཀྱི་གནད་དོན་ངོ་སྤྲོད་དང་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུར་མེར་བསྲེགས་བཏང་བའི་གནས་ཚུལ་སོགས་ངོ་སྤྲོད་དང་ཁྱབ་སྤེལ་གནང་བའི་རྗེས་སུ་གཞི་ནས་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ལས་འགུལ་མཇུག་སྒྲིལ་གནང་རྒྱུ་ཡིན་པ་རེད་འདུག The post རང་བཙན་གོམ་བགྲོད་ལས་འགུལ་བ་ཚེ་རིང་མཐར་ཕྱིན་ལགས་རྒྱ་གར་གྱི་གྲོང་ཁྱེར་ཨམ་བྷ་ལ་རུ་འབྱོར་འདུག appeared first on vot.
རྒྱ་ནག་གི་དགག་བྱ་ཙམ་ལ་བརྟེན་ནས་བོད་རིག་པའི་ཚོགས་འདུ་ཕྱིར་འཐེན་བྱས་པ་དེས་བལ་ཡུལ་གྱི་ཕྱི་འབྲེལ་སྲིད་བྱུས་རང་དབང་ལ་དོགས་གཞི་བསླངས་ཡོད་པ་གསུང་གི་འདུག
རྒྱ་ནག་གཞུང་གིས་མངོན་གསལ་དོད་པོས་བོད་རིག་པའི་ཚོགས་འདུ་ཕྱིར་འཐེན་དགོས་པའི་གནོན་ཤུགས་སྤྲད་མེད་ན་ཡང་། རྒྱ་ནག་གིས་མི་འདོད་པའི་རྣམ་འགྱུར་བསྟན་པ་ཙམ་གྱིས་བལ་ཡུལ་གཞུང་གིས་རྒྱ་ནག་ལ་མགོ་སྒུར་ནས་ཚོགས་འདུ་ཕྱིར་འཐེན་བྱེད་བཅུག་པ་དེས་བལ་ཡུལ་དང་རྒྱ་ནག་གཉིས་ཀའི་ཆེ་མཐོང་ལ་གནོད་ཡོད་ཅེས་ཉམས་ཞིབ་པ་རོ་བཊ་བྷར་ནཊ་(Robert Barnett)ལགས་ཀྱིས་གསུངས་འདུག དེ་ཡང་ཟླ་བ་ ༩ ཚེས་ ༨ ཉིན་ 9DASHLINE ཞེས་པའི་དྲྭ་གནས་ཐོག་སྤེལ་བའི་རྩོམ་ཡིག་ནང་དུ་བོད་དོན་ཉམས་ཞིབ་པ་རོ་བཊ་བྷར་ནཊ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་རིག་པའི་ཚོགས་འདུ་གཏན་དུ་ཕྱིར་འཐེན་དགོས་པའི་གནོན་ཤུགས་སྤྲད་ཡོད་མེད་གསལ་པོ་མེད་ན་ཡང་། རྒྱ་ནག་གཞུང་གིས་བལ་ཡུལ་དུ་འཚོག་གཏན་ཁེལ་བའི་བོད་རིག་པའི་ཚོགས་འདུའི་སྐོར་བོད་དོན་ཆབ་སྲིད་དང་འབྲེལ་བའི་གླེང་སློང་ལ་དམ་དོན་དགོས་པའི་རེ་སྐུལ་བྱས་པ་དེ་ཉིད་བལ་ཡུལ་གཞུང་གི་དབང་འཛིན་པ་ཚོས་ཉེན་བརྡར་གོ་བ་བླངས་ཏེ། ཚོགས་འདུ་ཕྱིར་འཐེན་བྱེད་བཅུག་ཡོད་པ་གསུངས་འདུག སྤྱིར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་བདུན་པ་དེ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་ལ་འཚོག་གཏན་ཁེལ་ཡོད་ནའང་། ཚོགས་འདུ་དངོས་སུ་འགོ་མ་ཚུགས་པའི་ཉིན་གྲངས་ཁ་ཤས་སྔོན་དུ་བལ་ཡུལ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་གོ་བིནྡྲ་བ་ཧ་དུར་ཀར་ཀེ་(Govinda Bahadur Karkee)དང། ཕྱི་སྲིད་དྲུང་ཆེ་ཨམ་རིཊ་བ་ཧ་དུར་ར་ཧི་(Amrit Bahadur Rai)གཉིས་ཀྱིས་ཚོགས་འདུ་གཙོ་སྐྱོང་བ་ཀ་ཐ་མན་གྲུ་གཙུག་ལག་སློབ་གཉེར་ཁང་ལ་ཚོགས་འདུ་ཕྱིར་འཐེན་དགོས་པའི་ངག་ཐོག་བཀོད་ཁྱབ་བཏང་བའི་རྗེས། བོད་རིག་པའི་ཚོགས་འདུ་ཐེངས་བཅུ་བདུན་པ་དེ་དྲྭ་ཐོག་ནས་འཚོག་དགོས་བྱུང་ཡོད། བལ་ཡུལ་གྱི་དབང་འཛིན་པ་ཚོས་ཚོགས་འདུ་ཕྱིེར་འཐེན་དགོས་པའི་བཀོད་ཁྱབ་མ་བཏང་བའི་སྔོན། ཟླ་བ་ ༧ ཚེས་ ༢༡ ཉིན་བལ་ཡུལ་གནས་སྡོད་རྒྱ་ནག་གཞུང་ཚབ་ཀྱིས་བལ་ཡུལ་ཕྱི་སྲིད་དྲུང་ཆེ་ཨམ་རིཊ་བ་ཧ་དུར་ར་ཧི་དང་ཐུག་འཕྲད་བྱས་ཏེ། བལ་ཡུལ་དུ་འཚོག་འཆར་ཡོད་པའི་རྒྱལ་སྤྱིའི་ཚོགས་འདུ་དེའི་སྐོར་གྲོས་བསྡུར་དང་། ལྷག་པར་དུ་ཚོགས་འདུའི་སྐབས་བོད་དོན་ལ་རྒྱབ་སྐྱོར་དང་། རྒྱ་ནག་ལ་སྐྱོན་བརྗོད་རིགས་ཡོང་སྲིད་པས། བལ་ཡུལ་གཞུང་ནས་དམ་དོན་དགོས་པའི་རེ་སྐུལ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད། རྒྱལ་སྤྱིའི་རང་བཞིན་ལྡན་པའི་བོད་རིག་པའི་ཚོགས་འདུ་ཕྱིེར་འཐེན་བྱ་དགོས་བྱུང་བའི་གནས་ཚུལ་ཁྱབ་འཕེལ་བྱུང་བའི་རྗེས། བལ་ཡུལ་སྲིད་བློན་ལས་ཁུངས་ཀྱི་མགྲིབ་ཚབ་པས། གནད་དོན་དེའི་ཐད་གཞུང་གིས་ཐེ་བྱུས་བྱས་མེད་པ་མ་ཟད། དེ་དང་འབྲེལ་བའི་བཀོད་ཁྱབ་རིགས་གང་ཡང་བཏང་མེད་པའི་གསལ་བཤད་དང་སྦྲགས། ཚོགས་འདུ་དེ་གོ་སྒྲིག་ཚོགས་ཆུང་རང་ནས་ཕྱིར་འཐེན་བྱས་ཡོད་སྲིད་པ་བཤད་འདུག འོན་ཀྱང་། རྒྱལ་སྤྱིའི་བོད་རིག་པའི་ཚོགས་པས་བལ་ཡུལ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་གོ་བིནྡྲ་བ་ཧ་དུར་ཀར་ཀེ་(Govinda Bahadur...
བོད་རྒྱའི་དཀའ་རྙོག་སེལ་བར་རྒྱ་ནག་མང་གཙོ་བཅོས་བསྒྱུར་བྱ་གལ་ཡིན་པ་གསུངས་སོང་།
རྒྱ་རིགས་མང་གཙོ་དོན་གཉེར་བས་བོད་དོན་སེལ་ཐབས་དང་རྒྱ་ནག་ནང་མང་གཙོ་འཛུགས་སྐྲུན་གྱི་དམིགས་ཡུལ་ཅི་ཞིག་ཡིན་རུང་། གོམ་པ་དང་པོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་བཅོས་བསྒྱུར་བྱེད་རྒྱུ་དེ་ཡིན་པ་གསུངས་སོང་། ཨོ་གླིང་དུ་གནས་བཞུགས་ Chin Jin ལགས་ནི་རྒྱ་ནག་གི་རིག་གནས་གསར་བརྗེ་དང་མདུན་བསྐྱོད་ཆེན་མོ་བཅས་ཀྱི་གོད་ཆགས་དངོས་སུ་མཐོང་ཐོས་མྱོང་མཁན་ཞིག་དང་། ཕྱི་ལོ་ ༡༩༨༩ ལོའི་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་རྗེས་རྒྱ་ནག་ནང་མང་གཙོ་རྩོད་ཐབས་སླད་གསར་བཙུགས་གནང་བའི་ Federation for a Democratic China ཞེས་པའི་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་ཡིན་པ་རེད། ཁོང་ཉེ་ལམ་བཞུགས་སྒར་དུ་ཕེབས་པ་དང་བསྟུན་འདི་ག་རླུང་འཕྲིན་ཁང་ནས་དམིགས་བསལ་བཅར་འདྲིའི་ལས་རིམ་ཞིག་གི་ཐོག་བོད་མིའི་རང་དབང་འཐབ་རྩོད་དང་རྒྱ་ནག་ནང་མང་གཙོ་འཐབ་རྩོད་བཅས་ཀྱི་གནད་དོན་དང་འབྲེལ་ནས་བཀའ་འདྲི་ཁག་གཅིག་ཞུ་སྐབས། ཁོང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་རྒྱུ་བཅས་དམིགས་ཡུལ་ཅི་ཞིག་ཡིན་རུང་། གོམ་པ་དང་པོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་བཅོས་བསྒྱུར་བྱེད་རྒྱུ་དེ་ཡིན་པ་གསུངས་སོང་། ཁོང་གིས་ད་དུང་དེང་རབས་རྒྱ་ནག་གི་དམངས་གཙོ་ལས་འགུལ་དང་བོད་དོན་ལས་འགུལ་ནི་རང་བཞིན་གྱི་མཐུན་གྲོགས་ཤིག་ཡིན་ཞིང་། བོད་མི་དང་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཚོས་དགྲ་ཕྱོགས་གཅིག་མཚུངས་ཡིན་པ་དེ་ནི་རྒྱ་དམར་སྲིད་གཞུང་ཡིན་པ་གསུངས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་གནད་དོན་ཐག་མ་གཅོད་བར་དུ། རྒྱ་ནག་གི་དཀའ་ངལ་སེལ་མི་ཐུབ་ལ། བོད་ཀྱི་གནད་དོན་དེ་བས་ཀྱང་ཐག་གཅོད་ཐུབ་རྒྱུ་མིན་པ་གསུངས་སོང་། སྤྱིར་ Chin Jin ལགས་ནི་ཉེ་ལམ་བོད་མིའི་སྒྲིག་འཛུགས་ངོས་ནས་བཞུགས་སྒར་དུ་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་ཞིག་གོ་སྒྲིག་གནང་ཡོད་པ་དེའི་ཐོག་ལྷན་ཞུགས་སླད་ཕེབས་ཡོད་པ་རེད། ཚོགས་འདུ་དེའི་རིང་ཚོགས་བཅར་བ་རྣམས་ཀྱིས་ཚོགས་འདུའི་ཉིན་མཐའ་མའི་ཐོག ༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་གཏོགས་རྒྱ་ནག་ལ་བདག་དབང་རྩ་བ་ནས་མེད་པ་དང་། འཚེ་མེད་ཞི་བའི་ཐབས་ལམ་ལ་མུ་མཐུད་འཇུག་སྐྱོང་གནང་རྒྱུ། མང་གཙོའི་དམིགས་ཡུལ་བསྒྲུབ་པར་བོད་རྒྱའི་དབར་ཐུན་མོང་གྱི་གཞི་རྟེན་འཚོལ་རྒྱུ། དེ་བཞིན་རྒྱ་རིགས་སྤྱི་ཚོགས་ཁྲོད་བོད་ཀྱི་གནད་དོན་དང་བོད་དོན་འཐབ་རྩོད། དབུ་མའི་ལམ་གྱི་སྲིད་བྱུས་བཅས་ཀྱི་སྐོར་ལ་གོ་རྟོགས་གང་མང་སྤེལ་རྒྱུ་དང་ལྷག་པར་འདི་ལོ་རྒྱ་ནག་གིས་ལག་བསྟར་བྱེད་འགོ་བཙུགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་དེ་ཉིན་འཕྲལ་མར་ཕྱིར་འཐེན་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད། ཚོགས་འདུ་དེའི་ཐོག་ཕེབས་པའི་ Institute for China’s Democratic Transition...
བོད་རྒྱའི་དཀའ་རྙོག་སེལ་བར་རྒྱ་ནག་མང་གཙོ་བཅོས་བསྒྱུར་བྱ་གལ་ཡིན་པ་གསུངས་སོང་།
རྒྱ་རིགས་མང་གཙོ་དོན་གཉེར་བས་བོད་དོན་སེལ་ཐབས་དང་རྒྱ་ནག་ནང་མང་གཙོ་འཛུགས་སྐྲུན་གྱི་དམིགས་ཡུལ་ཅི་ཞིག་ཡིན་རུང་། གོམ་པ་དང་པོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་བཅོས་བསྒྱུར་བྱེད་རྒྱུ་དེ་ཡིན་པ་གསུངས་སོང་། ཨོ་གླིང་དུ་གནས་བཞུགས་ Chin Jin ལགས་ནི་རྒྱ་ནག་གི་རིག་གནས་གསར་བརྗེ་དང་མདུན་བསྐྱོད་ཆེན་མོ་བཅས་ཀྱི་གོད་ཆགས་དངོས་སུ་མཐོང་ཐོས་མྱོང་མཁན་ཞིག་དང་། ཕྱི་ལོ་ ༡༩༨༩ ལོའི་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་རྗེས་རྒྱ་ནག་ནང་མང་གཙོ་རྩོད་ཐབས་སླད་གསར་བཙུགས་གནང་བའི་ Federation for a Democratic China ཞེས་པའི་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་ཡིན་པ་རེད། ཁོང་ཉེ་ལམ་བཞུགས་སྒར་དུ་ཕེབས་པ་དང་བསྟུན་འདི་ག་རླུང་འཕྲིན་ཁང་ནས་དམིགས་བསལ་བཅར་འདྲིའི་ལས་རིམ་ཞིག་གི་ཐོག་བོད་མིའི་རང་དབང་འཐབ་རྩོད་དང་རྒྱ་ནག་ནང་མང་གཙོ་འཐབ་རྩོད་བཅས་ཀྱི་གནད་དོན་དང་འབྲེལ་ནས་བཀའ་འདྲི་ཁག་གཅིག་ཞུ་སྐབས། ཁོང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་རྒྱུ་བཅས་དམིགས་ཡུལ་ཅི་ཞིག་ཡིན་རུང་། གོམ་པ་དང་པོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་བཅོས་བསྒྱུར་བྱེད་རྒྱུ་དེ་ཡིན་པ་གསུངས་སོང་། ཁོང་གིས་ད་དུང་དེང་རབས་རྒྱ་ནག་གི་དམངས་གཙོ་ལས་འགུལ་དང་བོད་དོན་ལས་འགུལ་ནི་རང་བཞིན་གྱི་མཐུན་གྲོགས་ཤིག་ཡིན་ཞིང་། བོད་མི་དང་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཚོས་དགྲ་ཕྱོགས་གཅིག་མཚུངས་ཡིན་པ་དེ་ནི་རྒྱ་དམར་སྲིད་གཞུང་ཡིན་པ་གསུངས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་གནད་དོན་ཐག་མ་གཅོད་བར་དུ། རྒྱ་ནག་གི་དཀའ་ངལ་སེལ་མི་ཐུབ་ལ། བོད་ཀྱི་གནད་དོན་དེ་བས་ཀྱང་ཐག་གཅོད་ཐུབ་རྒྱུ་མིན་པ་གསུངས་སོང་། སྤྱིར་ Chin Jin ལགས་ནི་ཉེ་ལམ་བོད་མིའི་སྒྲིག་འཛུགས་ངོས་ནས་བཞུགས་སྒར་དུ་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་ཞིག་གོ་སྒྲིག་གནང་ཡོད་པ་དེའི་ཐོག་ལྷན་ཞུགས་སླད་ཕེབས་ཡོད་པ་རེད། ཚོགས་འདུ་དེའི་རིང་ཚོགས་བཅར་བ་རྣམས་ཀྱིས་ཚོགས་འདུའི་ཉིན་མཐའ་མའི་ཐོག ༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་གཏོགས་རྒྱ་ནག་ལ་བདག་དབང་རྩ་བ་ནས་མེད་པ་དང་། འཚེ་མེད་ཞི་བའི་ཐབས་ལམ་ལ་མུ་མཐུད་འཇུག་སྐྱོང་གནང་རྒྱུ། མང་གཙོའི་དམིགས་ཡུལ་བསྒྲུབ་པར་བོད་རྒྱའི་དབར་ཐུན་མོང་གྱི་གཞི་རྟེན་འཚོལ་རྒྱུ། དེ་བཞིན་རྒྱ་རིགས་སྤྱི་ཚོགས་ཁྲོད་བོད་ཀྱི་གནད་དོན་དང་བོད་དོན་འཐབ་རྩོད། དབུ་མའི་ལམ་གྱི་སྲིད་བྱུས་བཅས་ཀྱི་སྐོར་ལ་གོ་རྟོགས་གང་མང་སྤེལ་རྒྱུ་དང་ལྷག་པར་འདི་ལོ་རྒྱ་ནག་གིས་ལག་བསྟར་བྱེད་འགོ་བཙུགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་དེ་ཉིན་འཕྲལ་མར་ཕྱིར་འཐེན་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད། ཚོགས་འདུ་དེའི་ཐོག་ཕེབས་པའི་ Institute for China’s Democratic Transition...
Tsawa Cheveyo ལགས་ཡོ་རོབ་རྐང་སྤོལ་རྩེད་འགྲན་ཆེ་ཤོས་ Champions League ནང་རྩེད་འགྲན་གནང་མཁན་བོད་པ་ཐོག་མ་དེ་ཆགས་འདུག
སུད་སི་གནས་བཞུགས་བོད་རིགས་རྐང་སྤོལ་རྩེད་འགྲན་པ་ Tsawa Cheveyo ལགས་ཀྱིས། ཡོ་རོབ་རྐང་སྤོལ་རྩེད་འགྲན་ཆེ་ཤོས་ UEFA Champions League ནང་ཆེས་ཐོག་མའི་མཉམ་ཞུགས་ཀྱིས་རྩེད་འགྲན་དང་པོ་དེ་རྩེད་གནང་འདུག་པ་དང་། ཁོང་ནི་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་བོད་པ་ཐོག་མ་དེ་ཆགས་འདུག དེ་ཡང་ཁ་སང་ནས་ཡོ་རོབ་ནང་གི་རྐང་སྤོལ་རྩེད་འགྲན་གྲགས་ཆེ་ཤོས་ UEFA Champions League དངོས་སུ་འགོ་འཛུགས་ཀྱིས་ཁྱོན་རྐང་སྤོལ་རུ་ཁག་ ༣༦ བར་རྩེད་འགྲན་གནང་གི་ཡོད་པ་དང་། རྩེད་འགྲན་གྱི་ཉིན་དང་པོའི་ནང་བོད་རིགས་རྐང་སྤོལ་རྩེད་འགྲན་པ་ Tsawa Cheveyo ལགས་ཀྱི་རུ་ཁག་ Club Brugge དང་ Aston Villa གཉིས་དབར་རྩེད་འགྲན་གནང་ཡོད་ཅིང་། རྩེད་འགྲན་དེའི་ཁྲོད་ Club Brugge ལ་སྤོ་ལོ་ ༢ དང་ Aston Villa ལ་སྤོ་ལོ་ ༣ བཅས་ཀྱི་ཐོག་ནས་ Club...
༸གོང་ས་མཆོག་ཕྱིར་ལོག་མཛད་པ་དང་བསྟུན་བཞུགས་སྒར་དུ་དད་ལྡན་མཇལ་བཅར་བ་ཇེ་མང་སླེབ་བཞིན་པ།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདས་པའི་ཟླ་གཉིས་ལྷག་རིང་ལ་དྭགས་སུ་སྐུ་ལྷོད་བཞུགས་སླད་ཆིབས་བསྒྱུར་མཛད་ཡོད་པར་བརྟེན། དུས་རྒྱུན་ཡུལ་སྐོར་སྤྲོ་འཆམ་པ་ཕོན་ཆེན་འདུ་འཛོམས་བྱུང་སའི་བཞུགས་སྒར་དེ་བཞིན་གནས་སྐབས་སྟོང་ལྷང་ལྷང་དུ་གྱུར་ཡོད་པ་རེད། འོན་ཀྱང་ཉེ་ལམ་ཕྱི་ཟླ་ ༩ ཚེས་ ༤ ཉིན་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་དུ་ཕྱིར་ལོག་མཛད་ཡོད་དང་འབྲེལ། ཁ་སང་ཕྱི་ཚེས་ ༧ ཉིན་ནས་བཟུང་༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་དད་ལྡན་མཇལ་བཅར་བ་ཚོར་མང་མཇལ་སྩལ་གནང་དབུ་འཛུགས་མཛད་ཡོད་སྟབས། སླར་ཡང་བཞུགས་སྒར་དུ་འཛམ་གླིང་ཡུལ་གྲུ་གང་ས་ནས་དད་ལྡན་མང་ཚོགས་མཇལ་ཁར་བཅར་མཁན་རིམ་པས་ཇེ་མང་སླེབ་བཞིན་པའི་ཁྲོད། དེ་རིང་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་ཞུ་མཁན་ཁོིངས་སུ་ཨ་རི་གཙོས་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་པོན་ཊ་ཆོལ་གསུམ་གྱི་ལོ་ན་ ༦༥ ཡན་གྱི་བགྲེས་སོང་ ༣༨ ཙམ་དང་། འབྲས་ལྗོངས་མི་རིགས་ཀྱི་རུ་ཁག་གཅིག དེ་བཞིན་རྒྱ་གར་བ་དང་ཕྱི་རྒྱལ་བ་ཁག་གཅིག་བཅས་ཁྱོན་མཇལ་བཅར་བ་ ༡༢༠ སྐོར་ལ་མང་མཇལ་སྩལ་གནང་མཛད་ཡོད་པ་རེད། སྐབས་དེར་འདི་ག་རླུང་འཕྲིན་ཁང་གིས་དད་ལྡན་མཇལ་བཅར་བ་ཁག་གཅིག་ལ་ཁོང་རྣམ་པའི་སེམས་ཚོར་སོགས་དང་འབྲེལ་ཏེ་བཅར་འདྲི་ཁག་གཅིག་ཞུ་སྐབས་ཁོང་རྣམས་ཀྱིས། དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བར་ཤིན་ཏུ་ནས་སྐལ་པ་བཟང་པོ་དང་སྨོན་འདུན་གྲུབ་སོང་བསམ་པའི་ཚོར་བ་དམིགས་བསལ་ཞིག་བྱུང་སོང་བ་འགྲེལ་བརྗོད་དང་འབྲེལ། བོད་མི་ཚང་མས་༸མགོན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དྲན་པའི་ཐོག་ནས་སྤྱི་ཚོགས་ནང་ཁུལ་མཐུན་པོ་གནང་དགོས་གལ་དང་། གཉན་འཕྲང་ཅན་གྱི་ད་ལྟའི་དུས་ཚོད་འདིར་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་ཚང་མས་གང་ཐུབ་ཐུགས་འཁུར་བཞེས་དགོས་པ་མ་ཟད། གཞོན་སྐྱེས་ཁྲོད་ཆང་རག་དང་དུག་རྫས་ཀྱི་ངན་གོམས་བཀག་འགོག་སླད་ཕན་ཚུན་ཁ་ཏཱ་བསླབ་བྱ་བསྐྱོན་དགོས་གལ་ཡིན་པ་གསུངས་སོང་། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་འདིའི་ཚེས་ ༤ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་མ་ཐག ཕྱི་ཉིན་ཕྱི་ཚེས་ ༥ ཉིན་མགོན་པོ་༸གང་ཉིད་མཆོིག་ནས་ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་སྐོང་འཚོགས་གནང་ཡོད་པ་དེའི་ནང་མཉམ་ཞུགས་གནང་མཁན་རྒྱ་རིགས་མང་གཙོ་དོན་གཉེར་བ་ ༢༥ ཙམ་ལའང་དམིགས་བསལ་གྱི་གཟིམ་ཆུང་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད། The post ༸གོང་ས་མཆོག་ཕྱིར་ལོག་མཛད་པ་དང་བསྟུན་བཞུགས་སྒར་དུ་དད་ལྡན་མཇལ་བཅར་བ་ཇེ་མང་སླེབ་བཞིན་པ། appeared...
བོད་རྒྱ་ནག་དང་ཁ་བྲལ་གཏང་འདོད་མེད་ཚེ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་གནང་དགོས།
བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་དབུས་གཙང་ཆོལ་ཁ་དང་། མདོ་སྟོད། མདོ་སྨད། བོད་ཀྱི་བུད་མེད་ལྷན་ཚོགས། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་ངོས་ནས། རིང་མིན་རྒྱལ་ས་ལྡི་ལིར་འཚོག་རྒྱུའི་རྒྱལ་སྤྱིའི་ BRICS གྱི་ཚོགས་འདུར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཡང་མཉམ་ཞུགས་བྱ་འཆར་ཡོད་པ་དང་བསྟུན། དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Press Club of India ནང་གསར་འགོད་ལྷན་ཚོགས་ཤིག་འདུ་སྐོང་དང་སྦྲགས། རྒྱ་ནག་གཞུང་གི་ངོས་ནས་སྔོན་འགྲོའི་ཆ་རྐྱེན་མེད་པར་དབུ་མའི་ཐབས་ལམ་འོག་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པའི་རང་དབང་སྤྲོད་དགོས་པ་སོགས་ཀྱི་དགོས་འདུན་བཏོན་སོང་། གསར་འགོད་ལྷན་ཚོགས་དེའི་ཐོག་ཚོགས་པ་ལྔའི་སྐུ་ཚབ་སོ་སོས་བོད་སྐད་དང་། དབྱིན་ཇི། ཧིནྡི། རྒྱ་སྐད་བཅས་སྐད་ཡིག་བཞིའི་ཐོག་ནས་གཏམ་བཤད་གནང་ཡོད་པ་དང་། ཁོང་ཚོས་བཏོན་པའི་ཡོངས་ཁྱབ་བསྒྲགས་གཏམ་དེའི་ནང་། ཞི་ཅིང་ཕིང་ད་རེས་འཚེ་མེད་ཞི་བདེ་དང་རང་དབང་ལ་ཡིད་ཆེས་གནང་མཁན་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་གྱི་ཡོད་པར་དགའ་བསུ་ཞུ་རྒྱུ་ཡིན་ཡང་། རྒྱ་ནག་ཕྱོགས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་ཞེ་གཉིས་མེད་ཀྱི་འདོན་གནང་མཛད་ཅིང་། ལོ་ངོ་ ༤༠ ལྷག་དེ་མུར་ལུས་པའི་དབུ་མའི་ལམ་གྱི་དགོངས་གཞིའི་འོག་ནས་བོད་དོན་དཀའ་རྙོག་སེལ་དགོས་པ་མ་ཟད། སྲིད་འཛིན་ཞི་ཅིང་ཕིང་གི་ངོས་ནས་རྒྱ་ནག་གི་རྒྱལ་ཁབ་དང་མི་རིགས་བཅས་པ་བརྟན་ལྷིང་དང་ཡར་རྒྱས་ཕྱོགས་སུ་འགྲོ་རྒྱུར་རླབས་ཆེན་གྱི་ཡིད་ཆེས་དང་རེ་བ་ཡོད་སྟབས། བསམ་བློ་དེའི་ཐོག་ནས་མདུན་བསྐྱོད་ཆེན་མོ་ཞིག་གནང་བའི་ཡིད་ཆེས་དང་རེ་བ་ཞུ་བཞིན་ཡོད་ཅེས་ཀྱང་བཀོད་འདུག། གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ལྔའི་དགོས་འདུན་དོན་ཚན་གསུམ་བཏོན་ཡོད་པ་དེའི་ནང་། ཀྲུང་གོའི་གཞུང་ནས་བོད་མི་རིགས་ཁ་བྲལ་གཏོང་འདོད་མེད་ཚེ། དབུ་མ་ལས་ལྷག་པའི་བོད་རྒྱའི་དཀའ་རྙོག་སེལ་བའི་ལམ་མེད་པས། སྔོན་འགྲོའི་ཆ་རྐྱེན་མེད་པར་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་དུ་དོན་སྙིང་ལྡན་པའི་གྲོས་མོལ་གནང་དགོས་པ་དང་། སྐད་ཡིག་དང་། རིག་གཞུང་། ཆོས་ལུགས། ངོ་བོ་བཅས་ནི་མི་རིགས་གང་ཞིག་གསོ་གནས་ཀྱི་སྲོག་རྩ་ཡིན་སྟབས། རྒྱ་ནག་གཞུག་གི་ངོས་ནས་བོད་མི་དང་གྲངས་ཉུང་མི་རིགས་གཞན་གྱི་ཐུན་མོང་མ་ཡིན་པའི་ངོ་བོ་ཉམས་དམས་སུ་གཏོང་བའི་སྲིད་བྱུས་སྤྱི་དང་། ཉེ་ཆར་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཁྲིམས་ཡིག་ཐོག་བསྐྱར་བཅོས་དགོས་པ། དེ་བཞིན་གྲངས་ཉུང་མི་རིགས་ཚང་མར་རང་ཉིད་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པའི་རང་དབང་སྤྲོད་དགོས་པ་བཅས་ཀྱི་དགོས་འདུན་ཁག་གསུམ་བཏོན་ཡོད་པ་རེད།...














