西藏之声 - Tibet Tribune

西藏之声

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ཞི་བའི་གོམ་བགྲོད་ལས་འགུལ་གནས་སྐབས་མཚམས་བཞག་དགོས་བྱུང་བ།

ཟླ་བ་སྔོན་མའི་ཕྱི་ཚེས་ ༡༥ ཉིན་སྐལ་བཟང་མཐར་ཕྱིན་ལགས་ཀྱིས་ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་གཅིག་ཅེས་པའི་འབོད་སྒྲའི་ཐོག་བཞུགས་སྒར་རྡ་རམ་ས་ལ་ནས་ལ་དྭགས་ཀྱི་འཕགས་བོད་ས་མཚམས་བར་གོམ་བགྲོད་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་ཀྱང་། ཁ་སང་ཁོང་དང་ཁོང་གི་ཕྱག་རོགས་གཉིས་ལ་དྭགས་བྱང་ལ་ནས་ཀི་ལོ་མི་ཊར་ ༢༠ སར་ཡོད་པའི་ས་གནས་ཤིག་ལ་འབྱོར་སྐབས་ཉེན་རྟོག་པས་བཀག་འགོག་རྐྱེན་པས་ལས་འགུལ་འདི་གནས་སྐབས་མཚམས་བཞག་དགོས་བྱུང་འདུག དེ་ཡང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འབྲས་སྤུངས་སྒོ་མང་དུ་གནས་བཞུགས་བོད་མི་སྐལ་བཟང་མཐར་ཕྱིན་ལགས་ཀྱིས་མ་སྐུལ་དྭང་བླངས་ཐོག་དཔའ་བོ་བློ་དགའ་རང་བཙན་དམ་པར་རྗེས་དྲན་དང་འབྲེལ། གཙོ་བོ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོབ་སླད་ཞི་བའི་གོམ་བགྲོད་གནང་བ་དེ་ནི་ཟླ་བ་ ༧ ཚེས་ ༡༥ ཉིན་བཞུགས་སྒར་ཐེག་ཆེན་གླིང་གཙུག་ལག་ཁང་ནས་འགོ་འཛུགས་ཀྱིས། ད་བར་ཟླ་བ་གཅིག་ལྷག་འགྲོ་བཞིན་ཡོད་པ་དང་། དུས་ཡུན་དེའི་ཁྲོད་ཁོང་གིས་རྡ་རམ་ས་ལ་ནས་ཀུ་ལུ་མ་ན་ལི་ཁུལ་དང་། ཀི་ལོང་ནས་ Jispa ། ཟངས་དཀར་དཔལ་ལྡུམ་ནས་ཟངས་ལ། དེ་ནས་ Nyerak ནས་ Nyemo བརྒྱུད་ལ་དྭགས་གླེ་བཅས་སུ་ཁྱོན་སྤྱི་ལེ་ ༨༠༠ ཡས་མས་ཙམ་གོམ་བགྲོད་གནང་རྗེས། ཁ་སང་ཕྱི་དྲོ་ཕྱག་ཚོད་ ༤ ཡོལ་ཙམ་ལ་ལ་དྭགས་བྱང་ལ་བརྒལ་ནས་ཀི་ལོ་མི་ཊར་ ༢༠ སར་འབྱོར་སྐབས་ས་གནས་ཉེན་རྟོག་པས་རྒྱ་གར་གཞུང་གི་ཕྱི་འབྲེལ་སྲིད་བྱུས་དབང་གིས་བཀག་འགོག་གནང་སྟེ་ཕྱིར་སློག་གནང་འདུག གསར་འགོད་པས་དེ་རིང་སྔ་དྲོ་སྐལ་བཟང་མཐར་ཕྱིན་ལགས་སུ་ལས་འགུལ་འདི་འཆར་གཞི་ལྟར་ལམ་ལྷོང་མ་བྱུང་བའི་སྐོར་དང་འབྲེལ་ནས་བཀའ་འདྲི་ཞུས་ཡོད། དེ་བཞིན་སྐལ་བཟང་ལགས་ཀྱིས་ལས་འགུལ་སྤྱི་ཡོངས་དང་འབྲེལ་ནས་ཐོག་མའི་དམིགས་ཡུལ་གཞིར་བཟུང་བཞུགས་སྒར་རྡ་རམ་ས་ལ་ནས་ལ་དྭགས་འཕགས་བོད་ས་མཚམས་བར་གོམ་བགྲོད་གནང་མ་ཐུབ་ཀྱང་། དུས་ཡུན་དེའི་ཁྲོད་བོད་རིགས་གཙོས་ཧི་མཱ་ལ་ཡའི་མི་རིགས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་གལ་གནད་སྐོར་གོ་རྟོགས་དང་མི་མང་ལ་སེམས་སྐུལ་གང་ཙམ་ཐེབས་ཡོད་པར་ངོས་འཛིན་ཞུས་པ་དང་ཆབས་ཅིག དེའི་ནང་ནས་གལ་ཆེ་ཤོས་ནི་ཆོས་ཕྱོགས་ཀྱི་ཐོག་ནས་ཞུས་ན་རང་གི་ཉམས་ལེན་གནང་ཐུབ་ན་ཕན་རླབས་ཆེན་པོ་ཡོད་པར་ཡིད་ཆེས་གནང་ཐོག་ཐེངས་འདིའི་གོམ་བགྲོད་དེ་བཞིན་འདོད་བློ་ཁེངས་པ་ཞིག་བྱུང་སོང་ཞེས་གསུང་གི་འདུག ཁོང་གིས་གཞི་རྩའི་ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་ལས་འགུལ་སྤེལ་གོ་དོན་ནི། བོད་ཀྱི་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས། སྐད་ཡིག རིག་གཞུང་གི་ཆེད་དུ་རང་སྲོག་བློས་བཏང་གནང་ཡོད་སྟབས། སོ་སོའི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་འདི་ལྟ་བུའི་ལས་འགུལ་ཞིག་མ་སྤེལ་ཐབས་མེད་ལྟ་བུའི་ཚོར་སྣང་ཞིག་བྱུང་ཡོད་པ་དང་།...

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཞག་ཞེ་དགུ་དང་བསྟུན་དམ་པ་ཁོང་གི་བློས་བཏང་ལ་རྗེས་དྲན།

འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༡ ཉིན་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཞེས་བཙན་དབང་གི་མི་རིགས་མཉམ་བསྲེས་དང་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་ཁྲིམས་གསར་ལག་བསྟར་བྱས་འགོ་བཙུགས་པ་དང་འབྲེལ། དེའི་ཕྱི་ཉིན་སྟེ་ཕྱི་ཟླ་ ༧ པའི་ཚེས་ ༢ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་དུ་བཅའ་བཞུགས་བོད་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱི་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་དང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་མཆོད་ཕུལ་ནས་སྐུ་གྲོངས་པའི་གནད་དོན་བྱུང་བ་ལྟར། དེ་རིང་དམ་པ་དེ་ཉིད་ཀྱི་བདུན་ཚིགས་བདུན་པ་སྟེ་ཞག་ཞེ་དགུའི་དུས་ཚིགས་འཁེལ་ཡོད་པ་རེད། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་དོན་དུ་སྐུ་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བའི་གནད་དེན་དེ་བྱུང་བའི་རྗེས་སུ་བོད་དོན་འཐབ་རྩོད་ཀྱི་མེ་ལྕེ་གསར་པ་ཞིག་འབར་ཏེ། ནིའུ་ཡོག་གཙོས་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་བོད་མི་གནས་སྡོད་ས་གནས་གང་སར་ངོ་རྒོལ་སྐད་འབོད་དང་ཟས་བཅད་ལས་འགུལ། ཞི་བའི་གོམ་བགྲོད། སྦག་སྦག་དང་རྐང་འཁོར་སྐོར་སྐྱོད། སྐྲ་བཞར་ལས་འགུལ་སོགས་རྣམ་པ་འདྲ་མིན་བརྒྱུད་བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་ཀྱི་བློས་བཏང་ལ་རྗེས་དྲན་དང་མྱ་ངན་གུས་འདུད་ཙམ་མ་ཟད། རྒྱ་ནག་གཞུང་གི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་དང་དྲག་རྩུབ་ལ་ངོ་རྒོལ་གནང་དང་གནང་མུས་ཡིན་པ་རེད། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་མ་བཏང་བའི་སྐར་མ་ཁ་ཤས་སྔོན་དུ་དམ་པ་ཁོང་གིས་ཞལ་ཆེམས་ཀྱི་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་དུ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་དང་།  བཙན་བྱོལ་བོད་མི་ཚོར་ཆོལ་གསུམ་རྡོག་རྩ་ཆིག་སྒྲིལ་དགོས་པ།  དེ་བཞིན་བོད་རང་བཙན་འཐབ་རྩོད་སླད་མཉམ་ལས་དགོས་པའི་སྐུལ་འདེད་གནང་ཡོད་པ་རེད། དེ་རིང་དམ་པ་དེ་ཉིད་ཀྱི་བདུན་ཚིགས་བདུན་པ་ཞག་ཞེ་དགུ་དང་བསྟུན།  རྒྱལ་སྤྱི་ཁྱོན་ཡོངས་ཀྱི་བོད་མི་གནས་སྡོད་ས་གནས་གང་སར་ལས་འགུལ་རྣམ་པ་འདྲ་མིན་སྒོ་ནས་རྒྱལ་གཅེས་པ་ཁོང་ལ་རྗེས་དྲན་དང་རྒྱ་ནག་ལ་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་བསྟན་པའི་ཁྲོད། བཞུགས་སྒར་རྡ་རམ་ས་ལར་མཚོན་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཐུན་མོང་གི་གོ་སྒྲིག་འོག ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མི་མང་སྟོང་ཚོ་བརྒལ་བ་འདུ་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་འཚོགས་པ་མ་ཟད། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་སྣེ་ཁྲིད་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་རྡ་ཤོད་ཀྱི་ཉེན་རྟོག་ལས་ཁུངས་མདུན་ཐང་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་གནང་སོང་། སྐབས་དེར་ཉེན་རྟོག་ཐང་ཆེན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་དམ་པ་དེ་ཉིད་ལ་རྗེས་དྲན་ཐོག རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ལ་ངོ་རྒོལ་དུས་དང་རྣམ་པ་ཀུན་ཏུ་གཞིས་བྱེས་བོད་མི་ཐུན་མོང་ནས་གདུང་ཤུགས་ཆིག་སྒྲིལ་དང་གྲུང་པོ། རྣམ་དཔྱོད་ལྡན་པའི་ཐོག་ནས་གདོང་ལེན་མཐར་སྐྱེལ་བྱེད་དགོས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེའི་ངན་བྱུས་ནི། བོད་ཀྱི་སྐད་ཡིག་བེད་སྤྱོད་མེད་པ་བཟོ་རྒྱུ་དང་། བོད་ཀྱི་ལོ་རྒྱུས་དང་མི་རིགས་ཀྱི་ངོ་རྟགས་རྫུན་བཟོ་བྱེད་རྒྱུ། སྤྱི་ཚོགས་གཞི་རིམ་བར་དུ་རིག་གཞུང་བཙན་བསྒྱུར་བྱ་རྒྱུ། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུ། མི་རིགས་མཉམ་བསྲེས། འཕྲུལ་རིག་གི་ལྟ་སྲུང་། ཆབ་སྲིད་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་གནོན་ཤུགས། བོད་རིགས་ལས་བྱེད་པར་ཆབ་སྲིད་ཞིབ་བཤེར།...

བཞུགས་སྒར་རྡ་ས་ནས་རྒྱལ་ས་ལྡི་ལི་བར་རང་བཙན་གོམ་བགྲོད་ཅེས་པའི་ལས་འགུལ་དབུ་འཛུགས།

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་ནས་དེ་རིང་ཞག་ཞེ་དགུ་དང་བསྟུན།  བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་གྱི་ཆེད་དུ་རྡ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་ཚེ་རིང་མཐར་ཕྱིན་ལགས་ཀྱིས་བཞུགས་སྒར་ཉེན་རྟོག་ལས་ཁུངས་ཀྱི་ཐང་ཆེན་ནས་རྒྱལ་ས་ལྡི་ལི་བར་རང་བཙན་གོམ་བགྲོད་ཅེས་པའི་ལས་འགུལ་ཞིག་དབུ་འཛུགས་གནང་སོང་། དེ་ཡང་དེ་རིང་ཕྱི་ཟླ་ ༨ ཚེས་ ༢༠ ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཐུན་མོང་གི་ཐོག་ནས་གོ་སྒྲིག་ཞུས་པའི་གཞི་རྒྱ་ཆེ་བའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་མཇུག་སྒྲིལ་མཚམས་སུ།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚེ་རིང་མཐར་ཕྱིན་ལགས་ཀྱི་གོམ་བགྲོད་ཀྱི་ལས་འགུལ་དེ་ཉིད་དབུ་འབྱེད་གནང་སོང་བ་མ་ཟད།  ཁོང་གི་གོམ་བགྲོད་དེ་བཞིན་བར་ཆད་མེད་པར་ལམ་ལྷོང་ཡོང་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་ནས་ཁོང་ལ་མཇལ་དར་བསྒྲོན་འབུལ་གྱིས་ལས་འགུལ་དེར་རྒྱབ་སྐྱོར་གྱི་རྣམ་པ་གསལ་སྟོན་གནང་སོང་།  རྩ་བའི་ཚེ་རིང་མཐར་ཕྱིན་ལགས་ནི་བོད་དུ་སྐྱེས་ཞིང་ལོ་ངོ་བཅུ་བཞི་བར་རྒྱ་ནག་གི་བཙན་འོག་ཏུ་འཚར་ལོང་བྱུང་བ་ཞིག་རེད་འདུག་ལ།  བཙན་བྱོལ་དུ་འབྱོར་ནས་ཁོང་གིས་ཤེས་ཡོན་གོ་སྐབས་དམ་འཛིན་གྱིས་རྒྱ་ནག་གི་ཐོག་ཆེད་ལས་སློབ་སྦྱོང་གནང་འདུག  ད་རེས་ཁོང་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱལ་ས་ལྡི་ལི་བར་ཁྱོན་བསྡོམས་སྤྱི་ལེ་ ༥༠༠ ལྷག་བོད་དོན་ཞུ་གཏུག་དང་གསལ་བཤད་བརྒྱུད་དེ་ཞི་བའི་གོམ་བགྲོད་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི།  རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་གཙོས་པའི་ད་བར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་བློང་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་རྗེས་དྲན་དང་།  ཁོང་གི་ཕ་མ་སྤུན་མཆེད་གཙོས་པའི་རྒྱ་ནག་གི་བཙན་དབང་མྱངས་དང་མྱོང་བཞིན་པའི་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་དཀའ་སྡུག་དང་།  བོད་ནང་གི་ཛ་དྲག་གནས་སྟངས་ཁག་གནས་ཡུལ་རྒྱ་གར་གཞུང་དམངས་དབུས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཞུ་འབོད་དང་གསལ་བཤད་གནང་ཆེད་དུ་ཡིན་པ་རེད་འདུག The post བཞུགས་སྒར་རྡ་ས་ནས་རྒྱལ་ས་ལྡི་ལི་བར་རང་བཙན་གོམ་བགྲོད་ཅེས་པའི་ལས་འགུལ་དབུ་འཛུགས། appeared first on vot.

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ནང་མིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཐུག་འཕྲད།

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་རང་ལུས་མེར་བསྲེགས་བཏང་ནས་དེ་རིང་ཞག་ཞེ་དགུ་དང་བསྟུན། ཁ་སང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྤྱི་ཟུར་བསྟན་འཛིན་འཇིགས་མེད་ལགས་ཀྱི་སྣེ་ཁྲིད་འོག རྒྱལ་གཅེས་པ་དམ་པ་ཁོང་གི་ཚ་བོ་ཚ་མོ་རྣམ་པས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ Riley Barnes མཆོག་དང་ཐུག་འཕྲད་ཀྱིས། དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་གནད་དོན་དང་ལྷག་པར་དུ་རིང་མིན་ཞི་ཅིན་ཕིང་ཨ་རིར་ཡོང་འཆར་ཡོད་པའི་གནད་དོན་དང་འབྲེལ། སྐབས་དེར་ཨ་རི་གཞུང་གིས་རྒྱ་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་དེ་ཉིད་ཕྱིར་འཐེན་གཙོས་བོད་ཀྱི་གནད་དོན་གླེང་སློང་གནང་དགོས་པ་སོགས་འཁོད་པའི་དོན་ཚན་བཞི་ཅན་གྱི་ཞུ་སྙན་ཞིག་ཕུལ་འདུག དེ་ཡང་ཁ་སང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྤྱི་ཟུར་བསྟན་འཛིན་འཇིགས་མེད་ལགས་ཀྱི་སྣེ་ཁྲིད་འོག དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་དང་། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་སྐུ་མཆེད་གཉིས། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་ཚོགས་གཙོ་འཇམ་དཔལ་ཆོས་བཟང་ལགས། རྒྱལ་སའི་ཁུལ་གྱི་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་གཡུ་སྒྲོན་ལགས། དབུས་རྒྱུན་ཟུར་པ་གཅིག་བཅས་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ Riley Barnes དང་ཐུག་འཕྲད་གནང་ནས་ཨ་རིའི་གཞུང་ལ་ཁོང་གི་རང་ལུས་མེར་བསྲེགས་གནང་བའི་གནང་དོན་དང་ཞལ་ཆེམས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཅས་གླེང་སློང་གིས་ཨ་རིས་མུ་མཐུད་ནས་བོད་དོན་ལ་རྒྱབ་སྐྱོར་དང་དོ་སྣང་བྱེད་དགོས་པའི་འབོད་སྐུལ་གནང་འདུག འདི་ག་གསར་ཁང་ངོས་ནས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་སུ་ཕྱོགས་གཉིས་ཀྱི་ཐུག་འཕྲད་དང་འབྲེལ་བཀའ་འདྲི་ཞུ་སྐབས་ཁོང་གིས། གཙོ་བོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྤྱི་ཟུར་བསྟན་འཛིན་འཇིགས་མེད་ལགས་ཀྱིས་བདུན་ཕྲག་ཁ་ཤས་རིང་ཨ་རིའི་ཕྱི་སྲིད་ལས་ཁུངས་གཙོས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་ Riley Barnes མཆོག་དང་འབྲེལ་བ་གནང་འབྲས་སུ་དམ་པ་ཁོང་གི་ཞག་ཞེ་དགུ་དང་བསྟུན་ནས་ད་ཐེངས་ཀྱི་ཐུག་འཕྲད་དེ་བྱུང་ཡིན་སྐོར་དང་། སྐབས་དེར་གཙོ་བོ་སྐུ་ཞབས་ Riley Barnes མཆོག་ལ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་དམ་པ་དེ་ཉིད་ཀྱི་ནང་མིས་དཔའ་བོ་ཁོང་གི་བློས་བཏང་དང་། ཞལ་ཆེམས། རང་ལུས་མེར་བསྲེགས་བཏང་བའི་རྒྱུ་མཚན་སོགས་ཀྱི་ཐོག་སྙན་སེང་དང་མཉམ།  བོད་ཀྱི་རྩ་དོན་ཐོག་ཨ་རིས་མུ་མཐུད་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ལ་དོ་སྣང་ཆེན་པོ་ཡོང་རྒྱུར་རྒྱབ་སྐྱོར་ཡོང་བའི་ཞུ་སྐུལ་གནང་འདུག་པ་མ་ཟད། རིང་མིན་ཞི་ཅིན་ཕིང་ཨ་རིར་ཡོང་འཆར་ཡོད་པའི་གནད་དོན་དང་འབྲེལ། སྐབས་དེར་ཨ་རི་གཞུང་གིས་བོད་ཀྱི་གནད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་གསུངས་སོང་། མ་ཟད། འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༡ ནས་ལག་བསྟར་བྱས་འགོ་བཙུགས་པའི་རྒྱ་ནག་གི་མི་རིགས་མཉམ་བསྲེས་ཁྲིམས་མཐུན་བཟོས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་གསར་པ་དེར་སྐྱོན་བརྗོད་གནང་དགོས་གལ་ཐོག...

པོན་ཊ་ནས་རྡ་ས་བར་གྱི་རྒྱལ་གཅེས་དཔའ་བོའི་མངོན་འདོད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་འཇུག་སྒྲིལ།

འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༢ ཉིན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་སྲེགས་བཏང་སྟེ་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དང་འབྲེལ། འཛམ་གླིང་ཁྱོན་ཡོངས་སུ་བོད་མི་གནས་སྡོད་གང་སར་ངོ་རྒོལ་སྐད་འབོད་དང་ཟས་བཅད་ངོ་རྒོལ། བོད་དོན་གོམ་གྲོད་དང་། རྐང་འཁོར་དང་སྦག་སྦག་སྐོར་སྐྱོད་སོགས་ཀྱི་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་ཁྲོད། སང་ཉིན་རྒྱལ་གཅེས་དཔའ་བོ་བླ་དགའ་རང་བཙན་ལགས་སྐུ་གྲོངས་པའི་ཞག་ ༤༩ པའི་དུས་ཚིགས་དང་བསྟུན། དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བདུན་དུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་མཐུད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་སའི་འདུན་དུ། པོན་ཊ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཟླ་བ་འདིའི་ཚེས་ ༡༣ ཉིན་པོན་ཊ་གྲོང་ཁྱེར་ནས་དབུ་འཛུགས་གནང་བའི་སྤྱི་ལེ་ ༤༠༠ མིན་ཙམ་གྱི་རྒྱལ་གཅེས་དཔའ་བོའི་མངོན་འདོད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་འདི་མཇུག་སྒྲིལ་གནང་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༩ པའི་ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་པའི་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་རྣམས་ནས་ཕེབས་བསུ་གཟབ་རྒྱས་ཞུས་པའི་ཐོག པོན་ཊ་ནས་རྡ་ས་བར་གྱི་རྐང་འཁོར་སྐོར་སྐྱོད་པ་རྣམས་བཞུགས་སྒར་དུ་ཕེབས་འབྱོར་བྱུང་སོང་བ་དང་། ཐེངས་འདིའི་ལས་འགུལ་ནང་དུ་པོན་ཊ་ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་དཔལ་འབྱོར་གཙོས་པའི་ལས་འགུལ་བ་བཅུ་དང་ཕྱག་རོགས་གནང་མཁན་བཅས་མི་གྲངས་ ༡༨ ཡོད་པ་རྣམས་དེ་རིང་བཞུགས་སྒར་དུ་ཕེབས་འབྱོར་བྱུང་རྗེས། སང་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་གནང་བའི་མཆོད་འབུལ་སྨོན་ལམ་དང་གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུ་རེད་འདུག  དེའི་སྐོར་པོན་ཊ་ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་དཔལ་འབྱོར་ལགས་སུ་བཀའ་འདྲི་ཞུས་ཡོད།  རྩ་བའི་སང་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བོད་དོན་ཆེད་དུ་སྐུ་ལུས་མེར་མཆོད་ཕུལ་བ་ནས་བཟུང་སྟེ་བཞུགས་སྒར་རྡ་རམ་ས་ལ་གཙོས་པའི་འཛམ་གླིང་ཁྱོན་ཡོངས་སུ་བོད་མི་གནས་སྡོད་གང་སར་ངོ་རྒོལ་སྐད་འབོད་དང་ཟས་བཅད་ངོ་རྒོལ། ཞི་བའི་གོམ་བགྲོད་དང་སྦག་སྦག་དང་རྐང་འཁོར་སྐྱོད། དེ་བཞིན་སྐྲ་བཞར་བཅས་མ་གྲོས་བསམ་པ་གཅིག་མཐུན་གྱི་ལས་འགུལ་འདྲ་མིན་སྤེལ་ཡོད་པ་དང་། སང་ཕྱི་ཟླ་ ༨ པའི་ཚེས་ ༢༠ དེ་བཞིན་བློ་དགའ་རང་བཙན་ལགས་སྐུ་གྲོངས་ནས་ཞག་ ༤༩ པའི་དུས་ཚིགས་དང་བསྟུན། བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་མཉམ་རུབ་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་དང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ས་གནས་ཁག་གི་འགོ་འཛིན་རྣམས་ལ་ཡང་བོད་མི་བློས་གཏོང་བ་རྗེས་དྲན་དང་འབྲེལ་བའི་མཆོད་འབུལ་སྨོན་ལམ་གྱི་ལས་འགུལ་གོ་སྒྲིག་གནང་ཡོད་པའི་བཀོད་ཁྱབ་བཏང་ཡོད་པ་རེད་འདུག...

རྒྱ་གར་ལྷོ་ཕྱོགས་སུ་བློ་དགའ་རང་བཙན་ལགས་རྗེས་དྲན་ཆེད་དུ་ཞི་བའི་རྒྱང་རྒྱུག་དང་བོད་དོན་གོམ་བགྲོད་སོགས་ཀྱི་ལས་འགུལ་སྤེལ་འདུག 

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བློས་བཏང་ལ་རྗེས་དྲན་དང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཞེས་པའི་ཁྲིམས་གསར་ལ་ངོ་རྒོལ་ཆེད་དུ་རྒྱ་གར་ལྷོ་ཕྱོགས་ Ooty སྐྱིད་ཚལ་གླིང་བོད་རིགས་ཚོང་པ་ཚོགས་པའི་མི་སྣ་ ༥ ནས་དྭང་བླངས་ཐོག་ཀར་ན་ཊ་ཀ་མངའ་སྡེའི་ Chamarajanagar རྫོང་གི་བྷན་དི་པུར་ས་གནས་ནས་བྷེང་ལོར་གྲོང་ཁྱེར་བར་སྤྱི་ལེ་ ༢༡༧ ཙམ་གྱི་བོད་དོན་གོམ་བགྲོད་གནང་བཞིན་པ་དང་།  དེ་མཚུངས་སུ་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་དང་ཁུལ་དེའི་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་བཅས་ཀྱི་མཉམ་འབྲེལ་གོ་སྒྲིག་འོག་བོད་མི་ ༣ གྱིས་བྷེང་ལོར་གྲོང་ཁྱེར་ནས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་བར་སྤྱི་ལེ་ ༡༨༠ ཙམ་གྱི་ཞི་བའི་རྒྱུང་རྒྱུག་ཅིག་གནང་འདུག དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༥ སྟེ་རྒྱ་གར་རང་བཙན་ཉིན་མོ་དང་བསྟུན་འགོ་འཛུགས་གནང་བའི་དྭང་བླངས་བོད་དོན་གོམ་བགྲོད་གནང་མཁན་ Ooty སྐྱིད་ཚལ་གླིང་བོད་རིགས་ཚོང་པ་ཚོགས་པའི་མི་སྣ་ ༥ རྣམས་ད་ལྟའི་ཆར་བྷེང་ལོར་ཁུལ་དུ་འབྱོར་འདུག་པ་དང་།  ཁོང་རྣམ་པའི་གོམ་བགྲོད་ཀྱི་དགོས་འདུན་གཙོ་བོ་ནི་ཉེ་ལམ་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་གསར་ལག་བསྟར་བྱས་པ་དེར་མཐའ་གཅིག་ཏུ་ངོས་ལེན་མེད་པའི་ངོ་རྒོལ་དང་།  རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་གཙོས་པའི་ད་བར་བོད་ཕྱི་ནང་གཉིས་སུ་བོད་མི་ ༡༧༠ ལྷག་གིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་བསྲེགས་གནང་བའི་བློས་བཏང་ལ་རྗེས་དྲན་གྱིས་བོད་མིའི་ཛ་དྲག་གི་གནང་སྟངས་དང་མངོན་འདོད་གང་ཡིན་པ་སོགས་ཡིག་ཆ་འགྲེམས་སྤེལ་བརྒྱུད་རྒྱ་གར་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་ཆེད་དུ་ཡིན་པ་མ་ཟད།    དེ་རིང་ཕྱི་ཚེས་ ༡༩ ཉིན་མོ་དེ་བཞིན་ཁོང་རྣམས་ནས་གོམ་བགྲོད་གནང་སྒོ་བཙུགས་བྱས་ཉིན་གྲངས་ ༥ པ་དེ་ཆགས་ཀྱི་འདུག  གོམ་བགྲོད་པ་ཕུར་བུ་དགྲ་འདུལ་ལགས་ཀྱིས་འདི་གའི་གསར་འགོད་པར་གསུང་དོན་བྱས་ན།   ཐེངས་འདིའི་ལས་འགུལ་བརྒྱུད་དེ་ཁོང་རྣམས་ནས་དགེ་སྦྱོར་གང་བསགས་པ་དེས་བོད་ལ་སྐྱིད་པའི་ཉི་མ་མྱུར་དུ་ཤར་བའི་སྨོན་འདུན་ཞུ་རྒྱུ་ཡིན་པ་སོགས་གསུངས་སོང་།  ཕྱོགས་མཚུངས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་གཙོས་པའི་ཁུལ་དེའི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་དང་ས་གནས་རང་བཙན་དང་དབུ་མའི་གཞོན་ནུ་ལྷན་ཚོགས་བཅས་ཀྱི་མཉམ་འབྲེལ་གོ་སྒྲིག་འོག་བོད་མི་ ༣ གྱིས་ཟླ་འདིིའི་ཕྱི་ཚེས་ ༡༥ རྒྱ་གར་རང་བཙན་ཉིན་མོ་དང་བསྟུན་བྷེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་བར་སྤྱི་ལེ་ ༡༨༠ ཙམ་གྱི་ཞི་བའི་རྒྱུང་རྒྱུག་གི་ལས་འགུལ་ཞིག་སྤེལ་འདུག་པ་དང་། ...

ཨ་རིའི་མི་ནེ་སོ་ཊ་ནས་ཤི་ཀ་གོ་བར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་མཁན་རྣམས་ཤི་ཀ་གོ་གྲོང་ཁྱེར་གྱི་ས་མཚམས་ཁུལ་དུ་འབྱོར་འདུག

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བློས་བཏང་ལ་ཆེ་བསྟོད་དང་གདུང་སེམས་མཉམ་བསྐྱེད་ཆེད། ཨ་རིའི་མི་ནི་སོ་ཊའི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ལྷ་ཐོག་རྨ་གཡང་ཉི་མ་ལགས་ཀྱིས་སྣེ་འཁྲིད་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་རྒྱབ་སྐྱོར་འོག བོད་མི་ལྔས་ཕྱི་ཟླ་ ༨ ཚེས་ ༥ ཉིན་མི་ནི་སོ་ཊ་མངའ་སྡེའི་རྒྱལ་ས་ Saint Paul སེནྚ་པོལ་ནས་ Chicago ཤི་ཀ་གོ་གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་ལས་ཁུངས་བར་མི་ལེ་ ༤༠༠ ལྷག་གི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་པ་དང་བསྟུན། དེ་རིང་ལས་འགུལ་བ་རྣམས་ Chicago ཤི་ཀ་གོ་གྲོང་ཁྱེར་གྱི་ས་མཚམས་ས་ཁུལ་དུ་བདེ་འབྱོར་བྱུང་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༥ ཉིན་མི་ནི་སོ་ཊའི་རྒྱལ་ས་ནས་འགོ་བཙུགས་ཏེ། གནངས་ཕྱི་ཚེས་ ༡༩ སྟེ་དཔའ་བོ་བློ་དགའ་རང་བཙན་ལགས་དམ་པ་ཁོང་སྐུ་གྲོངས་ནས་ཞག་ཞེ་དགུ་དུས་ཚིགས་དང་བསྟུན་ Chicago ཤི་ཀ་གོ་གྲོང་ཁྱེར་ནང་རྟེན་གཞིས་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ་མཇུག་སྒྲིལ་གནང་གཏན་ཁེལ་བའི་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་འདིའི་ནང་། རྨ་གཡང་ཉི་མ་ལགས་དང་རབ་དགའ་ལགས། རང་ལོ་ ༨༢ སོན་པའི་བགྲེས་སོང་རྡོ་རྗེ་རྒྱལ་པོ་ལགས། གཞོན་སྐྱེས་བསྟན་འཛིན་ནོར་བུ་ལགས་བཅས་གཙོ་བོ་བོད་མི་ལྔ་ནས་མཉམ་ཞུགས་གནང་ཡོད་པ་རེད། དེ་བཞིན་བོད་མིར་རྒྱབ་སྐྱོར་བ་དང་སྨན་ཞབས་པ་བཅས་ Minnesota མི་ནི་སོ་ཊ་དང་ Wisconsin ཝིས་ཀོན་སིན། དེ་བཞིན་ Illinois ཨི་ལི་ནོ་ཝཡིས་མངའ་སྡེ་གསུམ་ནང་གི་ས་ཁུལ་སོ་སོའི་བོད་མི་མང་ཚོགས་ཁག་གཅིག་ནས་ཀྱང་སྨན་བཅོས་ཀྱི་རོགས་རམ་དང་རྒྱབ་སྐྱོར།...

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སླད་གོམ་བགྲོད་ལས་འགུལ་བ་ལ་དྭགས་ཀྱི་རྒྱལ་ས་གླེར་བདེ་འབྱོར་བྱུང་འདུག

ཀ་ཁ་ག་ང་རྣམ་པར་རྒྱལ་འགྱུར་གཅིག་ཅེས་པའི་འབོད་སྒྲའི་ཐོག་བཞུགས་སྒར་རྡ་རམ་ས་ལ་ནས་ལ་དྭགས་བར་གོམ་བགྲོད་ལས་འགུལ་སྤེལ་མཁན་སྐལ་བཟང་མཐར་ཕྱིན་ལགས་དང་། ཟངས་དཀར་སྟོང་སྡེ་ནས་ཡིན་པའི་ལ་དྭགས་པའི་གཞོན་སྐྱེས་བསྟན་འཛིན་ཆོས་གྲགས་ལགས་རྣམ་གཉིས་ཁ་སང་ཕྱི་ཟླ་ ༨ པའི་ཚེས་ ༡༦ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨།༣༠ ཐོག་ལ་དྭགས་བསོད་ནམས་གླིང་ལ་སྤྱི་ལས་ཁུངས་ཀྱི་མདུན་ཐང་དུ་བདེ་འབྱོར་བྱུང་ཞིང་། ལ་དྭགས་བོད་ཁྱིམ་སློབ་ཟུར་ཚོགས་པའི་སྣེ་ཁྲིད་འོག་བོད་མི་རྣམས་ནས་ཁོང་གཉིས་ལ་སྣེ་ལེན་གཟབ་རྒྱས་ཞུས་ཏེ་མཛད་རིམ་སྟབས་བདེ་ཞིག་གོ་སྒྲིག་ཞུས་འདུག དེ་ཡང་མཛད་སྒོའི་ཐོག་ལ་སྤྱི་ལས་ཁུངས་ཀྱི་ལས་དྲུང་བསྟན་འཛིན་ཀུན་བཟང་ལགས་དང་། ས་གནས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམས་པ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྐུ་ཚབ་ཁག གཞན་ཡང་མང་ཚོགས་ཁག་ཅིག་ནས་ཁོང་རྣམས་གཉིས་ལ་མཇལ་དར་སྒྲོན་འབུལ་གནང་སོང་། སྐབས་དེར་ས་གནས་འཐུས་མིའི་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས་ནས་གསུང་བཤད་གནང་བའི་ཁྲོད། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དེ་ལག་བསྟར་བྱེད་འགོ་བཙུགས་པའི་ཉིན་རྗེས་མ་ཕྱི་ཟླ་ ༧ ཚེས་ ༢ ཉིན་བོད་ཀྱི་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས། ཨ་རི་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་མདུན་དུ་བོད་དོན་ཆེད་སྐུ་ལུས་མེར་མཆོད་ཕུལ་རྗེས། སྐལ་བཟང་མཐར་ཕྱིན་ལགས་ཀྱིས་མ་སྐུལ་དྭངས་བླངས་ཐོག་དམ་པ་དེ་ཉིད་ལ་རྗེས་དྲན་དང་འབྲེལ། གཙོ་བོ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོབ་སླད་ཞི་བའི་གོམ་བགྲོད་གནང་བར་ཡི་རང་བསྔགས་བརྗོད་ཡོད་བཅས་གསུངས་སོང་། གཞན་ཡང་མང་ཚོགས་ཁག་ཅིག་ལ་སྐལ་བཟང་མཐར་ཕྱིན་ལགས་སུ་ལས་འགུལ་དེ་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས། ཁོང་གིས་གཞི་རྩའི་ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་གཅིག་ཅེས་པའི་ལས་འགུལ་སྤེལ་གོ་དོན་ནི། བོད་ཀྱི་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས། སྐད་ཡིག རིགས་གཞུང་གི་ཆེད་དུ་རང་སྲོག་བློས་བཏང་གནང་ཡོད་སྟབས། སོ་སོའི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་འདི་ལྟ་བུའི་ལས་འགུལ་ཞིག་མ་སྤེལ་ཐབས་མེད་ལྟ་བུའི་ཚོར་སྣང་ཞིག་བྱུང་ཡོད་པ་དང་། ལས་འགུལ་འདི་ནི་གཙོ་བ་དཔའ་བོ་བློ་དགའ་ལགས་ཀྱི་བློ་གཏོང་ལ་ཆེད་མཐོང་འབུལ་རྒྱུ་དང་། རྒྱ་ནག་གཞུང་གི་གདུག་རྩུབ་དང་ཁྲིམས་ཡིག་གསར་བཟོ་ལག་བསྟར་བྱེད་པ་དེར་དུས་དང་རྣམ་པ་ཀུན་དུ་ངོ་རྒོལ་མཚོན་བྱེད་ཡིན་པ་གསུངས་སོང་། དེ་བཞིན་ལས་འགུལ་འདིའི་ངོ་བོའི་ཐོག་ནས་ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་གཅིག་ཅེས་པ་ནི། བོད་མི་རིགས་ཀྱི་སྐད་ཡིག་མཚོན་གྱི་ཡོད་ཅིང་། འགའ་རེས་ནས་རང་བཙན་གྱི་འབོད་སྒྲ་མེད་པར་ཞི་བའི་འབོད་སྒྲ་འམ་སྐད་ཡིག་གི་ཐོག་ནས་ལས་འགུལ་སྤེལ་གོ་དོན་གང་ཡིན་ནམ་ཞེས་མང་ཚོགས་ནང་དགོངས་ཚུལ་ཡོང་གི་ཡོད་སྟབས། མང་གཙོའི་ལམ་ལུགས་ནང་དེ་ལྟ་བུའི་བསམ་ཚུལ་ཡོང་ཆོག་གི་ཡོད་ལ་དེ་ནི་མང་གཙོའི་ཁྱད་ཆོས་ཤིག་ཡིན་པ་དེ་ལྟར་ཡང་། ལས་འགུལ་གྱི་ངོ་བོ་གཙོ་བོ་ནི་བོད་ཀྱི་སྐད་ཡིག་ཀ་ཁ་ག་ང་རྣམ་པར་རྒྱལ་འགྱུར་གཅིག་ཅེས་པ་དེ་ཡིན་པ་འགྲེལ་བརྗོད་གནང་སོང་། The post བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སླད་གོམ་བགྲོད་ལས་འགུལ་བ་ལ་དྭགས་ཀྱི་རྒྱལ་ས་གླེར་བདེ་འབྱོར་བྱུང་འདུག appeared...

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་རིའི་འགན་འཛིན་ལྷན་ཚོགས་ཐེངས་ ༢༢ བསྐོང་ཚོགས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་རིའི་འགན་འཛིན་ལྷན་ཚོགས་ཐེངས་ ༢༢ ཐོག་དཔའ་བོ་བློ་དགའ་རང་བཙན་དམ་པ་དེ་ཉིད་ལ་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་ཀྱི་ཆེ་བསྟོད་གནང་འདུག་པ་མ་ཟད། དཔའ་བོ་ཁོང་གིས་ཕྱི་ཟླ་ ༧ ཚེས་ ༢ ཉིན་བོད་རྒྱལ་ཁབ་དང་མི་རིགས། རང་བཙན་སླར་གསོའི་ཆེད་དུ་རང་ལུས་མེར་བསྲེགས་ཀྱིས་རང་སྲོག་བློས་བཏང་གནང་བའི་རྗེས་དྲན་སླད་དུ་ཉིན་དེར་གཏན་འབེབས་ལས་འགུལ་སྤེལ་རྒྱུ་ཡིན་པའི་གྲོས་ཆོད་སོགས་གཏན་འབེབས་གནང་འདུག དེ་ཡང་སྐབས་ ༡༩ པའི་ནིའུ་ཡོག་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ཟླ་ ༨ ཚེས་ ༡༤ ནས་ ༡༦ བར་ཉིན་གྲངས་གསུམ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་རིའི་འགན་འཛིན་ལྷན་ཚོགས་ཐེངས་ ༢༢ པ་དེ་ནུའུ་ཡོག་ཆོས་ཀྱི་ཁང་པར་ཚོགས་འདུག་པ་དང་། ཚོགས་འདུའི་ཐོག་གྲོས་གཞི་ཁག་དགུ་ལ་གྲོས་ཆོད་ ༡༥ ལྷག་གཏན་འབེབས་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། རྩ་བའི་ད་རེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་རིའི་འགན་འཛིན་ལྷན་ཚོགས་དེ་ཉིད་ཐོག་མ་ཁེ་ན་ཌར་ཚོགས་གཏན་འཁེལ་ཡོད་ཀྱང་། ཉེ་བའི་ཆར་བོད་རྒྱལ་ཁབ་དང་མི་རིགས། རང་བཙན་སླར་གསོ་ཆེད་དུ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རང་སྲོག་བློས་བཏང་གནང་བའི་གནས་ཚུལ་བྱུང་རྗེས། སྐབས་དེ་དུས་ཛ་དྲག་གི་གནས་སྟངས་གཞིར་བཞག་གི་ཐོག་ནས། ནིའུ་ཡོག་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་། དབུས་དང་ས་གནས་རྒྱུན་ཟུར། ཚོགས་མི་བཅས་ཛ་དྲག་ཚོགས་འདུ་བསྐོང་ཚོགས་གནང་སྟེ། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་ད་རེས་འགན་འཛིན་ལྷན་ཚོགས་འདི་བཞིན་ངེས་པར་དུ་ནིའུ་ཡོག་ཏུ་བསྐོང་ཚོགས་གནང་དགོས་པའི་འབོད་སྐུལ་ཞུ་དོན་ལྟར། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཊོ་རོན་ཊོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་འབྲེལ་བ་གནང་རྗེས། མཐའ་མའི་ཐག་གཅོད་དེ་ནིའུ་ཡོག་ཏུ་ཚོགས་ཡོད་འགྲེལ་བརྗོད་གནང་སོང་། ད་དུང་ད་རེས་འགན་འཛིན་ལྷན་ཚོགས་དེའི་ཐོག་གྲོས་གཞི་དོན་ཚན་དགུ་ལ་གྲོས་ཆོད་ཁག་ ༡༥ ལྷག་གཏན་འབེབས་གནང་ཡོད་ཅིང་། དེའི་ནང་༸རྒྱལ་བའི་སྐུ་ཕྱྭ་དང་།...

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༨༠ འཁོར་བའི་ཉིན་མོ་སྲུང་བརྩི།

དེ་རིང་ཕྱི་ཟླ་ ༨ ཚེས་ ༡༥ སྟེ་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༨༠ འཁོར་བ་དང་བསྟུན། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་གར་གནས་ཡུལ་རྒྱལ་ཁབ་ལ་བཀའ་དྲིན་བསམ་ཤེས་དང་ཆེ་མཐོང་མཚོན་ཆེད་ཉིན་མོ་དེ་སྲུང་བརྩི་གཟབ་རྒྱས་ཞུས་སོང་བ་དང། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་གར་འདི་བཞིན་ལོ་བརྒྱ་ཕྲག་གཉིས་ཙམ་གྱི་རྗེས་སུ་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་ཡོད་པས་རྒྱ་གར་གཞུང་མང་གཉིས་ནས་རང་དབང་ཡོད་པ་དེ་དག་གང་ཐུབ་སྲུང་སྐྱོང་གནང་དགོས་པ་གསུངས་སོང་། དེ་ཡང་བཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག བཀའ་བློན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་ལས་བྱེད་བཅས་ཚང་འཛོམས་ཐོག རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་བ་དང་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་བ། དེ་བཞིན་མངར་ཟས་བགོ་འགྲེམས་གནང་སྟེ་ཉིན་མོ་འདི་ཉིད་སྲུང་བརྩི་ཞུས་སོང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་རང་བཙན་ཉིན་མོར་རྒྱ་གར་གཞུང་མང་ཡོངས་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ། རྒྱ་གར་གཞུང་མང་གཉིས་ནི་འདས་པའི་ལོ་ངོ་ ༧༠ ལྷག་གི་ནང་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཆགས་ཡོད་སྟབས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུས་པ་མ་ཟད། ལྷག་དོན་རྒྱ་གར་འདི་བཞིན་ལོ་བརྒྱ་ཕྲག་གཉིས་ཙམ་གྱི་རྗེས་སུ་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་ཡོད་སྟབས། ཉམས་མྱོང་འདིའི་འོག་ནས་བོད་མི་རྣམས་ནས་ཀྱང་འཚེ་མེད་ཞི་བའི་ཐབས་ལམ་དེ་རྒྱུན་སྲིང་གནང་ཐོག་འཐབ་རྩོད་གནང་རྒྱུ་ཡིན་པ་དང་ཆབས་ཅིག རྒྱ་གར་གཞུང་མང་གཉིས་ནས་ཀྱང་མི་རབས་མང་པོའི་བློས་བཏང་ལས་བྱུང་བའི་རང་དབང་དེ་ཉིད་གང་ཐུབ་སྲུང་སྐྱོབ་གནང་དགོས་གལ་ཡིན་པ་གསུངས་སོང་། མ་ཟད། ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༢ ཉིན་ཨ་རིར་གནས་བཞུགས་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་དང་། ལྷག་པར་ཟླ་བ་ ༧ ཚེས་ ༡ ནས་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་འགོ་བཙུགས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ཟེར་བར་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་པ་ཐེར་འདོན་དང་འབྲེལ། རྒྱ་གར་གཞུང་མང་གཉིས་ནས་བོད་དང་བོད་མིའི་ཐོག་རྒྱབ་སྐྱོར་དང་མཐུན་འགྱུར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་སོང་། རྩ་བའི་དེ་རིང་གི་ཉིན་མོ་འདི་དང་བསྟུན་བཞུགས་སྒར་དྷ་རམ་ས་ལའི་ནང་ས་གནས་འགོ་འཛིན་ཀྱི་སྣེ་ཁྲིད་འོག་མང་ཚོགས་ལ་མངར་བཟས་བགོ་འགྲེམས་དང་།གཞན་ཡང་རྒྱ་གར་གྱི་ས་གནས་འདྲ་མིན་ནང་ཡོད་པའི་བོད་པའི་སློབ་གྲྭ་ཁག་དང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་ནས་ཀྱང་རྒྱ་གར་གཞུང་མང་གཉིས་ལ་དགའ་བསུའི་འཚམས་འདྲི་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་གནང་སྒོ་སྣ་མང་སྤེལ་ནས་ཉིན་མོ་འདི་བཞིན་སྲུང་བརྩི་གཟབ་རྒྱས་ཞུ་མུས་ཡིན་པ་དང་། རྒྱ་གར་གྱིས་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་ངོ་དེབ་ལ་སོགས་པའི་སྤྱི་ཚོགས་དྲྭ་ལམ་ཐོག་ཏུ་རྒྱ་གར་གྱི་མཚོན་དོན་གསུམ་ཅན་གྱི་རྒྱལ་དར་གྱི་པར་བཞག་སྟེ་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་ཞུས་ཡོད་པ་མངོན་རྒྱུ་འདུག The post བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༨༠...