Tibetan
བློ་དགའ་རང་བཙན་ལགས་ཀྱིས་རྒྱལ་ཚོགས་ཀྱི་མདུན་དུ་བོད་རང་བཙན་དང་ཆོལ་གསུམ་མཐུན་སྒྲིལ་ཆེད་རང་ལུས་མེར་བསྲེགས་བཏང་འདུག
རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དངོས་སུ་ལག་བསྟར་དང་འབྲེལ་རྒྱལ་སྤྱིའི་ས་ཕྱོགས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་རྣམ་པ་འདྲ་མིན་སྒོ་ནས་ལས་འགུལ་ཤུགས་ཆེ་སྤེལ་དང་སྤེལ་མུས་ཁྲོད། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་གནས་བཞུགས་བོད་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱིས་ལུས་ལ་བོད་ཆས་སྤྲས་པ་དང་ཕྱག་ཏུ་བོད་ཀྱི་རྒྱལ་དར་བསྣམས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེར་བསྲེགས་བཏང་འདུག དེའང་ཡོང་གྲགས་སུ་བློ་དགའ་རང་བཙན་དང་དངོས་མིང་བློ་བཟང་དཔལ་ལྡན་ལགས་ཀྱིས་ངོ་དེབ་ཐོག་ཚོར་ཤུགས་ཆེན་པོའི་སྒོ་ནས་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་དང་། བཙན་བྱོལ་བོད་མི་ཚོར་ཆོལ་གསུམ་ཆིག་སྒྲིལ་དང་། བོད་རང་བཙན་འཐབ་རྩོད་སླད་མཉམ་ལས་དགོས་པའི་སྐུལ་མ་འཁོད་པའི་བརྙན་ཐུང་ཞིག་འདོན་སྤེལ་གནང་བ་མ་ཟད། རྒྱ་གར་ནང་གི་དེ་རིང་སྔ་དྲོ་ཐོ་རེངས་དང་ཨ་རིའི་ནང་ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥:༤༩ ཙམ་ལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེངས་འཛུགས་བྱས་པའི་ཐོག་རང་ཉིད་ཀྱི་སྐུ་ལུས་མེར་བསྲེགས་ཀྱིས་སྐར་ཆ་ ༤༠ ཙམ་གཡོ་འགུལ་མེད་པར་འགྲེང་ངེར་བཞེངས་བསྡད་རྗེས་ས་ལ་འགྱེལ་མ་ཐག་ཉེན་རྟོག་པས་མེ་གསོད་པ་ཐད་གཏོང་བརྒྱུད་མཇལ་རྒྱུ་འདུག་ཅིང་། ཉེན་རྟོག་པས་ཁོང་ Bellevue སྨན་ཁང་ལ་འཁྲིད་ཀྱང་ཆུ་ཚོད་ ༧ ཡོལ་ཙམ་ལ་དགོངས་པ་རྫོགས་འདུག ཨ་རིའི་ Philadelphia ནས་ཡིན་པའི་སྐུ་ཞབས་ཐུབ་བསྟན་ཆོས་ཉིད་ལགས་ནི་རྒྱུན་དུ་དམ་པ་དེ་ཉིད་དང་འབྲེལ་བ་ཟབ་མོ་ཡོད་མཁན་ཞིག་ཡིན་པ་དང་རང་ལུས་མེར་མཆོད་མ་ཕུལ་བའི་སྐར་མ་ལྔ་བཅུ་ཙམ་གྱི་གོང་དུ་དམ་པ་ཁོང་དང་ལྷན་དྲྭ་ལམ་བརྒྱུད་བཀའ་མོལ་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་ཁོང་ལ་འབྲེལ་བ་ཞུ་སྐབས། ཁོང་གཙོས་པའི་ཕྱག་རོགས་དྲུག་སྐུ་ལུས་མེ་མཆོད་ཕུལ་ས་རྒྱལ་ཚོགས་མདུན་གྱི་ས་ཚིགས་དེ་རང་ཐོག་བཞུགས་ཏེ་མྱ་ངན་ཞུ་བཞིན་པ་རེད་འདུག བློ་དགའ་རང་བཙན་ལགས་ནི་བོད་ཁམས་དཀར་མཛེས་ཁུལ་གྱི་གྲོང་ཚོ་ཆུང་ཆུང་ཞིག་ནས་ཡིན་པ་དང་། ཆུང་དུ་རབ་ཏུ་བྱུང་རྗེས་ ༡༩༩༠ གོ་གྲངས་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་ལྷོ་ཕྱོགས་དགའ་ལྡན་དགོན་པའི་ནང་ཆོས་བཞུགས་ཀྱིས། ཕྱི་ལོ་ ༢༠༠༦། ༢༠༠༧ ཙམ་ལ་ཨ་རིར་གནས་སྤོས་ཀྱིས་རྒྱུན་ལྡན་བོད་རང་བཙན་སླད་ལས་དོན་རིམ་པ་གཉེར་མཁན་ཞིག་ཡིན་པ་མ་ཟད། དགོངས་པ་མ་རྫོགས་གོང་དུ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པ་རེད་འདུག སྤྱིར་བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་ཀྱིས་སྐུ་ལུས་མེར་མཆོད་མ་ཕུལ་གོང་བརྙན་ཐུང་བརྒྱུད་ཞལ་འཆེམས་བཞག་པའི་ནང་བོད་ནང་གི་བོད་མི་ཚོར་གང་ཡང་ཞུ་རྒྱུ་མེད་པར་གཙོ་བོ་བཙན་བྱོལ་བོད་མི་རྣམས་ལ་ཆོལ་གསུམ་ཆིག་སྒྲིལ་སྒོ་ནས་བོད་རང་བཙན་སླད་མཉམ་ལས་དགོས་པའི་སྐུལ་མ་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་མི་རིགས་ཡོངས་སུ་རྫོགས་པར་ཆོལ་གསུམ་དབྱེར་མེད་ཀྱིས་དྲག་གནོན་བྱས་པ་དང་། ད་ལྟའི་ཆར་བོད་ནང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་ཆ་ཚང་བོད་རང་བཙན་ཤོར་བའི་རྒྱུ་མཚན་རྐྱེན་གྱིས་ཡིན་པ་ནན་སྐུལ་གནང་འདུག རྒྱལ་གཅེས་པ་དམ་པ་དེ་ཉིད་ཀྱིས་ད་དུང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བ་དེ་ཁོང་ལ་ཟ་རྒྱུ་འཐུང་རྒྱུ་མེད་པར་མ་ཡིན་པར་བོད་རྒྱལ་ཁབ་དོན་དུ་སྤེལ་གྱི་ཡོད་སྟབས། བོད་མི་རྣམས་ཀྱིས་ཁོང་གི་ལས་འགུལ་དེའི་རྐྱེན་པས་སླེབས་ལ་ཉེ་བའི་༸རྒྱལ་བའི་འཁྲུངས་སྐར་གྱི་དགའ་བསུ་དང་སྒོར་གཞས་སོགས་མཚམས་འཇོག་མ་བྱེད་པར་གཙོ་བོ་ཁོང་གི་བོད་རྒྱལ་ཁབ་དོན་དུ་བཅངས་བའི་རེ་སྐུལ་དེ་གྲུབ་སླད་མཉམ་ལས་དགོས་པའི་ཞུ་སྐུལ་གནང་འདུག སྤྱིར་ཕྱི་ལོ་ ༡༩༩༨ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་གཞོན་ནུའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཁྲོད་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་རྗེས།...
གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཚོགས་པ།
༄༅། །ཨ་རིར་གནས་བཞུགས་རྒྱལ་གཅེས་པ་བློ་བཟང་དཔལ་ལྡན་ནམ་རང་བཙན་བློ་དགའ་ལགས་ཀྱིས་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢ ཉིན་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་གཏོར་གྱི་སྲིད་བྱུས་དེར་མཐའ་གཅིག་ཏུ་ངོ་རྒོལ་མཚོན་ཆེད་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རང་ལུས་མེར་མཆོད་ཕུལ་ཏེ་སྐུ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཆེས་བློ་ཕམ་ཐོག་མྱ་ངན་གུས་འདུད་ཞུ་རྒྱུ་དང་སྦྲགས། དམ་པ་དེ་ཉིད་ཀྱིས་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་སྒྲིབ་རྣམས་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་ཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་སླད། ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ ཐོག་དྷ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་དཔལ་ལྡན་སྲིད་ཚབ་ཆོས་རིག་བཀའ་བློན་ཆུ་སྐྱ་སྒྲ་གཉིས་ཚེ་རྒྱལ་མཆོག་གིས་དམ་པ་ཁོང་གི་ལོ་རྒྱུས་སྒྲོགས་སྦྱང་གནང་རྗེས་བསྔོ་སྨོན་གསུང་འདོན་གནང་ཡོད།དམ་པ་ཁོང་ནི། ཕྱི་ལོ་ ༡༩༧༤ ལོར་ཁམས་དཀར་མཛེས་ཛ་སྨད་གཡུ་རུ་གྲོང་དུ་ཕ་བསོད་དགའ་དང་མ་རྡོ་རྗེ་ལྷ་མོ་གཉིས་སུ་སྐྱེས་ཤིང་། ཆུང་དུས་དཀར་མཛེས་ཁུལ་གྱི་དགོན་པ་ཞིག་ཏུ་ཆོས་ཞུགས་གནང་། དེ་ནས་ཕྱི་ལོ་ ༡༩༩༢ ལོར་བཙན་བྱོལ་དུ་ཕེབས་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཏྲེ་ཧོར་ཁང་ཚན་ལ་སྒྲིག་ཞུགས་ཀྱིས་སློབ་གཉེར་གནང་། ཕྱི་ལོ་ ༢༠༠༦ ཙམ་ལ་ཨ་རིར་ཕེབས། ནིའུ་ཡོག་གཙོ་བོར་གྱུར་པའི་ས་གནས་ཁག་མང་པོའི་ནང་བོད་དོན་ལས་འགུལ་མང་པོའི་ནང་མཉམ་ཞུགས་གནང་འདུག ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢ ཉིན་ཨ་རིའི་ཕྱི་དྲོ་ཆུ་ཚོད་ ༦།༣༠...
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།
འདི་ལོར་རྒྱལ་ཁབ་ ༡༣ ནས་ཚོགས་བཅར་བ་ ༩༨ ཀྱིས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པར་མཉམ་ཞུགས་ཀྱིས་བོད་དོན་དང་། བོད་དོན་ཞུ་གཏུག་གི་ལས་འགུལ། བོད་ནང་གི་གནས་སྟངས་ཛ་དྲག་གི་གནས་སྟངས་སོགས་ཀྱི་ཐད་ལ་གོ་བསྡུར་གནང་གི་ཡོད་འདུག The post རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་། appeared first on བོད་ཀྱི་དུས་བབ།.
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་འགོ་འཛུགས།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་འགོ་འཛུགས་གནང་སོང་བ་དང་། ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༸རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བར་མྱ་ངན་གུས་འདུད་དང་འབྲེལ། བོད་པའི་གཞོན་སྐྱེས་རྣམས་ཀྱིས་བོད་སྤྱི་པའི་རྩ་དོན་ཐོག་འབད་སྤུངས་གནང་དགོས་ཤིང་། སོ་སོའི་མི་རིགས་ཀྱི་སྐད་དང་རིག་གཞུང་རྒྱུན་འཛིན་ཐོག་ཡུལ་ལུང་སོ་སོའི་ནང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལས་དོན་ནང་མཉམ་ཞུགས་གནང་དགོས་རྒྱུའི་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་སོང་། དེ་ཡང་ཚོགས་ཆེན་འདི་བཞིན་དེ་རིང་ཕྱི་ཟླ་ ༧ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་འཚོག་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་འཇར་མ་ནཱི་གྲོས་ཚོགས་འཐུས་མི་ལས་ཁུངས་ཀྱི་འཇར་མ་ནཱི་དང་པཱོ་ལེནྜ་འབྲེལ་ལམ་གྱི་མཁས་པ་ Jonas Kolecki ཇོ་ནཱས་ཀོ་ལེག་ཀི་མཆོག་གིས་དབུས་པའི་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག ཕྱི་དྲིལ་དྲུང་ཆེ་ཀརྨ་རིན་ཆེན་ལགས། དེ་བཞིན་གསུང་བཤད་པ་དང་ཟབ་ཁྲིད་པ། ཕྱི་དྲིལ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད། རྒྱལ་ཁབ་ཁག་ ༡༣ ནས་བོད་ཀྱི་གཞོན་སྐྱེས་ཚོགས་བཅར་བ་ ༩༨ མཉམ་ཞུགས་གནང་སོང་། དབུ་འབྱེད་མཛད་སྒོའི་ཐོག་ཁ་སང་ཨ་རིའི་ནིའུ་ཡོག་ནང་དུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་མདུན་དུ་རྒྱལ་གཅེས་དཔའ་བོ་དམ་པ་བློ་དགའ་ལགས་ཀྱི་རང་ལུས་མེར་བསྲེགས་གནང་སྟེ། སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པར་སྐུ་མགྲོན་གཙོས་པའི་ཚོགས་བཅར་བ་ཡོངས་ནས་མྱ་ངན་གུས་འདུད་ཞུས་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་འབྲེལ། ཚོགས་བཅར་བ་བོད་པའི་གཞོན་སྐྱེས་རྣམས་ལ་མ་འོངས་བོད་ཀྱི་འཐབ་རྩོད་མུ་མཐུད་གནས་ཐུབ་དང་མི་ཐུབ་ཅེས་པ་དེ་བོད་པའི་གཞོན་སྐྱེས་རྣམས་ལ་རག་ལུས་ཡོད་པ་ལས་གཞན་སུ་ལའང་རག་ལུས་ཀྱི་མེད་པ་དང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་སོ་སོའི་བོད་པའི་གཞོན་སྐྱེས་རྣམས་ལ་དམིགས་ནས་ལས་དོན་རིམ་པ་གནང་བའི་ཁྲོད། བཀའ་ཤག་སྐབས་ ༡༦ སྔོན་ལ་ལྔ་དང་ལྔ་བཅུ་ཚོགས་ཆེན་གོ་སྒྲིག་གནང་ཡོད་པར་ཕན་ཐོགས་བྱུང་ཡོད་པ་གསུངས་སོང་། དེ་བཞིན་འགོ་ཁྲིད་ཆགས་པ་ལ་གནས་ཚུལ་ཤེས་རྟོགས་དགོས་རྒྱུ་གལ་ཆེན་པོ་ཡིན་ཞིང་། དེའི་ཁྲོད་ནས་སོ་སོ་རང་ཉིད་ཀྱི་གནས་སྟངས་དང་རྒྱབ་ལྗོངས་ཤེས་དགོས་པ་མ་ཟད། ཚོགས་ཆེན་འདི་གྲུབ་རྗེས་སོ་སོའི་ས་གནས་སུ་ཡོད་པའི་གྲོས་ཚོགས་འཐུས་མི་དང་གསར་འགོད་པ་སོགས་དང་འབྲེལ་བ་བཟོས་ནས་ནུས་པ་མཉམ་སྤུངས་ཐོག་བོད་དོན་ཞུ་གཏུག་གནང་རྒྱུའི་དམིགས་ཚད་བཟུང་དགོས་པའི་ལམ་སྟོན་གནང་སོང་། དེ་བཞིན་སྐུ་མགྲོན་གཙོ་བོ་འཇར་མ་ནཱི་གྲོས་ཚོགས་འཐུས་མི་ལས་ཁུངས་ཀྱི་འཇར་མ་ནཱི་དང་པཱོ་ལེནྜ་འབྲེལ་ལམ་གྱི་མཁས་པ་ Jonas Kolecki ཇོ་ནཱས་ཀོ་ལེག་ཀི་མཆོག་གིས་གསུང་བཤད་གནང་བའི་ཁྲོད། བོད་པའི་གཞོན་སྐྱེས་རྣམས་ནས་ཡུལ་ལུང་སོ་སོའི་ཆབ་སྲིད་ཚོགས་པ་དང་སྒྲིག་འཛུགས་ཁག་ལ་ཞུ་གཏུགས་ཀྱིས་ལས་འགན་འཁུར་དགོས་པའི་འབོད་སྐུལ་དང་འབྲེལ།...
རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།
དེ་རིང་བློ་བཟང་དཔལ་ལྡན་ནམ་རང་བཙན་བློ་དགའ་ལགས་ཀྱིས་ཨ་རིའི་ནེའུ་ཡོག་གི་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེར་བསྲེགས་ནས་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་། The post རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། appeared first on བོད་ཀྱི་དུས་བབ།.
རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསར་འགོད་བསྒྲགས་གཏམ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢ རེས་གཟའ་ཕུར་བུ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ལྔ་པ་ཙམ་ལ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་རྒྱལ་གཅེས་དཔའ་བོ་བློ་བཟང་དཔལ་ལྡན་ནམ་རང་བཙན་བློ་དགའ་ལགས་ནས་བོད་ཀྱི་རྒྱལ་དར་འཁྱེར་ནས་ལམ་མདོར་རྒྱལ་དར་སྒྲེང་འཛུགས་གནང་སྟེ། རྒྱ་གཞུང་གིས་བོད་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སྣ་ཚོགས་སྤེལ་བཞིན་ཡོད་པར་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་འདུག མེ་འབར་ཤུགས་ཆེ་དྲགས་ནས་ཅུང་མ་འགོར་བ་ས་ལ་འགྱེལ་ཏེ་གང་ཙམ་རྗེས་ཛ་དྲག་མྱུར་སྐྱོབ་རུ་ཁག་སླེབས་འདུག་ཅིང་། དེ་རྗེས་ནིའུ་ཡོག་གི་བྷེ་ལུ་ཝུའེ་(Bellevue) སྨན་ཁང་དུ་བསྐྱལ་ཡོད་ཀྱང་སྐུ་གཟུགས་ལ་མེར་བསྲེགས་ཧ་ཅང་ཤུགས་ཆེར་བྱུང་བའི་རྐྱེན་གྱིས་དགོང་དྲོའི་ཆུ་ཚོད་བདུན་པ་ཡོལ་ཙམ་ལ་སྐུ་ཚེ་མ་ཟིན་པ་བྱུང་འདུག ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་གནས་སྡོད་དམ་པ་ཁོང་ནི་ཕྱི་ལོ་ ༡༩༧༤ ཟླ་ ༦ ཚེས་ ༡ ཉིན་ཡབ་བསོད་ནམས་དར་རྒྱས་ (བསོད་དགའ་) དང་། ཡུམ་རྡོ་རྗེ་ལྷ་མོ་གཉིས་ཀྱི་སྲས་སུ་བོད་མདོ་ཁམས་དཀར་མཛེས་སུ་སྐུ་འཁྲུངས། ཆུང་དུས་ནས་རང་ཡུལ་དགོན་པར་རབ་ཏུ་བྱུང་ཞིང་། ལོ་རབས་དགུ་བཅུའི་ནང་བཙན་བྱོལ་དུ་ཕེབས་ནས་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་། དེ་རྗེས་ཨ་རིར་ཕེབས་ཤིང་བོད་རང་དབང་རང་བཙན་ཐོག་རྒྱུན་དུ་ལས་འགུལ་ཤུགས་ཆེར་སྤེལ་མཁན་ཞིག་ཡིན། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་ད་བར་བོད་ཀྱི་སྣོད་བཅུད་གཉིས་ཀ་རྡོག་རོལ་གཏོང་རྐྱང་དང་། ལྷག་པར་དུ་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་མཁྲེགས་འཛིན་གྱིས། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དངོས་སུ་ལག་བསྟར་བྱས་པའི་ཉིན་གཉིས་པར་དམ་པ་ཁོང་གིས་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་བྱས་ཡོད། རང་ལུས་མེར་བསྲེགས་མ་གནང་བའི་སྔོན་ལ་མཐའ་མའི་ཞལ་ཆེམས་ཀྱི་བརྙན་ཐུང་ནང་། “རྒྱ་ནག་གུང་ཁྲན་གྱིས་བོད་ལ་འཛིན་པའི་སྲིད་བྱུས་དང་།...
ཇར་མ་ནིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧི་ཀལ་བྷི་རེནྜ་ལགས་ཀྱིས་རྒྱ་ནག་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བར་སྐྱོན་བརྗོད་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡ ཉིན་ཇར་མ་ནིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧི་ཀལ་བྷི་རེནྜ་ (Michael Brand) ལགས་ཀྱིས་བརྙན་ཐུང་བརྒྱུད་རྒྱ་ནག་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་ཅིང། དེའི་ནང་ཁོང་གིས་རྒྱལ་སྤྱིའི་མི་ཚོགས་ནས་ཁྲིམས་ཡིག་དེར་ངོ་རྒོལ་གནང་དགོས་པའི་འབོད་སྐུལ་དང་སྦྲགས་རྒྱ་ནག་གཞུང་ལ་མི་རིགས་རྩ་མེད་གཏོང་བའི་ཁྲིམས་ཡིག་དེ་ཕྱིར་འཐེན་དགོས་པའི་ནན་སྐུལ་གནང་ཡོད། བརྙན་ཐུང་ནང་གྲོས་ཚོགས་འཐུས་མི་མ་ཧི་ཀལ་བྷི་རེནྜ་ལགས་ཀྱིས་རྒྱ་ནག་གི་ཁྲིམས་གསར་དེས་མི་རིགས་དབྱེ་འབྱེད་ཀྱི་ཚད་རིམ་གསར་པ་དང་དྲག་གནོན་ཇེ་ཆེར་བཏང་བ་མངོན་གསལ་ཆགས་ཡོད་ཅིང་། ལྷག་པར་ཁྲིམས་ཡིག་དེས་རྒྱ་ནག་གི་མི་སེར་ཁོ་ན་མ་ཡིན་པར་ས་ཁུལ་གཞན་དང་འཛམ་གླིང་ཁྱོན་ཡོངས་ལ་ཉེན་ཁ་བཟོ་ཡི་ཡོད་པའི་གནད་དོན་སོགས་ཐེར་འདོན་གནང་། བསྒྲགས་གཏམ་ནང་རྒྱ་ནག་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་། ཁྲིམས་ཡིག་འདི་ནི་མི་རིགས་འཐེན་འཁྱེར་དང་རྒྱ་ནག་ཀྲུང་ཧ་མི་རིགས་ཁྱབ་གདལ་ལ་གཞི་བཞག་པ་ཞིག་ཡིིན་པ་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་དེ་ནི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་རྗེས་གཏན་འབེབས་བྱས་པའི་མི་རིགས་དབྱེ་འབྱེད་ཀྱི་ཁྲིམས་ཡིག་ཚབས་ཆེ་ཤོས་ཤིག་ཡིན་པ་མ་ཟད། ཁྲིགས་གསར་འདིའི་བརྒྱུད་བོད་མི་དང་ཡུ་གུར། དེ་བཞིན་གྲངས་ཉུང་མི་རིགས་གཞན་ཁག་གི་ངོ་བོ་དང་། རིག་གཞུང་། ཐོབ་ཐང་བཅས་ལ་ཉེན་ཁ་སྤྲོད་བཞིན་པ་འགྲེལ་བརྗོད་དང་། གལ་ཏེ་ཁྲིམས་གསར་དེ་རྒྱ་ནག་གིས་ལག་བསྟར་བྱེད་ཐུབ་པ་བྱུང་ཚེ། མི་རིགས་འཐེན་འཁྱེར་གྱི་བསམ་བློ་དེ་རྒྱལ་ཁབ་གཞན་ལ་དཔེ་མཚོན་ཞིག་ཏུ་འགྱུར་སྲིད་པ་དང་། འདིའི་རྐྱེན་པས་མི་འབོར་ས་ཡ་མང་པོ་དང་མི་རིགས་དེ་དག་གི་རིག་གཞུང་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་འཕྲད་སྲིད་པའི་ཉེན་བརྡ་བཏང་ཡོད།དེ་བཞིན་ཁྲིམས་གསར་དེར་ཕྱི་ཟླ་ ༤ ནང་ཡུ་རོབ་གྲོས་ཚོགས་དང་། ཕྱི་ཟླ་ ༣ ནང་ཅེཀ་གྲོས་ཚོགས་བཅས་ནས་སྐྱོན་བརྗོད་གནང་བ་ལ་མོས་མཐུན་ཡོད་པ་མ་ཟད། ཉེ་ཆར་ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ཕྱེར་འཐེན་དགོས་པའི་འབོད་སྐུལ་ཞུས་ཡོད། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཛམ་གླིང་རྒྱལ་ཁབ་ཁག་དང་། གྲོས་ཚོགས་འཐུས་མི་རྣམ་པ། བསམ་མཛོད་བསྟི་གནས་ཁང་། དེ་བཞིན་གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་ཚོགས་པ་མང་དག་ཅིག་ལ་ཡིག་ཐོག་དང་དྲ་ལམ་བརྒྱུད། རྒྱ་ནག་གཞུང་གིས་ལག་བསྟར་བྱེད་མགོ་བཙུགས་པའི་ཁྲིམས་ཡིག་དེས་བོད་མིའི་ངོ་བོ་དང་། ཆོས་རིག...
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཐོག་ཆེན་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོར་ཕེབས་ཞུགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༣ རེས་གཟའ་པ་སངས་ཉིན་ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་གོ་སྒྲིག་འོག་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་པའི་གཞོན་སྐྱེས་བརྒྱ་སྐོར་ཞིག་མཉམ་ཞུགས་ཐོག་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་ཡོད་ཅིང་། སྐབས་དེར་འཛམ་གླིང་རྒྱལ་ཁབ་ཁག་ ༡༣ ནས་བོད་པའི་གཞོན་སྐྱེས་ ༩༨ མཉམ་ཞུགས་གནང་ཡོད།དེ་ཡང་ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཇར་མན་གྲོས་ཚོགས་འཐུས་མིའི་ལས་ཁུངས་ཀྱི་ཇར་མན་དང་པོ་ལེནྜ་འབྲེལ་ལམ་ཐོག་མཁས་པ་སྐུ་ཞབས་ཇོ་ནཱསི་ ཀོ་ལེ་ཀི་ (Jonas Kolecki) ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་རིན་ཆེན་ལགས། ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་ཟུང་དྲུང་འབྲུག་བསྟན་སྐྱིད་ལགས། དེ་བཞིན་ཉིན་གྲངས་གསུམ་རིང་གི་ཚོགས་ཆེན་ཐོག་གསུང་བཤད་གནང་མཁན་བཅས་ཕེབས་ཞུགས་གནང་ཡོད།དབུ་འབྱེད་མཛད་སྒོའི་ཐོར་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་བསྟུན། དེ་རིང་ཨ་རིའི་ནིའུ་ཡོག་ཏུ་བཅའ་བཞུགས་རྒྱལ་གཅེས་པ་བློ་བཟང་དཔལ་ལྡན་ནམ་ཡོངས་གྲགས་སུ་རང་བཙན་བློ་དགའ་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་བཏང་བར་གདུང་སེམས་མཉམ་སྐྱེད་སླད་སྐར་མ་གཅིག་རིང་མྱ་ངན་གུས་འདུད་ཞུས། དེ་རྗེས་ཕྱི་དྲིལ་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ཚོགས་ཆེན་གྱི་དམིགས་དོན་གཙོ་བོ་གསུམ་ནི་ཚོགས་བཅར་བ་རྣམས་ལ་བདོ་དོན་གོ་རྟོགས་གོང་མཐོར་གཏོང་རྒྱུ་དང་། བོད་དོན་འཐབ་རྩོད་དང་འབྲེལ་བའི་བསམ་ཚུལ་བརྗེ་ལེན་གྱི་སྡིངས་ཆ་བསྐྲུན་རྒྱུ། དེ་བཞིན་བོད་ནང་གི་ད་ལྟའི་གནས་སྟངས་ལ་རྒྱུས་ལོན་གཏིང་ཟབ་ཀྱི་ཐོག་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་རྣམས་ནུས་པ་ལྡན་པའི་ཐོག་སྤེལ་ཐུབ་རྒྱུ་བཅས་ཡིན་པ་འགྲེལ་བརྗོད་དང་། དེ་བཞིན་ཚོགས་བཅར་བ་རྣམས་ཚོགས་ཆེན་ཐོག་གོ་སྐབས་དམ་འཛིན་གྱིས་མཉམ་ཞུགས་ཧུར་ཐག་གནང་དགོས་པ་མ་ཟད། ཚོགས་ཆེན་ཐོག་ཡོང་གོ་ཆོད་པ་ཞིག་གནང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་ཡོད།མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚོགས་ཆེན་འདི་ཉིད་དབུ་འབྱེད་ཀྱི་གསུང་བཤད་སྐབས། བོད་སྤྱི་པའི་རྩ་དོན་ཐོག་ཐུགས་ཁུར་ཆེ་བཞེས་གནང་མཁན་ཨ་རིའི་ནིའུ་ཡོག་ཏུ་བཅའ་བཞུགས་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་བར་མྱ་ངན་ཞུས་པ་དང་སྦྲགས། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་གཙོས་པའི་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གིས་རང་ལུས་མེར་སྲེག་གནང་མཁན་ཡོངས་ལ་རྗེས་དྲན་ཞུས་ཡོད།དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དོན་འཐབ་རྩོད་རྒྱུན་གནས་ཡོང་བར་རང་རེའི་གཞོན་སྐྱེས་རྣམས་ཀྱིས་འཁུར་མཉམ་ལེན་དགོས་པའི་གནད་འགག་སྐོར་གསུངས་ཤིང་། མ་འོངས་འགོ་ཁྲིད་གཞོན་སྐྱེས་རྣམ་པས་རང་མི་རིགས་ཀྱི་ཕྱོགས་ཡོངས་ཀྱི་ལོ་རྒྱུས་ཤེས་རྟོགས་དགོས་ལ་ཐབས་བྱུས་ལྡན་པའི་ཐོག་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་དགོས་པའི་ལམ་སྟོན་དང་། ཚོགས་འདུའི་རིང་ཚོགས་བཅར་བ་རྣམས་ནས་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་བློ་རྩེ་གཅིག་སྒྲིམ་གྱི་ཐོག་ནས་གནས་ཚུལ་གང་མང་ཤེས་རྟོགས་གནང་དགོས་པའི་སློབ་གསོ་གནང་ཡོད།ཚོགས་ཆེན་འདིའི་ཐོག་ཆེད་དུ་ཕེབས་པའི་ཇར་མན་གྲོས་ཚོགས་འཐུས་མིའི་ལས་ཁུངས་ཀྱི་ཇར་མན་དང་པོ་ལེནྜ་འབྲེལ་ལམ་ཐོག་མཁས་པ་སྐུ་ཞབས་ཇོ་ནཱསི་ ཀོ་ལེ་ཀི་ལགས་ཀྱིས་འཛམ་གླིང་གར་སར་འགྲམ་ནས་ཡོད་པའི་བོད་པའི་གཞོན་སྐྱེས་རྣམས་ལ་སོ་སོའི་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་དགོས་པའི་འོས་འགན་ཡོད་ལ། རང་རང་གི་གནས་ཡུལ་རྒྱལ་ཁབ་ཁག་གི་དབུས་སའི་གཞུང་དང་ཚོགས་སྡེ་ཁག་གི་འཛིན་སྐྱོང་གི་སྒྲོམ་གཞི་ནང་ཞུགས་ཏེ་འབྲེལ་ལམ་གོང་མཐོར་གཏོང་བ་བརྒྱུད་བོད་དོན་ཞུ་གཏུག་དགོས་པའི་ལམ་སྟོན་གནང་གྲུབ་རྗེས། ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་ཟུང་དྲུང་འབྲུག་བསྟན་སྐྱིད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་ཡོད། ཚོགས་ཆེན་དེ་བཞིན་ཕྱི་ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་གྱི་རིང་ཚོགས་རྒྱུ་ཡིན་པ་དང་།...
བོད་རང་བཙན་འཐབ་རྩོད་པ་རང་བཙན་བློ་དགས་སྐུ་ལུས་མེར་སྲེག་དང་ཁོང་གི་ཁ་ཆེམས།
ཨ་རིའི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་རང་བཙན་འཐབ་རྩོད་པ་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགས་ཕྱི་ཟླ་༧ ཚེས་༢ ཉིན་སྐུ་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་འདུག ཁོང་གིས་སྐུ་ལུས་མེར་སྲེག་མ་བཏང་བའི་གོང་བཙན་བྱོལ་ནང་ཡོད་པའི་བོད་པ་ཚོར་ཁ་ཆེམས་ཀྱི་བརྙན་ཞིག་བཟོས་འདུག་པ་དང་། བརྙན་དེའི་ནང་བོད་ཆོལ་ཁ་གསུམ་པོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་བོད་རང་བཙན་འཐབ་རྩོད་བྱེད་དགོས་ཞེས་གསུངས་འདུག The post བོད་རང་བཙན་འཐབ་རྩོད་པ་རང་བཙན་བློ་དགས་སྐུ་ལུས་མེར་སྲེག་དང་ཁོང་གི་ཁ་ཆེམས། appeared first on བོད་ཀྱི་བང་ཆེན།.
ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་བདུན་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་ཆེན་མོའི་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤ...
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡ ཉིན་བཞུགས་སྒར་དྷ་རམ་ས་ལ་བོད་ཀྱི་ཟློས་གར་ཚོགས་ཁང་ནང་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་བདུན་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་ཆེན་མོའི་མཛད་སྒོ་ཞིག་ཚོགས་གནང་སོང་། སྐབས་དེའི་མཛད་སྒོའི་ཐོག་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། འབྲས་སྤུངས་ཁྲི་ཚབ་རྒྱུད་སྟོད་མཁན་ཟུར་༸སྐྱབས་རྗེ་བཀའ་འགྱུར་བ་སྟོབས་ལྡན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་མཆོག རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེ་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག སླེ་ལུང་རིན་པོ་ཆེ་མཆོག་སོགས་ཀྱིས་གཙོས་པའི་རིན་པོ་ཆེ་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་རྣམ་པ་གཉིས་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྤྱི་འཐུས་རྒྱུན་ལས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས། སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས། སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་རྒྱུན་ལས་དཔོན་ཚང་བློ་བཟང་ཐུབ་བསྟན་ལགས། སྤྱི་འཐུས་རྒྱུན་ལས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་ལགས། སྤྱི་འཐུས་ཟླ་བ་ཚེ་རིང་ལགས། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས། སྤྱི་འཐུས་ཀོང་རྩ་ལྷ་མོ་ཚེ་རིང་ལགས་བཅས་ཆེད་བཅར་གནང་ཡོད་འདུགསྐབས་དེར་དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་འདིར་མཆོག་ཏུ་བཀུར་བ་འོས་པའི་སླེ་ལུང་རིན་པོ་ཆེ་མཆོག་གིས་དབུས་པའི་སྐྱབས་ཡུལ་མཁན་བླ་སྤྲུལ་དགེ་བཤེས་འདུས་མང་རྒྱ་མཚོ་དང་། དེ་བཞིན་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དོན་གཉེར་ཆེན་པོས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཚོགས་བཅར་བ་རྣམ་པ་བཅས་ཚང་མ་ལོགས་ལ་དེ་རིང་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་ ༧༠༠ འཁོར་བའི་དུས་ཚིགས་རྗེས་དྲན་ཐོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ང་རང་སྒེར་ངོས་ནས་ཐོག་མར་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།དེ་རིང་གི་དུས་ཚིགས་ཁྱད་པར་ཅན་འདི་སྲུང་བརྩི་ཞུ་མཁན་གྱི་གོ་སྒྲིག་ཚོགས་ཆུང་རེད། ཚང་མ་ལོགས་ནས་འདི་འདྲའི་དགོངས་པ་ཞིག་བཞེས་ཐུབ་པ་དང་། འདི་འདྲའི་བསོད་ནམས་གསོག་པའི་རྒྱུར་བསྒྱུར་བ་དེར་བཀའ་དྲིན་ཆེ་དང་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། ད་གིན་གོང་དུ་མཁས་དབང་མང་པོས་བཀའ་གནང་བསྒྲུབས་སོང་།...
མཉམ་འབྲེལ་རྒྱལ་ཚོཊ་མདུན་རང་སྲེག་ངོ་རྒོལ་གནང་མཁན་བློ་དགའ་རང་བཙན་ལགས་སྐུ་གཤེཊ་འདུག
སྔོན་བརྡ། དངངས་འཚབ་སྐྱེས་གཞིའི་གནས་ཚུལ་ཡོད་པས་དགོངས་འཇགས་ཞུ། རེས་གཟའ་ཕུར་བུ་དང་ཕྱི་ཟླ་ ༧ ཚེས་ ༢ ཉིན་ནིའུ་ཡོག་ཏུ་བཅའ་བཞུགས་བློ་དགའ་རང་བཙན་(བློ་བཟང་དཔལ་ལྡན་)གྱིས་ངོ་དེབ་ཐོག་ཐད་གཏོང་བཀའ་མོལ་ཐེངས་འགའ་གནང་སྟེ་མཐར་བོད་མི་ཚོར་འབོད་སྐུལ་དང་ཁ་ཆེམས་ཀྱི་ཚུལ་དུ་སྐར་མ་ ༦ ལྷག་ཙམ་གྱི་བཀའ་མོལ་ཞིག་གནང་ཡོད་པ་དང་། ཁོང་གིས་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་འདི་བོད་མི་རིགས་རྩ་མེད་གཏོང་བའི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད་རེད། བོད་ནང་བཞུགས་མཁན་ཚོས་ལྷག་བསམ་རྣམ་དག་གི་ཐོག་ནས་སོ་སོའི་སྐད་དང་ཡི་གེ བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གནང་གི་ཡོད་པ་འདི་ཚོ་ཧ་ལས་དགོས་པ་རེད་འདུག་པས། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། བཙན་བྱོལ་ནང་ཡོད་པ་ཚོར་ཞུ་རྒྱུར། མི་རིགས་ཤིག་གི་འཐབ་རྩོད་ཀྱི་ཆེད་དུ་ཞི་བདེ་དང་གང་ཡང་བྱེད་མི་དགོས་པའི་ཐོག་ནས་རྩ་བ་ནས་ཐོབ་...
ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་ ༧༠༠ ཧྲིལ་པོ་འཁོར་བ།
ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་ ༧༠༠ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གངས་ཅན་གྱི་ལྗོངས་འདིར་བསྟན་འགྲོའི་དོན་རླབས་ཆེན་མཛད་པའི་བཀྲིན་བླ་ལྷག་ཏུ་ཆེ་བ་ཞིག་ཡིན་པས། བླ་མའི་བྱིན་རླབས་སེམས་ལ་འཇུག་ཅིང་འགྲོ་དོན་འཕེལ་བའི་སྨོན་ལམ་ཞུ་ཞེས་བཀའ་བསྩལ་མཛད་འདུག ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་ ༧༠༠ ཧྲིལ་པོ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཞིག་བཞུགས་སྒར་རྡ་རམ་ས་ལར་འཚོགས་སོང་བ་དང་། དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་ནི་རྗེ་ཙོང་ཁ་པའི་དབུ་བླ་ཐུན་མོང་མ་ཡིན་པས། ཕན་ཚུན་བླ་སློབ་ཀྱི་འབྲེལ་བ་སོགས་བོད་གངས་ཅན་གྱི་ལྗོངས་འདིར་བསྟན་འགྲོའི་དོན་...
ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་དབར་ཚོང་འབྲེལ་བསྐྱར་དུ་སྒོ་ཕྱེ་འདུག
འདས་པའི་ལོ་ངོ་དྲུག་ཙམ་རིང་རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་རྩོད་རྙོག་དང་ཏོག་དབྱིབས་ནད་དུག་སོགས་ཀྱི་གནད་དོན་དུ་མ་ཞིག་གི་རྐྱེན་པས། ཧིན་བོད་ས་མཚམས་སུ་ཚོང་འབྲེལ་མཚམས་འཇོག་བྱས་ཡོད་པ་དང་། ད་ཆར་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཅུང་ཟད་བསྐྱར་གསོ་བྱུང་བའི་མཚམས་སུ། ཧིན་བོད་ས་མཚམས་སུ་ཚོང་འབྲེལ་བསྐྱར་དུ་འགོ་འཛུགས་བྱས་ཡོད་པ་བརྗོད་འདུག The post ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་དབར་ཚོང་འབྲེལ་བསྐྱར་དུ་སྒོ་ཕྱེ་འདུག appeared first on བོད་ཀྱི་བང་ཆེན།.
རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཞེས་པ་ནི་དམག་ཆེན་གཉིས་པའི་རྗེས་མི་རིགས་དབྱེ་འབྱེད་ཀྱི་ཁྲིམས་ལུགས་གདུག་རྩུབ་ཆེ་ཤོས་ཤིག་ཡིན་པ་གསུངས་འདུག
ཁ་སང་ཕྱི་ཚེས་ ༡ ཉིན་འཇར་མན་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་སེ་བྷ་སི་ཊི་ཡན་ཧིན་ཊར་སེ་ཧར་ Sebastian Hinterseher ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་གཞུང་གི་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བར་སེམས་འཚབ་མངོན་གསལ་དང་སྦྲགས། ཁྲིམས་ཡིག་འདིས་སྔར་ལྷག་བཙན་དབང་གི་མི་རིགས་མཉམ་བསྲེས་དང་གྲངས་ཉུང་མི་རིགས་ཀྱི་ངོ་བོར་རྩ་མེད་གཏོང་རྒྱུ་ཡིན་པ་མ་ཟད། ཡོ་རོབ་དང་འཇར་མན་སོགས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་གི་ནང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག མ་ཟད་ Sebastian Hinterseher ལགས་ཀྱིས་ཁྲིམས་ཡིག་འདིའི་བརྒྱུད་ནས་ད་ཡོད་རྒྱ་ནག་གཞུང་གི་གྲངས་ཉུང་མི་རིགས་ཐོག་བཟུང་བའི་སྲིད་བྱུས་ལ་ཁྲིམས་ལུགས་ཀྱི་གཞི་རྩ་རྒྱ་སྐྱེད་གཏོང་བ་དང་། ལྷག་པར་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་ལ་ཁྲིམས་མཐུན་བཟོ་བཞིན་ཡོད་པ་བརྗོད་འདུག་པ་མ་ཟད། ཁྲིམས་འདིའི་འོག་ནས་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་བྱ་འགུལ་ཤུགས་ཆེ་རུ་སྤེལ་ངེས་ཡིན་པ་ལྟར་ཁྲིམས་འདིའི་རྒྱ་ནག་རྒྱལ་ནང་ཙམ་མ་ཟད། རྒྱལ་ཁབ་གཞན་གྱི་མང་ཚོགས་ཀྱིས་གནས་བབས་ལའང་དོ་ཕོག་གཏོང་རྒྱུ་ཡིན་པའི་སྐྱོན་བརྗོད་ཤུགས་ཆེ་དང་སྦྲགས། འཇར་མན་གཞུང་ནས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཇི་འདྲ་ཞིག་ཡིན་རུང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པ་ནན་བརྗོད་གནང་འདུག སྤྱིར་ཁ་སང་ཕྱི་ཟླ་ ༧ ཚེས་ ༡ ཉིན་ཏེ་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་གཞི་དེ་རྒྱལ་ཡོངས་སུ་ལག་བསྟར་དངོས་སུ་འགོ་འཛུགས་བྱས་པ་དང་བསྟུན། རྒྱལ་སྤྱིའི་ཁྱོན་དུ་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་རྣམ་པ་འདྲ་མིན་བརྒྱུད་ནས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་མ་ཟད། ཨ་རི་དང་། ཉི་ཧོང། སུད་སི། ཨི་ཊ་ལི། དབྱིན་ཡུལ། དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་སོགས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མང་དག་ཅིག་གིས་ཀྱང་དྲྭ་ལམ་ཐོག་བརྙན་དང་བསྒྲགས་གཏམ་འདོན་སྤེལ་བརྒྱུད་རྒྱ་ནག་གི་ཁྲིམས་ཡིག་དེ་ཉིད་བོད་མི་གཙོ་བོར་འགྱུར་བའི་རྒྱ་ནག་གི་གྲངས་ཉུང་མི་རིགས་གཞན་རྣམས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པའི་སྐྱོན་བརྗོད་གནང་ཡོད། དེའི་ཁྲོད་འཇར་མ་ནིའི་གྲོས་ཚོགས་འཐུས་མི་ Michael Brand ལགས་ཀྱིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཞེས་པ་ནི་དམག་ཆེན་གཉིས་པའི་རྗེས་མི་རིགས་དབྱེ་འབྱེད་ཀྱི་ཁྲིམས་ལུགས་གདུག་རྩུབ་ཆེ་ཤོས་ཤིག་ཡིན་པ་གསུངས་པ་དང་སྦྲགས་རྒྱལ་སྤྱིའི་མང་ཚོགས་ནས་ངོ་རྒོལ་བརྒྱུད་རྒྱ་ནག་གི་འགོ་ཁྲིད་ཚོར་ཁྲིམས་ཡིག་དེ་ཕྱིར་འཐེན་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུག ཕྱོགས་མཚུངས་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཉེ་ལམ་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་བཞི་ཡིས་རྒྱ་ནག་གཞུང་གིས་ཁྲིམས་གསར་པ་དེར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་ཆེད་འདོན་གནང་བ་དང་། གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་དམིགས་བསལ་བསྒྲགས་གཏམ་འདོན་སྤེལ་བརྒྱུད་རྒྱ་གཞུང་ལ་སྐྱོན་བརྗོད་དྲག་པོ་གནང་བ་མ་ཟད། ཁ་སང་ཨ་རིའི་གྲོས་ཚོགས་འཐུས་མི་ Jim McGovern...
བོད་ཀྱི་མཐའ་མཚམས་ཁག་གི་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ ༡༠༥ འཁོར་བའི་ཉིན་མོ་སྲུང་བརྩི།
ཁ་སང་ཕྱི་ཟླ་ ༧ ཚེས་ ༡ ཉིན་མོ་སྟེ་རྒྱ་ནག་དམར་ཤོག་ཚོགས་པ་འགོ་བཙུགས་ནས་ལོ་ངོ་ ༡༠༥ འཁོར་བའི་ཉིན་མོ་དང་བསྟུན། རྒྱ་ནག་གཞུང་གིས་བོད་ཁམས་ཡོངས་ལ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༥ འཁོར་བའི་དུས་སྟོན་ཟེར་བའི་མཛད་སྒོ་ཆེ་འབྲིང་ཆུང་གསུམ་སྲུང་བརྩི་བྱེད་དུ་བཅུག་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་ཏུ་སློབ་གྲྭ་དང་དགོན་སྡེ་ཁག་གི་ནང་དུ་ཉིན་མོ་དེ་བཙན་དབང་གི་སྲུང་བརྩི་བྱེད་དུ་བཅུག་ཡོད་འདུག དེ་ཡང་དེ་རིང་འདི་གར་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། བོད་རྩྭ་མདའ་རྫོང་། སྤུ་ཧྲེང་རྫོང་། རུ་ཐོག་རྫོང་ཁག་འོག་གི་སློབ་ཆུང་སློབ་མའི་ནང་དུ་བདུན་གཅིག་དམར་གླུ་ཟེར་བའི་ཏང་གི་དྲིལ་བསྒྲགས་ཤུགས་ཆེན་པོ་ཞིག་སློབ་གྲྭའི་ནང་དུ་སྤེལ་ཡོད་པ་དང་། ཡུལ་ཚོའི་སློབ་ཆུང་གི་སློབ་མ་རྣམས་རྫོང་སོ་སོའི་ཁུངས་གཏོགས་ཀྱི་དྲིལ་བསྒྲགས་ནང་དུ་ཞུགས་ཡོད་པ་དང་། གཙོ་བོ་སློབ་ཆུང་སློབ་མ་ཚོ་ལ་ཏང་དང་ཏང་གི་གཙོ་འཛིན་རྣམས་ལ་བསྟོད་གླུ་བཏང་བཅུག་འདུག མཐའ་མཚམས་སུ་ཡོད་པའི་བོད་པའི་རྫོང་ཁག་གི་ནང་དུ་ཏང་གི་དྲིལ་བསྒྲགས་སྤེལ་བ་ད་ལན་དང་པོ་མིན་པར་དེ་སྔོན་བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་རིས་ས་ཁུལ་གྱི་སྒར་རྫོང་དང་། རྩྭ་མདའ་རྫོང་། སྤུ་ཧྲེང་རྫོང་། རུ་ཐོག་རྫོང་བཅས་མཐའ་མཚམས་རྫོང་ཁག་ ༤ ནས་ཡོང་བའི་སློབ་འབྲིང་གི་སློབ་མ ༢༦ དང་། སྣེ་ཁྲིད་དགེ་རྒན་ ༥ མངའ་རིས་ཀྱི་སེང་གེ་ཁ་འབབ་ནས་པེ་ཅིན་དུ་ལྟ་སྐོར་དང་། ཏང་དང་འབྲེལ་བའི་ཆབ་སྲིད་དྲིལ་བསྒྲགས་ལ་སློབ་སྦྱོང་བྱེད་སླད་གཞུང་ཕྱོགས་ནས་ཁྲིད་ཡོད་འདུག བོད་ལྗོངས་ཀྱི་མཐའ་མཚམས་རྫོང་གི་སློབ་འབྲིང་སློབ་མ་པེ་ཅིང་དུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་པའི་བྱེད་སྒོ་ནི་པེ་ཅིང་དུ་བཅའ་སྡོད་བྱས་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཁང་གིས་རྒྱ་ནག་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་། རྒྱ་ནག་གི་མི་རིགས་ལས་དོན་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ཡིན་འདུག གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༥ ཟེར་བའི་མཛད་སྒོ་གཙོ་བོ་པེ་ཅིང་ནང་འཚོགས་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། བདུན་གཅིག་བྱས་རྗེས་གཟེངས་རྟགས། རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་བཅས་ལ་གཟེངས་བསྟོད་ཟེར་བའི་མཛད་སྒོ་འཚོགས་ཡོད་པ་དང་། དེ་དག་རྒྱ་ནག་རླུང་འཕྲིན་དང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཤིན་ཧྭ་དྲྭ་བས་བརྒྱུད་ས་གནས་གང་སར་ཐད་གཏོང་བྱ་རྒྱུ་དང་། མི་དམངས་དྲྭ་བ་དང་།...
རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ།
རྒྱ་ནག་གི་ཁྲིམས་གསར་དེ་ནི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་རྗེས་གཏན་འབེབས་བྱས་པའི་མི་རིགས་དབྱེ་འབྱེད་ཀྱི་ཁྲིམས་ཡིག་ཆེ་ཤོས་ཤིག་ཡིན་ཞིང་། ཁྲིམས་དེས་འཛམ་གླིང་ཁྱོན་ཡོངས་ཀྱི་མི་རིགས་རྩ་མེད་གཏོང་ཉེན་ཡོད་སྟབས་འཛམ་གླིང་ཡོངས་ནས་ཁྲིམས་དེ་ལ་ངོ་རྒོལ་བྱ་དགོས་པའི་འབོད་སྐུལ་ཞུས། The post རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། appeared first on བོད་ཀྱི་དུས་བབ།.
ཉི་འོང་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བར་སྐྱོན་བརྗོད་ཀྱིས་བསྒྲགས་གཏམ་སྤེལ་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༣༠ ཉིན་ཏཱོ་ཀྱོ་ནཱ་གཱ་ཏ་ཆོ་ (Nagatacho) རུ་རྟེན་གཞི་བྱས་པའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་རྟོག་ཞིབ་གནང་མཁན་གྱི་གྲོས་ཚོགས་ཚོགས་པ་དང་། བོད་དང་ཡུ་གུར། ལྷོ་སོག་བཅས་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་ཚོགས་པ་གསུམ་ནས་གསར་འགོད་ལྷན་ཚོགས་བསྐོང་ཚོགས་ཀྱིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བར་སྐྱོན་བརྗོད་ཀྱིས་བསྒྲགས་གཏམ་ཤུགས་ཆེ་སྤེལ་ཡོད། དེ་ཡང་གྲོས་ཚོགས་འཐུས་མི་ཧྥུ་རུ་ཡ་ཀེ་ཇི་ (Furuya Keiji) ལགས་དང་། ཡ་མ་ཏ་ནི་ཨེ་རི་ཀོ་ (Ms. Yamatani Eriko) ལགས། ཡ་མ་དྷ་ཧི་རོ་ཤི་ (Yamada Hiroshi) ལགས། ཨི་ཤི་བཱ་ཤི་རིན་ཏ་རོ་ (Ishibashi Rintaro) ལགས། ཨུ་ནོ་ཧི་རོ་ཞི་ (Ueno Hiroshi) ལགས་བཅས་ཐུན་མོང་ནས་ཉི་འོང་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་ཁྲིམས་གསར་དེ་ལ་ངོས་ལེན་མེད་ཅེས་གསུངས། བསྒྲགས་གཏམ་ནང་ཉི་འོང་གཞུང་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལྟ་ཞིབ་ནན་པོ་བྱེད་དགོས་པ་དང། དེ་བཞིན་རྒྱལ་མཚམས་ལས་བརྒལ་བའི་བྱེད་སྒོ་དག་ལ་དོ་དམ་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད། གྲོས་ཚོགས་འཐུས་མི་ཡ་མ་ཏ་ནི་ཨེ་རི་ཀོ་ (Ms. Yamatani Eriko)...
ཞི་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པས་འཛམ་གླིང་གི་འགྱུར་འགྲོས་ལ་གོམས་འདྲིས་དང་ཡར་རྒྱས་ལ་སྲུང་སྐྱོབ་དགོས་པ་བཤད་འདུག
ཁ་སང་ཕྱི་ཟླ་ ༧ ཚེས་ ༡ སྟེ་རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱས་ནས་ལོ་ངོ་ ༡༠༥ འཁོར་གྱི་ཡོད་པ་དང་བསྟུན། ལོ་འཁོར་དུས་སྟོན་གྱི་མཛད་སྒོའི་ཐོག་སྲིད་འཛིན་ཞི་ཅིན་ཕིང་གིས་དེང་དུས་འཛམ་གླིང་གི་འགྱུར་འགྲོས་ལ་གོམས་འདྲིས་དགོས་གལ་དང་། ཚོགས་པའི་ད་བར་གྱི་ཡར་རྒྱས་ལ་སྲུང་སྐྱོབ་དགོས་པའི་སྐུལ་མ་བྱས་འདུག དེ་ཡང་ Reuters བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཁ་སང་རེས་གཟའ་ལྷག་པའི་ཉིན་པེ་ཅིང་དུ་འཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་འཁོར་དུས་སྟོན་དེའི་ཐོག་སྲིད་འཛིན་ཞི་ཅིན་ཕིང་གིས་སྐར་མ་བཞི་བཅུ་རིང་གི་གཏམ་བཤད་ནང་། རྒྱ་ནག་གི་འཕེལ་རྒྱས་ཏེ་ད་ལྟའི་ཆར་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་གདོང་ལེན་མཉམ་དུ་གནས་པའི་དུས་སྐབས་ཤིག་ཏུ་ཡོད་པར་བརྟེན། ཚོགས་མི་ཡོངས་ནས་དེང་དུས་ཀྱི་འགྱུར་འགྲོས་ངོས་འཛིན་གྱིས་དེར་དཔག་པའི་གོམས་འདྲིས་དང་དུས་མཚུངས་སུ་ཚོགས་པའི་ལས་དོན་ལ་སྐུ་འདེད་བྱེད་དགོས་པ་མ་ཟད། ཚོགས་པའི་ངོས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་རྩོད་གཞི་ཁག་ལ་གདོང་ལེན་བྱ་ཆེད་དུ་འབད་བརྩོན་འབྲེལ་མཐུད་ལེགས་པར་དགོས་པ། ལྷག་པར་དུ་ཚོགས་པའི་འཕེལ་རྒྱས་དང་། སྐྱོན་བྲལ་རང་བཞིན། བདེ་ཐང་གི་སྒྲིག་འཛུགས་བཅས་ལ་གནོད་འཚེ་སྐྱེལ་བའི་ཆ་ཤས་རྣམས་མེད་པ་བཟོ་དགོས་པའི་སྐུལ་མ་བྱས་འདུག ཞི་ཅིན་ཕིང་གིས་ད་དུང་། ཐེ་ཝན་རྒྱལ་ནང་དུ་ཟླ་སྒྲིལ་གཏོང་རྒྱུའི་རྒྱ་ནག་གི་དམིགས་ཡུལ་བསྒྲུབ་པར་མདུན་སྐྱོད་བྱེད་དགོས་པ་དང་། ཐེ་ཝན་གྱི་གནད་དོན་སེལ་ཆེད་དུ་ཚོགས་པའི་འཐབ་ཇུས་ཆ་ཚང་བ་ལག་བསྟར་བྱེད་དགོས་པ་བཤད་འདུག་ཀྱང་། ཐེ་ཝན་གྱིས་དེར་ལན་འདེབས་སུ་ཞི་ཅིན་ཕིང་གི་གཏམ་བཤད་དེ་དག་བསྐྱར་ཟློས་ཙམ་ཡིན་པ་གང་ལྟར་ཡང་། ཐེ་ཝན་ངོས་ནས་རྒྱ་གཞུང་ལ་སྔོན་འགྲོ་ཆ་རྐྱེན་གང་ཡང་མེད་པར་མང་གཙོ་དང་ཁྲིམས་མཐུན་གྱི་སྲིད་གཞུང་དང་གྲོས་མོལ་བརྒྱུད་ཕྱོགས་གཉིས་ཀྱི་རྩོད་རྙོག་སེལ་དགོས་པའི་འབོད་སྐུལ་མུ་མཐུད་བྱེད་བཞིན་པ་བརྗོད་འདུག གནས་ཚུལ་ནང་གསལ། སྲིད་འཛིན་ཞི་ཅིན་ཕིང་གིས་ཁ་སང་གི་དུས་སྟོན་མཛད་སྒོའི་ཐོག་དེང་སྐབས་རྒྱ་ནག་ལ་གོ་སྐབས་དང་ཉེན་ཁ་མཉམ་དུ་ཡོད་སྐོར་བཤད་པ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ཁ་གསལ་བཟོས་མེད་སྟབས། གནད་དོན་དབྱེ་ཞིབ་པས། སྐབས་དེ་དུས་ཞི་ཅིན་ཕིང་གིས་གོ་སྐབས་དང་ཉེན་ཁའི་སྐོར་བཤད་པ་དེ་དག་ད་ལྟའི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དལ་དུ་ཕྱིན་པ་དང་ཡུལ་དེའི་མི་མང་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་གསལ་འདོན་བྱས་ཡོད་པ་བརྗོད་འདུག་ལ། ད་ལྟའི་ཆར་རྒྱ་ནག་ངོས་ལ་དགོས་མཁོའི་འཕྲུལ་རིག་སོགས་ཀྱི་ཐོག་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དམ་དྲག་བྱེད་བཞིན་པ་མ་ཟད། ཨ་རི་དང་ཚོང་འབྲེལ་གྱི་འཁྲུག་རྩོད་ཀྱང་ཆེ་རུ་འགྲོ་བཞིན་པ། དེ་བཞིན་ཐེ་ཝན་གྱི་གནད་དོན་ཡང་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་པ་སོགས་ཕྱི་རོལ་གྱི་གནས་སྟངས་མང་དག་ཅིག་གི་ཐོག་གདོང་ལེན་བྱ་དགོས་དུས། དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་རྒྱ་ནག་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ལ་སྟངས་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་གལ་ཆེའི་ལས་འགན་ཞིག་ཏུ་བརྩི་ཡི་ཡོད་བརྗོད་བཞིན་འདུག སྤྱིར་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧྭ་གསར་ཁང་གིས་བདུན་ཕྲག་འདིའི་རྩོམ་ཡིག་ཅིག་གི་ནང་། རྒྱ་ནག་དམར་ཤོག་ཚོགས་པ་དེ་བཞིན་ཕྱི་ལོ་ ༡༩༢༡ ལོར་རྒྱ་ནག་གི་གསར་བརྗེ་བ་མི་གྲངས་བཅུ་གྲངས་ལྷག་ཅིག་གིས་གསར་འཛུགས་བྱས་པ་ཞིག་ཡིན་ཀྱང་། ད་ཆ་ཚོགས་པ་དེའི་ཁོངས་ཀྱི་ཚོགས་མིའི་གྲངས་འབོར་ས་ཡ་བརྒྱ་ལྷག་ཡོད་པ་དང་། དེ་ནི་རྒྱ་ནག་གི་མི་འབོར་གྱི་བརྒྱ་ཆ་ ༧.༢...
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྒྲིག་འཛུགས་གོང་འཕེལ་བརྡ་སྟོན་དང་གྲངས་འཛིན་འཛིན་སྐྱོང་ལས་གཞིའི་ངོ་སྤྲོད་དང་ལས་དོན་རྒྱུས་ལོན་ཚོགས་འདུའི་དབུ་འབྱེད...
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢ ཉིན་ལས་བྱེད་གསོལ་ཐབ་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་ཀམ་པུ་ཊར་སྡེ་ཚན། ཨལ་གྷོ་སི་ཀེལ་བཅས་མཉམ་འབྲེལ་ཐོག་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་ཚོགས་ཁང་དུ་གོ་སྒྲིག་ཞུས་པའི་སྒྲིག་འཛུགས་གོང་འཕེལ་བརྡ་སྟོན་དང་གྲངས་འཛིན་འཛིན་སྐྱོང་ (ཚད་ལྡན་གྲངས་ཐོ་ལྡན་པའི་སྒྲིག་འཛུགས་འཛིན་སྐྱོང་གི་རྨང་གཞི།) ལས་གཞིའི་ངོ་སྤྲོད་དང་ལས་དོན་རྒྱུས་ལོན་ཚོགས་འདུའི་དབུ་འབྱེད་མཛད་སྒོར་ཚོགས་ཡོད།དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་དང་། དཔལ་འབྱོར་བཀའ་བློན་དོན་གྲུབ་ཚེ་རིང་མཆོག ཤེས་རིག་བཀའ་བློན་ཨུ་རྒྱན་བསྟན་འཛིན་མཆོག འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་བཅས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་འབྲེལ་ཡོད་ལས་བྱེད་བཅས་ཕེབས་ཞུགས་གནང་ཡོད།མཛད་སྒོའི་ཐོར་མར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ལས་འཆར་འགན་འཛིན་བསྟན་འཛིན་སྙིང་པོ་ལགས་ཀྱིས་འཚམས་འདྲི་དང་སྦྲགས་ལས་གཞིའི་ངོ་སྤྲོད་སྙིང་བསྡུས་ཤིག་གནང་སྒྲུབ་རྗེས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་ལགས་ཀྱིས་སྒྲིག་འཛུགས་གོང་འཕེལ་བརྡ་སྟོན་དང་གྲངས་འཛིན་འཛིན་སྐྱོང་གི་ལས་གཞི་འདིའི་ཐོག་ཕྱག་ལས་གནང་མཁན་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་ཀམ་པུ་ཊར་སྡེ་ཚན། དེ་བཞིན་ཨལ་གྷོ་སི་ཀེལ་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། དེ་སྔོན་བོད་མིའི་སྒྲིག་འཛུགས་ནས་ལས་དོན་ཕལ་ཆེ་བ་ཤོག་བུའི་སྟེང་ཡོད་པའི་སྙན་ཐོ་དང་། འགྲེམས་ཤོག་རིའུ་མིག དེ་བཞིན་ལས་བྱེད་ཀྱི་དྲན་པ་བཅས་ལ་གཞི་བཅོལ་གྱིས་ལས་དོན་ཐག་གཅོད་ཐོག་འཐུས་ཤོར་འགྲོའི་ཡོད་པས་དེ་དག་ཡར་རྒྱས་དང་གདོང་ལེན་ཆེད་ད་ལྟའི་ལས་གཞི་དེ་བཞིན་འགོ་འཛུགས་གནང་བ་ཞིག་དང་། ལས་གཞི་འདི་ལེགས་གྲུབ་དང་ལམ་ལྷོང་ཡོང་བར་ལྷན་ཁང་ཁག་དང་རང་དབང་ཅན་གྱི་སྡེ་ཚན་བཅས་ནས་ནུས་པ་མཉམ་སྤུངས་ཀྱིས་རྒྱབ་སྐྱོར་དང་ཕྱག་ལས་གནང་དགོས་པ་བཅས་གསུངས་ཡོད།དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག འདས་པའི་ལོ་ལྔའི་རིང་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་དོན་ཁ་ཕྱོགས་ཇི་འདྲ་ཞིག་ཏུ་འགྲོ་མིན་ཐད་ཕུགས་དམིགས་ཡིག་ཆ་བོད་ཀྱི་མ་འོངས་འགན་སྲུང་ཞེས་པ་འདོན་སྤེལ་གནང་ཡོད་པ་དང་། དེའི་ཐོག་བཀའ་ཤག་སྐབས་བཅུ་བདུན་ནས་ཡིག་ཆ་དེར་བསྐྱར་ཞིབ་ཀྱིས་ཡིག་ཆ་གསར་པ་ཞིག་འདོན་འཆར་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་། བོད་མིའི་སྒྲིག་འཛུགས་སྤྱི་ཡོངས་ཀྱི་ལས་དོན་གཙོ་བོ་ནི་བོད་དོན་བདེན་མཐའ་གསལ་རྒྱུ་དང་བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་དོན་གྲུབ་རྒྱུ་དེ་ཡིན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་ལས་བྱེད་རྣམས་ཀྱི་ནུས་པ་གོང་འཕེལ་གཏོང་བ་བརྒྱུད་ཆབ་སྲིད་ཀྱི་ལས་དོན་དང་སྤྱི་ཚོགས་ཀྱི་བདེ་དོན་གྱི་ལས་གཞི་ཁག་འཆར་གཞི་ཚད་ལྡན་ཐོག་ཚགས་ཚུད་གྲུབ་ཐུབ་ངེས་ཡིན་པ་གསུངས།ལས་གཞི་དེ་བཞིན་ཨ་རིའི་གཞུང་གིས་ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་ (National Democratic Institute) བརྒྱུད་རོགས་དངུལ་མཁོ་སྤྲོད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ནུས་སྟོབས་གོང་འཕེལ་དང་རྒྱུན་གནས་ཀྱི་ལས་གཞིའི་ཆ་ཤས་ཤིག་ཡིན་པ་དང་། ལས་གཞི་འདིའི་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་ད་བར་བྱས་ཟིན་པའི་ལས་དོན་ལ་རྒྱུས་ལོན་དང་མ་འོངས་ལས་དོན་ཇི་ཞིག་སྤེལ་དགོས་མིན་ཐོག་གོ་རྟོགས་གཏིང་ཟབ་ཡོང་བ་དང་། གྲངས་ཐོ་ཉར་ཚགས་བྱེད་པ་ལ་བརྟེན་ནས་མ་འོངས་པའི་སྲིད་བྱུས་འཛིན་སྟངས་དང་ལས་གཞིའི་ཐོག་ནུས་པ་ལྡན་པའི་ཐག་གཅོད་བྱེད་ཕྱོགས་བཅས་ལ་དགེ་ཚན་ཆེན་པོ་ཡོང་ངེས་ཡིན་པ་གསུངས། དེ་བཞིན་ཟླ་བ་གསུམ་གྱི་རིང་ལྷན་ཁང་སོ་སོའི་ཚན་པ་རེ་རེ་ནས་འབྲེལ་ཡོད་ལས་བྱེད་རྣམས་ནས་གྲངས་ཐོ་གང་ཞིག་ཉར་ཚགས་བྱེད་དགོས་མིན་ཐོག་ད་ལྟ་ནས་བསམ་བློ་སྟངས་དགོས་པ་དང་དེའི་བརྒྱུད་ལྷན་ཁང་སྤྱི་ཡོངས་ཀྱི་གྲངས་ཐོ་ངེས་ཅན་ཞིག་ཡོང་རྒྱུ་ཡིན་པ་མ་ཟད། གྲངས་ཐོ་ཉར་ཚགས་བྱེད་སྐབས་ཞིབ་ཚགས་གནང་དགོས་གལ་བཅས་ནན་བརྗོད་གནང་ཡོད་པ་བཅས། །
རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག
ཉེ་ལམ་རྒྱ་གར་གཞུང་གིས་འཁོར་སྐར་བརྒྱུད་རྒྱ་ནག་གཞུང་གིས་སུ་བྷན་སི་རུ་སྟེང་མ་རྫོང་ཁུལ་དུ་གཞུང་ལམ་གསར་རྒྱག་གིས་རླངས་འཁོར་ཤར་གཏོང་བྱེད་མུས་ཡིན་པ་ཤེས་རྟོགས་བྱུང་འདུག The post རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག appeared first on བོད་ཀྱི་དུས་བབ།.
དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཟབ་སྦྱོང་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོ་ཚོགས་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༣༠ ཉིན་རྒྱབ་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་འོག་མའི་ནང་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཟབ་སྦྱོང་ཐེངས་བཞི་པའི་དབུ་འབྱེད་མཛོད་སྒོ་བསྐོང་ཚོགས་གནང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གདན་ཞུ་གནང་ཡོད། དེ་ཡང་མཛོད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་གིས་སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་འབུལ་དང་མར་མེ་ཞལ་ཕྱེ་གནང་རྗེས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སློབ་མ་རྣམས་དང་ཁྱིམ་བདག་བཅས་ཚོགས་མི་ཡོངས་ལ་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་པ་དང་། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་དབྱར་དུས་བོད་ཀྱི་ཟློས་གར་ཟབ་སྦྱོང་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་བ་རྗེས། སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་ནས་བཀའ་སློབ་གནང་བའི་ནང་། ད་ལན་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཟབ་སྦྱོང་ཐེངས་བཞི་པའི་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་ཚོས་སློབ་གྲྭའི་གུང་གསེང་དང་བསྟུན་ཏེ་བོད་ཀྱི་ཟློས་གར་རིག་གཞུང་སློབ་སྦྱོང་གནང་བར་ཕེབས་པར་འཚམས་འདྲི་ཞུ་རྒྱུ་དང་། དེ་བཞིན་སློབ་ཕྲུག་ཚོར་རྒྱབ་སྐྱོར་གནང་མཁན་གྱི་ཕ་མ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་སོང་།སྤྱིར་སློབ་ཕྲུག་རྣམ་པས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཐོག་ཟླ་བ་གཅིག་རིང་སློབ་སྦྱོང་གནང་སྐབས་ངེས་པར་དུ་སློབ་ཕྲུག་ཕན་ཚུན་བཀའ་མོལ་གནང་སྐབས་བོད་སྐད་ཀྱི་ལམ་ནས་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ད་སྐབས་བོད་ནང་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ཞིག་དང་། བཅའ་སྡོད་སློབ་གྲྭའི་གནས་སྟངས་འོག་བོད་ནང་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སྤེལ་དང་སྤེལ་བཞིན་པར་སོང་། ང་ཚོ་བཙན་བྱོལ་དུ་ཡོད་པའི་གཞོན་ནུ་ཚོས་རང་མི་རིགས་ཀྱི་སྐད་ཡིག་ལ་ཐུགས་སྣང་གནང་དགོས་པ་དང་། དེ་བཞིན་བོད་ཀྱི་ཟློས་གར་རིག་གཞུང་སྤྱི་དང་རྐང་བྲོ་གླུ་གཞས་སོགས་ལ་དོ་སྣང་དང་འབད་བརྩོན་གནང་བ་དང་ལྷུན་དུ་རང་ཉིད་ཀྱི་འཕྲོད་བསྟེན་ལའང་ཐུགས་སྣང་དགོས་པའི་གསུང་བཤད་གནང་གྲུབ་མཚམས་བོད་ཀྱི་ཟློས་གར་ཚོགས་པའི་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ཐུགས་རྗེ་ཆེ་གསུང་བཤད་གནང་སྟེ་མཛད་རིམ་རྒྱལ་ཁའི་ངང་གྲུབ་ཡོད། སྤྱིར་ད་ལན་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཟབ་སྦྱོང་འདི་ཉིད་ཕྱི་ཟླ་ ༧ ཚེས་ ༠༡ ནས་ ༣༡ བར་ཚོགས་ཀྱིན་ཡོད་པ་དང་། ཟབ་སྦྱོང་འདིའི་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་བཞི་ཙམ་ནས་སློབ་ཕྲུག་བཅུ་བདུན་ཙམ་མཉམ་ཞུགས་གནང་ཡོད། །
དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་ལ་དྭགས་ས་གནས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༤ ནས་ ༧ བར་ལ་དྭགས་སླེ་བྱང་ཁུལ་དུ་༸སྐུའི་གོ་སྟོན་གྱི་མཇུག་བསྡོམས་མཛད་སྒོ་དང༌། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་མཛད་སྒོར་མཉམ་ཞུགས་གནང་རྒྱུའི་ཆེད། ཕྱི་ཟླ་ ༧ ཚེས་ ༤ ཉིན་དྷ་ས་ནས་མཁའ་ལམ་བརྒྱུད་ལ་དྭགས་ས་གནས་སུ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༧ ཉིན་མཁའ་ལམ་བརྒྱུད་ལ་དྭགས་ནས་ཕྱིར་དྷ་སར་ཕེབས་གནང་རྒྱུ་ཡིན་པ་བཅས། །
དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ལ་དྭགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༧ པའི་ཚེས་ ༦ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་སྐུ་མགྲོན་དུ་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད། དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༧ པའི་ཚེས་ ༣ ཉིན་བཞུགས་སྒར་དྷ་རམ་ས་ལ་ནས་ཨམ་རིཏ་སར་ (Amritsar) ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༤ ཉིན་རྒྱལ་ས་ལྡི་ལི་ནས་ལ་དྭགས་སུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༥ ནས་ ༧ བར་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༨ ཉིན་ལ་དྭགས་ནས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༩ ཉིན་ལྡི་ལི་ནས་བཞུགས་སྒར་དྷ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༣ ནས་ ༡༦ བར་ཉིན་གྲངས་བཅུ་བཞིའི་རིང༌དྷ་ས་ནས་ཀུལླུམ་ནཱ་ལི་བརྒྱུད་ལ་དྭགས་སླེ་བྱང་ཁུལ་དུ་༸སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་ལེགས་གྲུབ་ཀྱི་མཇུག་བསྡོམས་མཛད་སྒོ་དང༌། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་མཛད་སྒོར་མཉམ་ཞུགས་གནང་རྒྱུ་དང་། དེ་བཞིན་ཕྱི་ཚེས་ ༥ ནས་ ༡༢ བར་ལ་དྭགས་སླེ་བྱང་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་ཕྱོགས་ཕེབས་དང༌། ཕྱི་ཚེས་ ༡༣ ནས་ ༡༥ བར་ཀུལླུམ་ནཱ་ལི་ཕྱོགས་སུ་ཕེབས་ཐོན་གྱི་གཞུང་འབྲེལ་འཚམས་གཟིགས་གནང་གཏན་འཁེལ་ཡོད་པ་བཅས།།
ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་བདུན་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་...
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡ ཉིན་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་བདུན་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཕེབས་ཞུགས་གནང་ཡོད། དེ་ཡང་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་གི་སྐུའི་ཕྲེང་བ་འཛིན་པ་༧སྐྱབས་རྗེ་སླེ་ལུང་རིན་པོ་ཆེ་མཆོག་གི་རྐང་འགན་ཁུར་འོག་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་བདུན་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཞིག་བོད་ཀྱི་ཟློས་གར་ཚོགས་པར་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་༧སྐྱབས་རྗེ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་ཆེ་མཆོག་གིས་དབུས་པའི་མཁན་བླ་སྤྲུལ་རྣམ་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ཡུལ་ལུང་འདྲ་མིན་ནས་ཕེབས་པའི་ཚོགས་བཅར་བ་སོགས་ལྷན་ཞུགས་གནང་ཡོད།མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་དཔལ་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག སྔ་འགྱུར་རྙིང་མའི་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་བཅས་ནས་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་བདུན་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་སྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་ཡོད། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་དེ་རིང་ཕྱི་ཟླ་ ༧ ཚེས་ ༡ ཉིན་མོ་འདི་བཞིན་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་ལག་བསྟར་འོག་འཛུགས་ཡིན་ལུགས་ཀྱི་ཉིན་མོ་ཞིག་ཡིན་སྐོར་དང་འབྲེལ། ཁྲིམས་ཡིག་གསར་པ་དེ་མིང་ལ་མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་གོང་འཕེལ་ཡིན་ལུགས་བརྗོད་ཀྱི་ཡོད་ཀྱང་། དོན་དངོས་སུ་བོད་གཙོ་བོར་བྱས་པའི་དབང་སྒྱུར་འོག་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་སོ་སོའི་ཁྱད་ཆོས་ཙམ་ཡང་ཉར་ཚགས་ལ་དམ་བསྒྲགས་ཇེ་ཆེར་གཏོང་བའི་ཁྲིམས་ཤིག་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། བཙན་བྱོལ་རང་དབང་ལུང་པར་གནས་འཁོད་བོད་མི་རྣམས་ནས་རང་མི་རིགས་ཀྱི་ཁྱད་ནོར་གཅེས་འཛིན་དགོས་ལ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་ཕ་མ་རྣམས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་བཀུར་བའི་འོས་འགན་ཤེས་པའི་ཐོག་ནས་ཆེ་བཞག་ཆུང་སྐྱུར་གྱིས། བོད་སྐད་བོད་ཡིག་ཤེས་མཁན་གྱི་བུ་ཕྲུག་གསོ་སྐྱོང་དགོས་པའི་ཞབས་སྐུལ་གནང་ཡོད་པ་རེད།ཕྱོགས་མཚུངས་མཛད་སྒོའི་ཐོག་བོད་མིིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་མིང་སྙིང་རྗེ་བོ་ཞིག་འོག་པའི་ངན་བྱུས་བཤམས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བའི་སྲིད་བྱུས་ཤིག་ཡིན་པར། ཁྲིམས་ཡིག་གསར་པ་དེ་ཁྲིམས་དང་བཟང་སྤྱོད་གཉིས་ཀའི་ཐོག་ནས་འགལ་ཡོད་པ་གསལ་འདོན་དང་འབྲེལ། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས། ཚོགས་སྡེ་ཁག་ལ་རྒྱ་ནག་གི་ཁྲིམས་ཡིག་གསར་པ་དེས་བོད་ཙམ་དུ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་ཉེན་ཚབས་ཆེ་བའི་སྐོར་གསལ་བཀྲོལ་གྱིས་ཁྲིམས་ཡིག་དེར་དགག་པ་དང་བསྐྱར་ཞིབ་ཡོང་རྒྱུར་ཞུ་སྐུལ་གྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་སྐོར་གསུངས་ཡོད་པ་མ་ཟད། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱལ་སྤྱིའི་སྟེང་བོད་དོན་རྒྱབ་སྐྱོར་གྱི་གནས་བབས་སྲ་བརྟན་དུ་གཏོང་རྒྱུར་འཐུས་ཤོར་མེད་པར་འབད་པ་ཧུར་སྐྱེད་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་གནང་ཡོད།སྐབས་དེར་༧སྐྱབས་རྗེ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་བདུན་བརྒྱ་འཁོར་བའི་དུས་སྟོན་འདི་བཞིན་སྤྱིར་བོད་གངས་ཅན་ལྗོངས་ཀྱི་བསྟན་འགྲོ་དང་ཁྱད་པར་དུ་རི་བོ་དགེ་ལྡན་པའི་བསྟན་པའི་རྗེས་འཇུག་ཡོངས་ལ་གལ་འགངས་ཆེ་བའི་དུས་ཚིགས་ཤིག་ཡིན་སྐོར་གསུངས་ཤིང་། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་ནི། བོད་བརྒྱུད་ནང་བསྟན་ཁྲོད་དམིགས་བསལ་གྱི་མཛད་རྗེས་ཡོད་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་ལ། དམ་པ་ཁོང་ནི་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་ཡོངས་འཛིན་གཙོ་གྲས་ཤིག་ཡིན་སྐོར་དང་འབྲེལ། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་གི་རྣམ་ཐར་རྗེས་དྲན་ཞུས་པ་གཅིག་པུ་མ་ཡིན་པར་རང་ཉིད་རྣམ་ཐར་རྗེས་སུ་སློབ་དགོས་པའི་གལ་འགངས་ཆེན་པོ་ཡིན་པའི་ལམ་སྟོན་གནང་ཡོད། །























