Archive - Tibet Tribune

Latest

Tibetan Chief Justice Commissioner Yeshi Wangmo Attends 37th Birthday Event of the 11th Panchen Lama, Gedhun Choekyi Nyima

Dharamshala: Chief Justice Commissioner of the Tibetan Supreme Justice Commission (CTA), Yeshi Wangmo, visited the Bylakuppe Tibetan Settlement on an official trip to attend the 37th birthday celebration of the 11th Panchen Lama, Jetsun Tenzin Gedhun Yeshi Trinley Phuntsok...

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་སྦེལ་ཀོབ་ས་གནས་སུ་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ།

    ༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༢༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣༌༤༠ ཐོག་སྦེང་ལོར་གནམ་ཐང་དུ་ཕེབས་འབྱོར་སྐབས། དཔལ་ལྡན་གདན་ས་བཀྲ་ཤིས་ལྷུན་པོའི་རིག་གཞུང་འཛིན་སྐྱོང་བླ་སྤྱི་ལྷན་ཁང་གི་སྐུ་ཚབ་དང་། སྦེལ་ཀོབ་ལུགས་བདེ་ས་གནས་འགོ་འཛིན་རྣམ་གཉིས་ཀྱི་སྐུ་ཚབ་བཅས་ནས་ཕེབས་བསུ་སྣེ་ལེན་ཞུས་རྗེས། གདན་སའི་སྣུམ་འཁོར་ནང་སྦེལ་ཀོབ་ས་གནས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་གདན་ས་བཀྲ་ཤིས་ལྷུན་པོར་དགོང་མོ་ཆུ་ཚོད་ ༩༌༥༠ ཐོག་ཕེབས་འབྱོར་མཚམས། གདན་ས་བཀྲ་ཤིས་ལྷུན་པོའི་༧སྐྱབས་རྗེ་མཁན་རིན་པོ་ཆེ་གཟིགས་རྒྱབ་སྤྲུལ་སྐུ་མཆོག་དང་། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས། སྦེལ་ཀོབ་བདེ་སླར་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ངག་དབང་བསྟན་འཛིན་ལགས། ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་པ་ཕུན་ཚོགས་དཔལ་ལྡན་ལགས། དགོན་པའི་དབུ་ཆོས་རྣམ་པ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། དེ་ནས་དགོན་པའི་ནང་གནས་གཟིགས་སུ་ཕེབས་རྗེས། རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་གནང་སོང་།ཕྱི་ཚེས་ ༢༥ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༨༌༣༠ ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གདན་ས་བཀྲ་ཤིས་ལྷུན་པོའི་ཚོགས་ཆེན་འདུ་ཁང་ཆེན་མོའི་མདུན་ཐང་དུ་ལྷན་འཛོམས་ཀྱིས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་དབུ་འཕང་དགུང་དུ་འདེགས་པའི་བསང་གསོལ་ཟབ་རྒྱས་གནང་བའི་ནང་ཕེབས་བཞུགས་གནང་རྗེས། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དམིགས་བསལ་སྐུ་མགྲོན་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། གདན་ས་བཀྲ་ཤིས་ལྷུན་པོའི་༸སྐྱབས་རྗེ་མཁན་རིན་པོ་ཆེ་གཟིགས་རྒྱབ་སྤྲུལ་སྐུ་མཆོག་དང་ལས་སྣེ་དབུ་ཆོས་རྣམ་པ།  ཕྱོགས་བཞུགས་སྤྱི་འཐུས་བཞི། ས་གནས་ཁྲིམས་ཞིབ་པ། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་བཅས་ཀྱིས་ལྷན་དུང་རྒྱ་སྤོས་སྣེས་སྔོན་བསུ་དང་། བཀྲ་ཤིས་ཞོལ་པ་དང་རྔ་རོལ་བཅས་ཏེ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཛད་སྒོའི་བཞུགས་ཁྲིར་གདན་འདྲེན་ཞུས་ཏེ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོ་དངོས་སུ་དབུ་འཛུགས་གནང་སོང་།མཛད་སྒོ་གྲོལ་རྗེས། གདན་ས་བཀྲ་ཤིས་ལྷུན་པོ་ནས་གོ་སྒྲིག་ཞུས་པའི་པར་རིས་དང་།...

China-linked online disinformation campaign targetted the exile Tibetan election

(TibetanReview.net, Apr28’26) – A China-linked online influence campaign attempted to undermine elections for the Tibetan parliament-in-exile for which polling was held over the weekend (Apr 26) in some 27 countries, but was largely ineffective, reported therecord.media Apr 27, citing...

Amherst Honors Dalai Lama’s 90th Birthday With Focus on Compassion

Amherst, Massachusetts, hosted public events and lectures led by Tibetan scholar Geshe Thupten Jinpa to celebrate the Dalai Lama's 90th birthday this April.

First-Ever Conclave Honors Tibetan Freedom Fighters in Dharamshala

CTA hosted its first Conclave of Tibetan Freedom Fighters in Dharamshala, awarding the historic Tibet Medal to 89 veteran resistance members and prisoners.

Tibet remains closed to foreigners as China maintains strict access curbs

The United States State Department's Bureau of East Asian and Pacific Affairs, in its latest annual report to Congress under the Reciprocal Access to Tibet Act of 2018, has stated that Tibet Autonomous Region (TAR) remains the only territory...

Tashi Lhunpo Monastery Marks 37th Birthday of Missing Panchen Lama

Tashi Lhunpo Monastery marked the 37th birthday of the missing 11th Panchen Lama, renewing global calls for his release after 31 years in Chinese captivity.

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་ཐེངས་གསུམ་པའི་ནང་རྒྱ་བལ་གཉིས་གཙོས་ཨ་རི་དང་། ཁེ་ན་ཊ། ཧྥ་རན་སི། ཡུ་རོབ་བཅས་ནས་རང་ལོ་ ༤༠ ཡན་གྱི་སྐྱེས་པའི་རུ་ཁག་ ༢༤ ཡིས་མཉམ་ཞུགས་གནང་གི་ཡོད་འདུག ཨ་ཕ་རྐང་རྩེད་སྤོ་ལོའི་ཚོགས་པའི་གོ་སྒྲིག་འོག་ལོ་རེ་བཞིན་རང་ལོ་བཞི་བཅུ་ཡན་གྱི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་འཚོག་གི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ནས་ ༡༥ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་ཀྱི་རྩེད་ཐང་དུ། ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་ཐེངས་པ་གསུམ་དེ་འཚོག་རྒྱུ་ཡིན་པ་དང་། འདི་ལོའི་རྩེད་འགྲན་ཁྲོད་རྒྱ་བལ་གཉིས་གཙོས་ཨ་རི་དང་།  ཁེ་ན་ཊ། ཧྥ་རན་སི། ཡུ་རོབ་བཅས་ནས་རང་ལོ་ ༤༠ ཡན་གྱི་སྐྱེས་པའི་རུ་ཁག་ ༢༤ ཡིས་མཉམ་ཞུགས་གནང་རྒྱུ་ཡིན་འདུག ཐེངས་འདིར་འབྲས་ལྗོངས་རྐང་སྤོལ་ཚོགས་པའི་ཤན་འབྱེད་པ་སྐྱེས་པ་གསུམ་དང་བུད་མེད་ལྔ་བཅས་གདན་འདྲེན་ཞུས་ཡོད་འདུག ཐེངས་འདིའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་སྐོར་ལ་ཨ་ཕ་རྐང་རྩེད་སྤོ་ལོ་ཚོགས་པའི་ཚོགས་གཙོ་ཚེ་རིང་ཡེ་ཤེས་ལགས་ཀྱིས་འདི་གའི་གསར་འགོད་པར། པཱ་ལགས་རྐང་སྤོལ་རྩེད་འགྲན་བཟོས་པའི་དམིགས་ཡུལ་ནི་འགྲན་བསྡུར་རྫིག་པོ་ཞིག་བྱེད་པའི་ཆེད་དུ་མ་རེད། རང་ལོ་བཞི་བཅུ་བརྒལ་བའི་པཱ་ལགས་རྣམས་ཁྱིམ་གྱི་ཨ་ཕ་དང་སྤྱི་ཚོགས་ནང་དུ་འགན་འཁུར་མཁན་སྒལ་ཚིགས་ལྟ་བུ་ཆགས་ཡོད། ཡིན་ནའང་། ང་ཚོའི་སྤྱི་ཚོགས་ནང་ལོ་བཞི་བཅུ་བརྒལ་ན་མི་ཚེ་རྫོགས་པ་ལྟར་རྩེད་མོ་སོགས་བཞག་གི་ཡོད་པས། ཁྲག་དང་། རླུང་། གཅིན་སྙི་སོགས་ཀྱི་ན་ཚ་འབྱུང་མགོ་འཛུགས་ཀྱི་འདུག ཉི་ཧོང་གཙོས་འཛམ་གླིང་གི་ས་གནས་ཁག་ཏུ་རང་ལོ་ ༩༠ བསླེབས་ཀྱང་འཕྲོད་བསྟེན་ཆེད་དུ་རྩེད་འགྲན་ནང་དུ་མཉམ་ཞུགས་བྱེད་བཞིན་ཡོད། བོད་པའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡག་པོ་ཆགས་པར་དམིགས་ནས་ཕྱི་ལོ་ ༢༠༢༤...

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། The post ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། appeared first on བོད་ཀྱི་དུས་བབ།.

༸གོང་ས་མཆོག་གིས་རྒྱ་གར་ཆཏྟིས་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ཝེད་ནམ་ནང་ཆོས་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ་འདུག

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༨ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  རྒྱ་གར་དབུས་སུ་ཆགས་པའི་ Chattisgarh ཆ་ཏྟིས་གྷར་མངའ་སྡའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Bhupesh Baghel བྷུ་པེཤ་བ་གྷེལ་ལགས་དང་། ཝེད་ནམ་དྲྭ་ཐོག་ནང་ཆོས་ཆེད་སྦྱོང་འཛིན་གྲྭའི་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ་བ་དང་འབྲེལ།  རྒྱ་གར་ནང་ཉམས་ཟིན་པའི་ནང་པ་སངས་རྒྱས་པའི་བསྟན་པ་དེ་ང་ཚོས་བོད་ནས་ཕྱི་ལ་འཁྱེར་ཡོང་ཐུབ་པ་དེ་ཞེ་དྲག་གི་ཡག་པོ་བྱུང་ཡོད་པ་བཀའ་སྩལ་འདུག དེ་ཡང་མཇལ་ཁ་གྲུབ་མཚམས་འདི་གའི་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད།   རྒྱ་གར་ཆ་ཏྟིས་གྷར་མངའ་སྡའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Bhupesh Baghel ལགས་ཀྱིས།  ༸གོང་ས་མཆོག་དེ་སྔ་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༣ ཚེས་ ༧ ཉིན་ཆ་ཏྟིས་གྷར་མངའ་སྡའི་ནང་མཛད་འཆར་ཁག་གཅིག་དང་འབྲེལ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་།  སྐབས་དེ་དུས་༸གང་ཉིད་མཆོག་གིས་ཁུལ་དེར་ཡོད་པའི་མགོན་པོ་ཀླུ་སྒྲུབ་ཀྱིས་སྒོམ་བསྐྱོན་གནང་སའི་ Shivpur གནས་ཆེན་དུའང་ཆིབས་སྒྱུར་མཛད་ཡོད་པ་ལྟར།  དེ་རིང་མཇལ་ཁའི་ཁྲོད་དེའི་སྐོར་༸གང་ཉིད་མཆོག་ལ་དྲན་སྐུལ་ཞུས་ཡིན་ཅེས་ཆ་ཏྟིས་གྷར་མངའ་སྡེ་དང་༸གོང་ས་མཆོག་དབར་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པ་དང་།  དེ་རིང་༸གོང་ས་མཆོག་མཇལ་ཁ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཅེས་བོད་དང་རྒྱ་གར་དབར་ཆོས་ཕྱོགས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་པ་གསུངས་སོང་།  འདི་གའི་གསར་འགོད་པས་སྐུ་ཞབས་ཁོང་ལ་རྒྱ་ནག་གིས་༸སྐུའི་ཡང་སྲིད་ངོས་འཛིན་ཐད་ཐེ་ཇུས་བྱེད་བཞིན་པའི་ཐོག་དགོངས་ཚུལ་བཀའ་འདྲི་ཞུ་སྐབས་ཁོང་གིས།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་རྒྱ་གར་དེ་སྔའང་བཞེངས་ཡོད་ལ་མ་འོངས་པའང་དེ་ལྟར་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་སོང་།  དེ་བཞིན་དེ་རིང་མཇལ་ཁ་ཞུ་མཁན་ཁོངས་སུ་ཝེད་ནམ་དྲྭ་ཐོག་ནང་ཆོས་ཆེད་སྦྱོང་འཛིན་གྲྭའི་སློབ་གཉེར་བ་སོགས་སྣེ་ཁྲིད་གནང་མཁན་དྷ་ས་མཚན་ཉིད་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས།  དེ་གའི་རིགས་ལམ་སློབ་གཉེར་ཁང་གིས་དེ་སྔོན་ཕྱི་ལོ་ ༢༠༢༤ ནས་འགོ་འཛུགས་ཀྱིས་ཝེད་ནམ་ནང་གནས་བཞུགས་དད་ལྡན་མི་མང་ ༢༠༠...

རྒྱ་ནག་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་ནང་ཐེ་བྱུས་བྱས་ཀྱང་ལམ་ལྷོང་བྱུང་མིན་འདུག

ཉེ་ལམ་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་འགྲོ་བཞིན་པའི་སྐབས་རྒྱ་ནག་གཞུང་གིས་དེར་ཐེ་བྱུས་བྱེད་ཐབས་བྱས་ཀྱང་ལམ་ལྷོངས་བྱུང་མེད་པ་མངོན་གསལ་གནང་འདུག དེ་ཡང་ཁ་སང་ therecord.media གསར་ཁང་གི་དྲ་གནས་ཐོག་ Digital Forensic Research Lab ཞིབ་འཇུག་ཁང་གི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། ཁ་ཉིན་ཚེས་ ༢༦ ཉིན་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞི་འོས་བསྡུ་ཆེན་མོ་དང་བསྟུན། སྐབས་དེར་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་དྲ་ལམ་མང་དག་ཅིག་གིས་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞི་འོས་བསྡུ་ཆེན་མོའི་ནང་བཅོས་མའི་རིག་ནུས་ཀྱི་བཟོས་པའི་པར་རིས་འདྲ་མིན་བཟོས་ཏེ་འོས་བསྡུ་ལས་རིམ་ལ་གནོད་སྐྱོན་གཏོང་ཐབས་བྱས་ཀྱང་ཤུགས་རྐྱེན་ཆེན་པོ་ཐེབས་མེད་པ་མངོན་གསལ་གནང་འདུག སྙན་ཐོ་ནང་གསལ་ལྟར་ན། བཙན་བྱོལ་བོད་མིའི་འོས་བསྡུའི་ཆེན་མོའི་ནང་ཐེ་བྱུས་བྱེད་མཁན་དང་གནོད་སྐྱོན་གཏོང་ཐབས་བྱེད་མཁན་གྱི་ངོ་དེབ་ཁ་བྱང་ ༩༠ དང་ Insta ཨིནྶ་ཊ་ཁ་བྱང་ ༡༣ ར་སྤྲོད་བྱུང་ཡོད་པ་མ་ཟད། ཁ་བྱང་དེ་དག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་ཉེས་འཛུགས་དང་སྦྲགས་དབང་ཆ་ལ་འདོད་རྔམ་ཡོད་ཚུལ་བརྗོད་དེ་དམའ་འབེབས་བྱས་འདུག་པ་དང་། ཡང་ཁག་ཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་དེ་བཞིན་ཁྲིམས་མཐུན་རང་བཞིན་ཡིན་མིན་ལ་དོགས་པ་བསླངས་ཏེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྩོད་གླེང་ཇེ་ཆེར་བཏང་བ་དང་འབྲེལ་འོས་ཤོག་དེ་བཞིན་རྫུན་མ་ཡིན་ཚུལ་བསྟན་ཐབས་བྱས་འདུག་པ་དང་སྦྲགས། ཁ་བྱང་དེ་དག་གིས་བོད་མི་སྤྱི་ཚོགས་དྲ་ལམ་གྱི་ཚོགས་པ་འདྲ་མིན་ནང་སིམ་འཛུལ་བྱས་ནས་རྫུན་གཏམ་སྤེལ་ཐབས་བྱས་ཡོད་པ་མངོན་གསལ་གནང་འདུག རྩ་བའི་རྒྱ་ནག་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་དྲ་ལམ་དེ་དག་གིས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་ཐབས་བྱས་ཀྱང་ཞིབ་འཇུག་སྙན་ཐོ་ནང་གསལ་ལྟར་ན། རྫུན་གཏམ་དང་པར་རིས་རྫུན་མ་དེ་དག་ལ་མི་མང་ཉུང་ཤས་ཤིག་གིས་ལྟ་ཀློག་བྱས་པ་ལས་དམིགས་ཡུལ་ལྟར་ལམ་ལྷོང་བྱུང་མེད་པ་ར་སྤྲོད་བྱུང་ཡོད་པ་མ་ཟད། རྒྱ་ནག་གིས་བཙན་བྱོལ་བོད་མི་རྣམས་ལ་དམིགས་པའི་རྫུན་གཏམ་རྒྱུན་མ་ཆད་པར་སྤེལ་ཡོད་པ་མངོན་གསལ་དང་། དེ་སྔ་ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གིས་རྒྱལ་སྤྱི་བོད་དོན་འབྲེལ་འཐུད་ལས་ཁང་དང་འབྲེལ་བའི་ལྐོག་ཟ་རུལ་སུངས་ཀྱི་སྐྱོན་འཛུགས་ཤིག་ཀྱང་ཁྱབ་སྤེལ་བྱས་ཡོད་པ་མ་ཟད། སྤྱི་ཚོགས་དྲ་ལམ་ཁ་བྱང་དེ་དག་གིས་དེ་སྔ་ཕྱི་ལོ་ ༢༠༢༢ ལོའི་ནང་ལའང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཐེ་བྱུས་དང་གནས་ཚུལ་རྫུན་གཏམ་སྤེལ་ཡོད་པ་ཤེས་རྟོགས་བྱུང་འདུག གཞི་རྩའི་འདི་ལོར་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་ཁེལ་ཡོད་པ་དང་བསྟུན། ཟླ་ ༢ ཚེས་ ༡...

The story of birds: a new history from their dinosaur origins – extract of Steve Brusatte’s new book

I will never forget my first dinosaur wing. I was a college student, on my first international expedition, preparing to venture into the mountains of Tibet in search of Jurassic dinosaurs. Our team assembled in Beijing, and as we rushed through the galleries and storehouses of the Institute of Vertebrate Paleontology and Paleoanthropology, I stole a fleeting glance, from across the room. A skeleton of the little carnivore Microraptor, its long arms unfurled, adorned with feathers forming a broad sheet. The wings sparkled in the low light; I was mesmerised. And then we were hustled along.

ཀིམ་ཇོང་ཨུན་གྱིས་རང་སྲོག་རང་གིས་གཅོད་པ་དེ་དཔའ་བོ་ཡིན་ཞེས་བསྔགས་བརྗོད་བྱས།

[དྷ་རམ་སར།] ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༧ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ར་ཤི་ཡ་དང་ཡུག་རེན་གྱི་དམག་འཁྲུག་ནང་། ར་ཤི་ཡར་རྒྱབ་སྐྱོར་བྱེད་མཁན་བྱང་ཀོ་རི་ཡའི་དམག་མི་སྟོང་ཕྲག་མང་པོ་གཏོང་བཞིན་པའི་ཁྲོད། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་གྱིས་རང་གི་དམག་མི་ཚོར་དགྲ་བོའི་ལག་ཏུ་བཙན་བཟུང་མི་ཕོག་པའི་ཆེད་དུ། The post ཀིམ་ཇོང་ཨུན་གྱིས་རང་སྲོག་རང་གིས་གཅོད་པ་དེ་དཔའ་བོ་ཡིན་ཞེས་བསྔགས་བརྗོད་བྱས། appeared first on བོད་ཀྱི་བང་ཆེན།.

རྒྱ་ནག་གི་ས་ཁུལ་གཞན་དང་མི་འདྲ་བར་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་རྒྱུར་དམ་དྲག་ཆེ་བ་ཡོད་པ་མངོན་གསལ་གནང་འདུག

ཨ་རི་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་གཏན་བེབས་གནང་བའི་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཀྱི་ཁྲིམས་སྒྲིག་གི་འབྲུ་དོན་འོག་ནས་ཉེ་ཆར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་སྡེ་ཚན་གྱི་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཀྱི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ཞིག་ཨ་རིའི་གྲོས་ཚོགས་ལ་འགོད་འབུལ་ཞུས་པའི་ནང་དུ། རྒྱ་ནག་གི་ས་ཁུལ་གཞན་ལས་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་པའི་བོད་ཀྱི་ས་ཁུལ་གཞན་ཁག་ཏུ་འགྲུལ་བསྐྱོད་བྱ་རྒྱུར་དམ་དྲག་ཆེ་བ་ཡོད་པ་མངོན་གསལ་གནང་འདུག རྩ་བའི་ཕྱི་ལོ་ ༢༠༡༨ ལོར་ཨ་རི་གྲོས་ཚོགས་གོང་འོག་གཉིས་ཀྱིས་གཏན་འབེབས་རྗེས། ཨ་རིའི་སྲིད་འཛིན་གྱི་མཚན་རྟགས་བཀོད་པ་དང་འབྲེལ་ནས་ཨ་རིའི་ཁྲིམས་སུ་གྱུར་བའི་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཀྱི་ཁྲིམས་སྒྲིག་འོག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ལོ་ལྟར་ཨ་རིའི་གྲོས་ཚོགས་ལ་ཨ་རིའི་ངོས་ནས་རྒྱ་ནག་གི་དཔོན་རིགས་དང་གསར་འགོད་པ། དེ་བཞིན་མི་སེར་རྣམས་ལ་ཨ་རིའི་ནང་དུ་བཀག་སྡོམ་མེད་པའི་ཐོག་ནས་བསྐྱོད་རྒྱུའི་རང་དབང་སྤྲད་ཀྱི་ཡོད་པ་བཞིན། རྒྱ་ནག་གི་ངོས་ནས་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་ཨ་རིའི་མི་སེར་རྣམས་ལ་བོད་ནང་དུ་བསྐྱོད་རྒྱུར་རང་དབང་གཅིག་མཚུངས་སྤྲད་དགོས་པའི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ཞིག་འགོད་འབུལ་ཞུ་དགོས་ཀྱི་ཡོད་པ་རེད། སྙན་ཐོ་དེའི་ནང་དུ་རྒྱ་ནག་གི་ས་ཁུལ་གཞན་དང་བོད་ནང་དུ་འགྲུལ་བསྐྱོད་རང་དབང་གི་གནས་སྟངས་དང་། བོད་མི་གནས་སྡོད་ཡོད་པ་དང་མེད་པའི་ས་ཁུལ་ནང་དུ་འགྲུལ་བསྐྱོད་རང་དབང་གི་གནས་སྟངས། དེ་བཞིན་སྔ་ལོ་དང་བསྡུར་ན་གནས་སྟངས་ཡར་རྒྱས་ཕྱིན་ཡོད་མིན་བཅས་ལ་ཞིབ་བསྡུར་གྱི་འབྲུ་དོན་བཀོད་དགོས་ཀྱི་ཡོད་པ་རེད། ཟླ་བ་འདིའི་ཚེས་ ༢༤ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་གནས་ཐོག ཨ་རིའི་གྲོས་ཚོགས་སུ་འགོད་འབུལ་ཞུས་པའི་སྙན་ཐོ་འདོན་སྤེལ་གནང་བའི་ནང་དུ། ཕྱི་ལོ་ ༢༠༢༤ ལོར་ཨ་རིའི་གཞུང་འབྲེལ་མི་སྣས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་བསྐྱོད་རྒྱུའི་གཞུང་འབྲེལ་སྙན་ཞུ་ཐེངས་ ༥ ཕུལ་བར་རྒྱ་ནག་གཞུང་གིས་དང་ལེན་བྱས་མེད་པ་མ་ཟད། ཕྱི་ལོ་ ༢༠༢༣ གྱི་ནང་དུའང་སྙན་ཞུ་ཐེངས་ ༣ ལ་ངོས་ལེན་བྱས་མེད་པ་བཅས། གང་ལྟར་ཕྱི་ལོ་ ༢༠༡༩ ནས་བཟུང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་ཨ་རིའི་གཞུང་འབྲེལ་མི་སྣ་གཅིག་ཀྱང་བསྐྱོད་རྒྱུའི་ཆོག་མཆན་སྤྲད་མེད་པ་དང་། དེ་དག་གི་རྐྱེན་པས་ཨ་རིའི་གཞུང་ཚབ་ལས་བྱེད་པ་རྣམས་ལ་བོད་ནང་བསྐྱོད་མཁན་དེ་གའི་མི་སེར་རྣམས་ལ་ཕྱག་རོགས་ཆེད་དུ་བོད་ནང་བསྐྱོད་ཐུབ་མེད་པའི་ཁར། བོད་ནང་གཞུང་ཚབ་ཀྱི་ལས་དོན་སྤེལ་རྒྱུ་དང་ལྷག་པར་དུ་བོད་ནང་གི་གནས་སྟངས་རྟོག་ཞིབ་གནང་རྒྱུ་སོགས་ལ་འགོག་རྐྱེན་ཆེན་པོ་ཕྲད་ཡོད་པ་མངོན་གསལ་གནང་འདུག དེའི་ཁྲོད་ཕྱི་རྒྱལ་ཡུལ་འགྲུལ་པ་རྣམས་ལ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་བསྐྱོད་རྒྱུར་རྒྱ་ནག་གཞུང་ནས་དམིགས་བསལ་ཆོག་མཆན་ཡིག་ཆ་ལེན་དགོས་པ་དང་། མི་རེ་བཟུང་ལ་ཆོག་མཆན་སྤྲད་པ་རྣམས་ལ་གཞུང་གིས་ངོས་ལེན་ཡོད་པའི་འགྲུལ་བཞུད་ལས་ཁུངས་བརྒྱུད་ནས་འགྲུལ་བཞུད་བྱེད་དགོས་པ་དང་། བོད་ནང་ཡོད་སྐབས་རྒྱ་ནག་གཞུང་གིས་བསྐོ་འཛུགས་བྱས་པའི་གནས་ཤན་པའི་ལྷན་དུ་མ་གཏོགས་རང་དབང་ཐོག་འགྲུལ་བསྐྱོད་ཆོག་གི་མེད་པ། ལྷག་པར་དུ་གསུམ་བཅུའི་དུས་དྲན་དང་༸རྒྱལ་བའི་འཁྲུངས་སྐར་ལྟ་བུའི་ཆབ་སྲིད་དང་འབྲེལ་བའི་ཚོར་བ་རྣོ་བའི་དུས་སྐབས་སུ་ཕྱི་མི་གཅིག་ཀྱང་གཏང་གི་མེད་པ། དེའི་ཁྲོད་ཕྱི་ཕྱོགས་ཀྱི་དྲྭ་རྒྱའི་ཐོག་ཤུགས་རྐྱེན་ཡོད་པའི་མི་སྣ་དང་ཁག་གཅིག་ལ་བོད་ནང་བསྐྱོད་བཅུག་པ་དེ་དག་དོ་དམ་ནན་པོའི་འོག་བསྐྱོད་ཡོད་སྟབས།...

མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་དང་འབྲེལ་རྒྱ་གཞུང་ལ་སྐྱོན་བརྗོད་གནང་གལ་ཡིན་པ་གསུངས་འདུག

ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉེ་ལམ་ཕྱི་ཚེས་ ༡༦ ཉིན་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་ཁག་གཅིག་གིས། རྒྱ་ནག་གཞུང་གིས་གསར་དུ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་དེར་བློ་འཚབ་ཤུགས་ཆེ་དང་འབྲེལ་དུས་ཐོག་བསྒྲགས་གཏམ་སྤེལ་བར་དགའ་བསུ་དང་སྦྲགས། དེའི་ཐོག་ནས་མ་འོངས་པར་བོད་མི་དང་ཡུ་གུར་སོགས་རྒྱའི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་ཐོག་ཁྲིམས་མཐུན་གྱི་རྣམ་པའི་ཐོག་ནས་དྲག་གནོན་ཇེ་ཤུགས་ཆེ་རུ་འགྲོ་ངེས་ཡིན་པ་མངོན་གསལ་གནང་འདུག དེ་ཡང་ཕྱི་ཚེས་ ༢༤ ཉིན་ཚོགས་པའི་དྲྭ་གནས་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་ ༡༦ ཉིན་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་ཁག་གཅིག་གིས་རྒྱ་ནག་གཞུང་གིས་གསར་དུ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་དེར་བློ་འཚབ་ཤུགས་ཆེ་བསྟན་པར་དགའ་བསུ་དང་འབྲེལ། ཁྲིམས་ཡིག་དེ་ཉིད་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པས། ཁྲིམས་ཡིག་དེའི་འོག་ནས་རྒྱ་གཞུང་གིས་བོད་མི་དང་ཡུ་གུར། དེ་བཞིན་ནང་སོག་སོགས་གྲངས་ཉུང་མི་རིགས་ཐོག་ཁྲིམས་མཐུན་གྱི་རྣམ་པའི་ཐོག་ནས་དྲག་གནོན་ཇེ་ཤུགས་ཆེ་རུ་གཏོང་ངེས་ཡིན་པའི་ཐོག ཁོང་རྣམ་པའི་སྨྲ་བརྗོད་རང་དབང་དང་། ཤེས་ཡོན་ཐོབ་ཐང་། དེ་བཞིན་ཆོས་དད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་སྔར་ལྷག་རྡོག་རོལ་གཏོང་ངེས་ཡིན་པ་ཐེར་འདོན་གནང་འདུག མ་ཟད། ཁྲིམས་ཡིག་དེས་རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་སྤེལ་གྱི་མིང་འོག་ནས་སློབ་གྲྭ་དང་དགོན་སྡེ། ཞིང་གྲོང་ཁྱོན་ཡོངས་ནང་རྒྱ་སྐད་སློབ་ཁྲིད་གཙོས་རྒྱ་ནག་དམར་གཞུང་ལ་བརྩི་བཀུར་གྱི་སློབ་གསོ་སྤེལ་བ་དང་ཆབས་ཅིག ལྷག་པར་སློབ་གྲྭ་ཁག་ཏུ་བོད་ཡིག་གཙོ་བྱས་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་བྱེད་ཚད་ཉུང་དུ་གཏོང་བ་དེས་གྲངས་ཉུང་མི་རིགས་ཀྱི་རང་སྐད་བཀོལ་སྤྱོད་བྱེད་རྒྱུར་བཀག་སྡོམ་དང་། མི་རབས་གསར་པའི་རིག་གཞུང་གི་ངོ་བོ་ཉམས་དམས་སུ་གཏོང་བའི་ཉེན་ཁ་ཡོད་པ་མངོན་གསལ་གནང་འདུག དེ་བཞིན་སེམས་འཚབ་བྱེད་གཞི་གཙོ་བོ་ནི་ཁྲིམས་ཡིག་གི་གསལ་ཁ་མེད་པའི་ཐ་སྙད་བཀོལ་སྟངས་དེ་ཡིན་ཞིང་། དེ་ཡང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་རིགས་ལ་བཀག་སྡོམ་བྱེད་པ་ཚུད་ཡོད་པས། དེ་ལྟ་བུའི་གསལ་ཁ་མེད་པའི་ཐ་སྙད་བཀོལ་སྟངས་ལས་དབང་འཛིན་པ་རྣམས་ནས་སོ་སོའི་འདོད་མོས་ལྟར་འགྲེལ་བརྗོད་ཀྱིས་སྨྲ་བརྗོད་རང་དབང་དང་། རིག་གཞུང་གི་བྱེད་སྒོ། དེ་བཞིན་ཤེས་ཡོན་གྱི་ལས་དོན་སོགས་ལ་དྲག་གནོན་ཙམ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་རྩ་ཆེན་འཛིན་མཁན་གྱི་ཕ་མ་དང་དགེ་རྒན། དེ་བཞིན་སྐད་ཡིག་ལས་འགུལ་བ་གང་བྱུང་འཛིན་བཟུང་བཀར་ཉར་བྱེད་སྲིད་པ་དང་མཉམ། ཁྲིམས་སྒྲིག་གི་དོན་ཚན་ ༦༣ པའི་ནང་གསལ་ལྟར་ན། ཕྱི་ཕྱོགས་སུ་གནས་སྡོད་བྱེད་བཞིན་པའི་བོད་མི་དང་ཡུ་གུར་མི་རིགས་གཙོས་རྒྱ་ནག་གཞུང་གི་བཙན་གནོན་འོག་ཏུ་ཡོད་པའི་མི་རིགས་རྣམས་ནས། རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་ལ་འགོག་རྐྱེན་བཟོས་ཚེ་རྒྱ་གཞུང་གི་ཁྲིམས་ལུགས་ལྟར་ཉེས་ཆད་ལྕི་མོ་གཅོད་རྒྱུའི་ཁྲིམས་མཐུན་གྱི་དབང་ཚད་སྤྲོད་ཡོད་སྟབས།...

བདེ་སྲུང་ལས་ཁུངས་ཀྱིས་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་གོ་སྒྲིག

འདི་ལོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་གོ་སྟོན་དུས་ཆེན་དང་བསྟུན་ནས། བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཤིག་གོ་སྒྲིག་ཞུས་ཡོད་པ་དང་། སྐབས་དེར་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ཁྲོད་དུ་དངོས་ཤུགས་བརྒྱུད་གསུམ་ནས་ཞུགས་མྱོང་མཁན་གྱི་མི་རབས་རྒན་པ་ཁྱོན་༨༩ ཙམ་ལྷན་འཛོམས་བྱུང་འདུག The post བདེ་སྲུང་ལས་ཁུངས་ཀྱིས་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་གོ་སྒྲིག appeared first on བོད་ཀྱི་བང་ཆེན།.

བོད་དུ་འགྲོ་བར་དམ་དྲག་དང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་ལས་དོན་ཁང་གིས་སྙན་ཐོ་ཞིག་གཞུང་ལ་ཕུལ་ཡོད་འདུག་པ་དང་། སྙན་ཐོ་དེའི་ནང་ད་ལྟ་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་ས་ཁུལ་ཁག་ནས་བོད་སྤྱི་དང་བྱེ་བྲག་བོད་རང་ལྗོངས་ཞེས་པ་དེ་ནང་དམ་དྲག་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་བརྗོད་འདུག The post བོད་དུ་འགྲོ་བར་དམ་དྲག་དང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག། appeared first on བོད་ཀྱི་བང་ཆེན།.